ཆའང་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆའང་ཡིག
ཆའང་ཡིག་ནི་ཆའང་རིགས་ཀྱི་བཀོལ་སྤྱོད་བྱེད་པའི་ཆའང་གི་སྐད་ཡིག་ལ་ཟེར་ཞིང་། ཆའང་སྐད་ནི་རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ད་ལྟའི་ཆའང་སྐད་ལ་གཙོ་བོ་ནི་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་ཡུལ་སྐད་དུ་དབྱེ་ཡོད་པ་དང་། ཡུལ་སྐད་བར་སྐད་བརྡ་འཕྲོད་མི་ཐུབ་པ་དང་། ཆའང་ཡིག་ནི་ཆའང་སྐད་གཅིག་གྱུར་ཡོང་བར་བྱེད་པའི་ཐབས་ཤེས་ཤིག་ཡིན། ད་ལྟར་བེད་སྤྱོད་བྱས་པའི་ཆའང་ཡིག་ནི་རྒྱལ་ཁབ་ཀྱི་གསར་འཛུགས་བྱས་པ་ཡིན་ལ། ས་ཁུལ་ལ་ལར་བེད་སྤྱོད་བྱས་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
羌文
སྐད་ཁུངས།
རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས།
འདྲ་གཟུགས་ཡི་གེ།
ཆའང་རིགས་ཧྲི་པིའི་རི་མོའི་བསྟན་བཅོས།
1 བསྡུས་བཤད། 

ཆའང་ཡིག་ནི་ཆའང་རིགས་ཀྱི་བཀོལ་སྤྱོད་བྱེད་པའི་ཆའང་གི་སྐད་ཡིག་ལ་ཟེར་ཞིང་། ཆའང་སྐད་ནི་རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ད་ལྟའི་ཆའང་སྐད་ལ་གཙོ་བོ་ནི་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་ཡུལ་སྐད་དུ་དབྱེ་ཡོད། ཡུལ་སྐད་བར་སྐད་བརྡ་འཕྲོད་མི་ཐུབ་པ་དང་། ཆའང་ཡིག་ནི་ཆའང་སྐད་གཅིག་གྱུར་ཡོང་བར་བྱེད་པའི་ཐབས་ཤེས་ཤིག་ཡིན། ལ་ལས་ཏང་ཞང་ཆའང་གི་ཡི་གེ་ནི་ཆའང་རིགས་ཀྱི་ཡི་གེ་ཡིན་ཟེར་བ་དང་། ལ་ལས་ཆའང་རིགས་ལ་ལོ་རྒྱུས་ཐོག་ཡི་གེ་མེད་ཡང་ཟེར་ལ། ཡང་ལ་ལས་ཡི་གེ་ཡོད་མོད། འོན་ཀྱང་རྒྱུན་ཆད་པ་རེད་ཟེར། 

2 ཆའང་ཡིག་གསར་གཏོད་བྱས་ཚུལ། 

ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་དང་། སྲིད་གྲོས་ཚོགས་འདུའི་ཐོག་ཆའང་རིགས་ཀྱི་ཡི་གེ་གསར་གཏོད་དགོས་པའི་གྲོས་གཞི་བཏོན་པ་དང་། ལོ་རབས80པའི་རྗེས་སུ་སི་ཁྲོན་ཞིང་ཆེན་དུ་ཆའང་ཡིག་གསར་གཏོད་བྱེད་པའི་ཚོ་ཁག་བཙུགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ཏུ། ཁྲི་པུའུ་སུའུ་ས་ཆའི་ཆུས་ཀུའུ་ཡུལ་ཚོའི་ཧོ་ཞི་སྐད་དེ་ཆའང་སྐད་ཀྱི་ཚད་གཞིའི་སྒྲ་བྱས་པར་གཏན་འཁེལ་བྱས་ཏེ། ཆའང་ཡིག་སྒྲ་སྦྱོར་འཆར་འགོད་གཏན་འབེབས་བྱས་པ་རེད། 

3 ​ཡི་གེ་སྒྲ་སྦྱོར་བྱེད་སྟངས། 

གཅིག ཆའང་ཡིག་ནི་ལ་ཏིང་དབྱངས་གསལ་ཡི་གེ་རྣམ་པའི་སྒྲ་སྦྱོར་ཡི་གེ་ཡིན་པ་དང་། མའོ་རྫོང་ཆུས་ཀུའུ་སྐད་དེ་ཚད་གཞིའི་སྒྲ་འཛིན་པ་རེད།

གཉིས། ཆའང་ཡིག་དབྱངས་གསལ་བསྡོམས་པས26ཡོད། 

ཆེ་བྲིས། ཆུང་བྲིས། སྒྲ་ནུས། དབྱངས་གསལ་གྱི་མིང་། ཆེ་བྲིས། ཆུང་བྲིས། དབྱངས་གསལ་གྱི་མིང་། 

A a [ɑ] a N n [n] nea

B b [p] bea O o [o] o

C c [ʦh] cea P p [ph] pea

D d [t] dea Q q [ʨh] qa

E e [ә] e R r [ʐ] rra

F f [f] eaf S s [s] eas

G g [k] gea T t [th] tea

H h [χ] ha U u [u] u

I i [i] yi V v [X] va

J j [ʨ] jea W w [w] wa

K k [kh] kea X x [ɕ] xi

L l [l] eal Y y [ j ] ya

M m [m] eam Z z [ʦ] zea

གསུམ། གསལ་བྱེད་རྐྱང་བ41ཡོད། 

b [p] z [ts] d [t] zh [tʂ] j [ʨ] g [k] gv [q]

p [ph] c [tsh] t [th] ch [tʂh] q [ʨh] k [kh] kv [qh]

bb [b] zz [dz] dd [d] dh [dʐ] jj [ʥ] gg [g]

m [m] s [s] n [n] sh [ʂ] ny [ȵ] ng [ŋ]

f [f] ss [z] l [l] rr [ʐ] x [ɕ] h [x] v [X] hv [h]

w [w] lh [ɬ] xx [ʑ] hh [ɣ] vv [ʁ] vh [ɦ]

y [j]

བཞི། ཆའང་ཡིག་ལ་དབྱངས་ཡིག་རྐྱང་བ8ཡོད། 

i [i] ea [e] ae [æ] e [ә] a [ɑ] o [o] u [u] iu [y]

ལྔ། སྒྲ་ཚིགས་ལ་རྣམ་པ15ཡོད།  

ཆའང་ཡིག་གི་དཔེར་བརྗོད།

Yuhse Zugvez

Yau jaexxi tozhu vva, zunyi dea rredh zusu vheaji, rragv segvueayu, jivvua la zu xji sedea, megvelej mingggu bena rrvvugv da deshgva, sseb jeajji la bbus, bieada ddeaxxi, mi hveaxxi maf, ssedu lhea madh.

Yau sduembuji rrmuzu nyi zu nyigea ehzhes ngu dhedh-dhe. Yau jeajji la hhssej dhuwu uhsus, mesh selea edhes ngu sdesda, ssuxxi ngggu Gun hvag yi.

Gun zu gvez hvala. Gvubu zu sela nyi vlheji ehzhe, zukvaz dehlhiea nyi zued. Geabbel. Rrggub deshba nyi zu emehzh meaqi zu jigvers dejibbar.

Shun rrmu ji vhazzw du, Gun zu hzhe madh ngu xi, Gun ssezhua nyi vhazh. Mesh Gunj-ji Yu ddeada zu ehzh gen yiw.

Yu eab dea nyi eag-gea gea mabbel, zuvul setea nyi zu ta selhi.

Hveasib deshba nyi, sseb vva zu vheaxirr, rragv desh.

Yu sdezh gea zuhzu, hveasib vva dhwgvbu da hsivuei ddagva nyi, jigwda avuei la emegva. Avuei vva gvubu zaem bbea ddea ji ew durrggu nyi. Yu dhugvbu dda vvua sda zeahvinn gveay em du, ddacha nyi ddufu. Zaembbea nya jumi vheamezeaj ge.

Yu rrmuj gvuwea xi, mesh gvubu rrmuji vhazzw. Mi gvubuj hsejl jorwu dehlhea nyi gvubu sdesde.

Yu zea rrmea ngu wa.

4 ས་གནས་ཀྱི་ཆའང་ཡིག

ས་གནས་ཀྱི་ཆའང་ཡིག་ནི་ཀུན་ཏུ་ཁྱབ་མེད་པ་དང་། ས་གནས་ཉུང་ཤས་ཡང་ན་མི་ཁ་ཤས་ཀྱིས་བདག་བཟུང་བྱས་ཡོད་པ་དང་། ལ་ལ་རྒྱུན་ཆད་པ་རེད། 

འདྲ་གཟུགས་ཡི་གེ། སྐད་གྲགས་ཆེ་བའི་ཆའང་རིགས་ཧྲི་པིའི་རི་མོའི་བསྟན་བཅོས་ཐོག་ཏུ་ཡོད་པ་དང་། དེར་མ་ཟད་ད་རུང་རིགས་མི་འདྲ་བའི་འདྲ་གཟུགས་ཡི་གེ་ཡོད། དེ་དག་མང་ཤོས་ཧྲི་པི་ཡིས་བདག་བཟུང་བྱས་ཡོད་པ་རེད། 

སྒྲ་སྦྱོར་ཡི་གེ། སྒྲ་སྦྱོར་ཡི་གེ་ལ་ལྷོ་རྒྱུད་ཀྱི་ཡུལ་སྐད་དང་བྱང་ཕྱོགས་ཀྱི་ཡུལ་སྐད་སོ་སོ་གཙོ་བོར་འཛིན་པའི་རིགས་གཉིས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།