ཡིང་ཕན་ཧྲན་གྱི་རྗེས་ཤུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིང་ཕན་ཧྲན་གྱི་རྗེས་ཤུལ།
ཡིང་ཕན་ཧྲན་གྱི་རྗེས་ཤུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མའོ་རྫོང་གི་ཧྥེང་དབྱི་གྲོང་རྡལ་ཤར་ཕྱོགས་སུ་སྤྱི་ལེ2.5བར་གནས་ཡོད། རྡོ་ཆས་གསར་བའི་སྐབས་ནས་མིང་ཆིང་སྐབས་ཀྱི་རིག་གནས་རྗེས་ཤུལ་ཞིག་ཡིན། ད་ལྟའི་བར་རྨིན་ཅང་གཙང་བོའི་སྟོད་རྒྱུད་ས་ཁུལ་དུ་ཤེས་བའི་ས་ཁུལ་རིག་གནས་རིགས་ཀྱི་རྗེས་ཤུལ་ནང་གི་རྒྱ་ཁྱོན་ཆེས་ཆེ་བ་དང་། གནའ་རྫས་རྟོག་ཞིབ་རྒྱ་ཁྱོན་ཆེས་ཆེ་བ། ཤུལ་བཞག་ཆེས་མང་བའི་རིག་གནས་རྗེས་ཤུལ་ཞིག་ཡིན་པ་དང་། གནའ་ཧྲུའུ་དང་མ་ཅ་ཡའོ་རིག་གནས། ཡང་ཡོན་རིག་གནས་བར་གྱི་འབྲེལ་བ་ལ་བརྟག་དཔྱད་བྱེད་པར་ལ་ཚན་རིག་རིན་ཐང་གལ་ཆེན་ཡོད། སྤྱི་ལོ2003ལོར་ཡིང་ཕན་ཧྲན་རྗེས་ཤུལ་དེ་རྒྱལ་ཡོངས་རྗེས་ཤུལ་གནད་ཆེན་གྱི་ཚན་རིག་ཞིབ་འཇུག་བྱས་པའི་རྣམ་གྲངས་ཁྲོད་བཞག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
营盘山遗址
གནས་ཡུལ།
སི་ཁྲོན་རྔ་བ་ཁུལ་མའོ་རྫོང་གི་ཧྥེང་དབྱི་གྲོང་རྡལ།
ཁོངས་གཏོགས་དུས་རབས།
རྡོ་ཆས་གསར་བའི་སྐབས་ནས་མིང་ཆིང་སྐབས།
སྤྱིའི་རྒྱ་ཁྱོན།
སྨི་གྲུ་བཞི་མ་ཁྲི15ལྷག་ཡོད།
སྔོག་འདོན་ལོ་དུས།
དུས་རབས21
གོ་གནས།
ཞིང་ཆེན་ཡོངས་ཀྱི་རིག་རྫས་སྲུང་སྐྱོང་གནད་ཆེའི་ལས་ཁུངས་ཡིན།
1 ངོ་སྤྲོད།

ཡིང་ཕན་ཧྲན་གྱི་རྗེས་ཤུལ་ནི་རྡོ་ཆས་གསར་བའི་སྐབས་ནས་མིང་ཆིང་སྐབས་བར་གྱི་རིག་གནས་རྗེས་ཤུལ་ཞིག་ཡིན་ལ། ས་འོག་ནས་ཐོན་པའི་རིག་རྫས་ལ་སི་ཁྲོན་ས་ཁུལ་དུ་ཤེས་པའི་ཆེས་སྔ་བའི་རྫ་རིགས་འཇིམ་བརྐོས་ཀྱི་སྒྱུ་རྩལ་ཐོན་རྫས་དང་། རྒྱལ་ནང་དུ་ཤེས་པའི་དུས་རབས་ཆེས་སྔ་བའི་མིའི་ཐབས་ཀྱིས་རྒྱ་མཚལ་སྤྱོད་པའི་ཤུལ་བཞག འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཤེས་པའི་དུས་རབས་ཆེས་སྔ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་རྫ་བཟོས་ས་ཕུག་སོགས་འདུས་ཡོད། དེ་ནི་གནའ་ཡི་རིག་གནས་ཁྱབ་སྤེལ་དང་མི་རིགས་གྲུབ་ཚུལ། གནས་སྤོས། མཉམ་འདྲེས་བཅས་དང་ཁྲེང་ཏུའུ་བདེ་ཐང་དང་ཧྲན་ཞིང་ཏུའེ་བར་གྱི་འབྲེལ་བ་གསལ་བོར་རྟོགས་པའི་ཐབས་ལམ་ཡིན། ད་རུང་གནའ་ཧྲུའུ་དང་མ་ཅ་ཡའོ་རིག་གནས། ཡང་ཡོན་རིག་གནས་བར་གྱི་འབྲེལ་བར་བརྟག་དཔྱད་བྱེད་པར་ཚན་རིག་གི་རིན་ཐང་གལ་ཆེན་ཡོད། 

2 ས་བབ།

ཡིང་ཕན་ཧྲན་གྱི་རྗེས་ཤུལ་ནི་རྨིན་ཅང་གཙང་བོའི་སྟོད་རྒྱུད་ཀྲུང་གོའི་ལྷོ་ནུབ་འཕྲེད་རྒྱུག་རི་རྒྱུད་ཀྱི་རི་ཁུལ་མའོ་རྫོང་ཧྥེང་དབྱི་གྲོང་རྡལ་དུ་གནས་ཡོད། ལེབ་ངོས་ནི་སྐས་དབྱིབས་ཡིན་ལ། ཤར་ནུབ་ཞེང་ཚད་ལ་སྨི120ནས200དང་། ལྷོ་བྱང་རིང་ཚད་ལ་སྨི1000ལྷག་ཡོད། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི15བཅས་ཡོད། རྗེས་ཤུལ་གྱི་ཤར་ཕྱོགས་ནི་གྲོག་རོང་དབྱང་ཝུའུ་ཀུའོ་ཡིན། བྱང་ཤར་དང་། བྱང་། ནུབ་བཅས་ཕྱོགས་གསུམ་ཀ་རྨིན་ཅང་གཙང་བོས་བསྐོར་ཡོད། རྗེས་ཤུལ་གྱི་ཤར་ཕྱོགས་ནས་མའོ་རྫོང་གྲོང་ཁྱེར་བར་ལ་སྤྱི་ལེ2.5ཡོད། མཚོ་ངོས་ལས་མཐོ་ཚད་ནི་སྨི1650ནས1710བར་ཡིན། རྨིན་ཅང་རོང་ཁུལ་ལས་སྨི160ལྷག་མཐོ་བ་དང་། རྒྱབ་ནི་རི་བོ་རྩེ་དགུ་ལ་བརྟེན་པ་དང་། རྨིན་ཅང་གཙང་བོའི་འགྲམ་ན་གནས་ཡོད། 

3 ས་འོག་ནས་ཐོན་པའི་རིག་རྫས། 

.jpgཡིང་ཕན་ཧྲན་གྱི་རྗེས་ཤུལ་གྱི་རིག་གནས་གསོག་ཚད་ཧ་ཅང་ཕྱུག་ལ། རིག་གནས་བང་རིམ་ཆེས་ཟབ་ས་ལ་སྨི2.2ཡོད། གོང་རིམ་ནི་ཁྲུན་ཆིའུ་ཀྲན་ཀོའུ་སྐབས་ཀྱི་རྡོའི་དུར་སྒམ་གྱི་རྗེས་ཤུལ་ཡིན། ཡིང་ཕན་ཧྲན་རྗེས་ཤུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི15ནང་དུ་རྡོའི་དུར་སྒམ་བསྡོམས་པས་ཁྲི་ལྷག་ཡོད། སྔོག་འདོན་བྱས་པའི་དུར་སྒམ150ནང་དུ་རྫ་ཆས་དང་། ཟངས་ཆས། གཡུ་རྡོ་ཆས་སོགས་ཀྱི་དུར་རྫས་ཡོད། འོག་རིམ་ནི་ནང་དོན་ཕྱུག་པའི་རྡོ་ཆས་གསར་བའི་སྐབས་ཀྱི་རྗེས་ཤུལ་ཡིན་ཏེ། དེའི་སྐབས་ཀྱི་ཁང་བའི་མ་གཞིའི་རྗེས་ཤུལ11དང་། མི་མཆོད་དོང9དང་། གོ་ཐལ་གསོག་དོང120དང་། ས་ཕུག4དང་ཐབ་དོང13སོགས་ཡོད། 

4 གནའ་རྫས་རྟོག་ཞིབ། 

རྗེས་ཤུལ་ལས་ཐོན་པའི་གནའ་རྫས་དང་ཤུལ་བཞག་ལས་ཡིང་ཕན་ཧྲན་གྱི་མེས་བོ་ཚོས་གཏན་སྡོད་བྱས་ནས་ཞིང་རྨོ་ལས་རིགས་གཙོ་བོ་འཛིན་པའི་འཚོ་བ་བྱེད་སྟངས་ཚོད་དཔག་བྱེད་ཐུབ། དཔེར་ན་རྗེས་ཤུལ་དུ་མཐོང་བའི་ཁུག་མ་དབྱིབས་ཀྱི་ཐལ་དོང་ནི་འབྲུ་རིགས་དང་དངོས་རྫས་གཞན་པ་ཉར་ཚགས་བྱེད་པའི་དོང་བ་ཡིན། དེ་ལས་སྐབས་དེར་ཞིང་ལས་ཐོན་རྫས་མང་བ་ཤེས་ཐུབ། རྗེས་ཤུལ་ལས་ཐོན་པའི་རི་དྭགས་རྔོན་པའི་རྡོའི་སྤོ་ལོ་དང་། རྡོ་དང་རུས་བཅས་ཀྱི་མདའ་ཤུབས་སོགས་ལས་ཡང་རི་དྭགས་རྔོན་པའི་བྱེད་སྒོ་སྤེལ་ཡོད་པ་མཚོན་ཐུབ། ས་འོག་ལས་ཐོན་པའི་རྡོ་ཆས་ལས་སྐབས་དེར་རྡོ་ཆས་ལས་སྣོན་ནི་ལག་ཤེས་བཟོ་ལས་ཀྱི་སྣེ་ཁ་གཅིག་ཡིན་པར་མཚོན། ཐལ་དོང་གི་མཐིལ་ནས་དམར་མདོག་གི་ཚོས་བརྒྱབ་པའི་རྡོ་དང་། རྫ་ཆས་ཁ་ཤས་ཀྱི་ནང་ཁོག་ཏུ་ཡང་དེ་དང་འདྲ་བའི་ཚོས་བརྒྱབ་པ་དང་། དུར་རྫས་ཐོག་ལ་ཡང་དམར་ཚོས་བརྒྱབ་པ་ལས། དམར་མདོག་ལ་དད་པའི་གོམས་སྲོལ་ཡོད་པ་ཤེས་ཐུབ་། དེ་མ་ཚད་ཡིང་ཕན་ཧྲན་ལས་ཐོན་པའི་དམར་མདོག་བྱུག་པ་དེ་ནི་མིག་སྔར་གནའ་རྫས་རྟོག་ཞིབ་ཁྲོད་དུ་རྒྱ་མཚལ་བེད་སྤྱོད་ཆེས་སྔ་བའི་དཔེར་དངོས་ཡིན། ཚོན་རྫའི་སྤུས་ཚད་དང་འཁྱུག་རིས་སོགས་ལས་དེའི་སྐབས་ཀྱི་ཚོན་རྫ་ལས་སྣོན་སྒྱུ་རྩལ་གྱི་ཆུ་ཚད་ཡང་ཧ་ཅང་མཐོ་བ་དང་། མི་མཆོད་ལམ་ལུགས་སོགས་ནི་ཁོ་ཚོའི་བསམ་པའི་འཚོ་བའི་ཁྱབ་ཁོངས་ཀྱི་ནང་དོན་གཙོ་བོ་ནང་གི་ཁག་གཅིག་ཡིན། 

5 ལོ་རྒྱུས་ཀྱི་དགེ་མཚན། 

རྔ་བ་ཁུལ་གྱི་ལོ་རྒྱུས་ལོ6000སྔོན་དུ་ལྡོག་རྩིས་བརྒྱབ་ནས་ནང་དོན་ཕུན་སུམ་ཚོགས་པའི་རྔ་བའི་ལོ་རྒྱུས་དེ་ལས་ཀུན་འཛོམས་བྱས་ཤིང་། དེ་ནི་ཧྭ་ཞ་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་དཔལ་ཡོན་གྱི་འབྱུང་ཁུངས་དང་སྔ་དུས་ཀྱི་དར་སྤེལ་སོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། ལོ5000སྔོན་གྱི་འབྲི་ཆུའི་སྟོད་རྒྱུད་ས་ཁུལ་ཚང་མའི་རིག་གནས་འཕེལ་རྒྱས་ཀྱི་ཆེས་མཐོ་བའི་ཆུ་ཚད་མཚོན་ཡོད། དེའི་མི་ཚད་ཡིང་ཕན་ཧྲན་རྗེས་ཤུལ་གྱིས་སན་ཞིང་ཏུའེ་དད་ཅིན་ཧྲ་དཔལ་ཡོན་གྱི་འབྱུང་ཁུངས་རྟོག་ཞིབ་བྱེད་པ་ལ་ཁུངས་སྣེ་གསར་བ་བཏོན་པར་ཧ་ཅང་གལ་ཆེན་བའི་ཚན་རིག་གི་རིན་ཐང་ལྡན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།