མའོ་རྫོང་སློབ་འབྲིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མའོ་རྫོང་སློབ་འབྲིང་།
མའོ་རྫོང་སློབ་འབྲིང་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་རིམ་པའི་མཐོ་དམའ་གཉིས་ལྡན་གྱི་སློབ་འབྲིང་དང་བོ་ཡིན་ལ། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ82500ཡོད། མཐོ་འབྲིང་སློབ་གསོ་དང་དམའ་འབྲིང་སློབ་གསོ་གཉིས་སུ་བགོས་ཡོད། དགེ་བཟོ་བ234དང་། སློབ་མ2900དང་། འཛིན་གྲྭ56བཅས་ཡོད་པ་དང་། དེ་ནི་ཁུལ་ཡོངས་སུ་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་འབྲིང་སློབ་གྲྭ་ཞིག་ཡིན། སྤྱི་ལོ1941ལོར་བཙུགས་ཤིང་། སྤྱི་ལོ2005ལོའི་བར་མའོ་རྫོང་སློབ་འབྲིང་ནས་མཐོ་དམའ་འབྲིང་གི་སློབ་མ་བསྡོམས་པས་སྐབས55མཐར་ཕྱིན་སོང་བ་དང་། མཐོ་རིམ་སློབ་གྲྭ་ལ་ཚད་མཐུན་མི་སྣ8000ལྷག་སྐྱེལ་ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
茂县中学
ཕྱི་ཡིག་གི་མིང་།
Maoxian Middle School
རིགས་དབྱེ།
རྒྱལ་གཉེར་སློབ་འབྲིང་།
གནས་ཡུལ།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི་རྒྱལ་ཁབ་རིམ་པའི་གཞུང་ལམ302ལམ་ཐིག་མའོ་རྫོང་མི་རིགས་སྨན་ཁང་གི་ཤར་ལྷོར་གནས་ཡོད།
གཙོ་གཉེར་སྡེ་ཁག
མའོ་རྫོང་སློབ་གསོ་ཅུས།
སློབ་གྲྭའི་གདམ་ཚིག
རང་དབང་། འཆམ་མཐུན། འཕེལ་རྒྱས། གསར་གཏོད།
1 ངོ་སྤྲོད།

མའོ་རྫོང་སློབ་འབྲིང་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་རིམ་པའི་མཐོ་དམའ་གཉིས་ལྡན་གྱི་སློབ་འབྲིང་དང་བོ་ཡིན་ལ། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ82500ཡོད་པ་དང་། མཐོ་འབྲིང་སློབ་གསོ་དང་དམའ་འབྲིང་སློབ་གསོ་གཉིས་སུ་བགོས་ཡོད་པ་དང་། དགེ་བཟོ་བ234དང་། སློབ་མ2900དང་། འཛིན་གྲྭ56བཅས་ཡོད། དེ་ནི་ཁུལ་ཡོངས་སུ་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་འབྲིང་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གྲྭ་འདི་ནི་སྔར་གྱི་མའོ་ཟུང་ལིས་ཝུན་རྫོང་གི་དམའ་རིམ་སློབ་འབྲིང་བྱ་བ་དེ་ཡིན་པ་དང་། སྤྱི་ལོ1946ལོར་མའོ་རྫོང་གི་དམའ་རིམ་སློབ་འབྲིང་དུ་བསྒྱུར། སྤྱི་ལོ1949ལོར་མཐོ་འབྲིང་གི་སློབ་མ་བསྡུ་ལེན་བྱས་ཤིང་། སྤྱི་ལོ1950ལོར་རྫོང་མི་དམངས་སྲིད་གཞུང་གིས་དོ་དམ་བྱས་ནས་མའོ་རྫོང་སློབ་འབྲིང་དུ་བསྒྱུར། སྤྱི་ལོ1958ལོར་ཝུན་ཁྲོན་དང་། ལིས་རྫོང་། མའོ་རྫོང་བཅས་རྫོང་གསུམ་གཅིག་ཏུ་སྒྲིལ་ནས་མའོ་རྫོང་སློབ་འབྲིང་ཡང་མའོ་ཝུན་སློབ་འབྲིང་དང་བོར་བསྒྱུར། སྤྱི་ལོ1978ལོའི་ཟླ10པའི་ཚེས16ཉིན་མའོ་རྫོང་སློབ་འབྲིང་དེ་རྔ་བ་ཁུལ་གྱི་སློབ་འབྲིང་གནད་ཆེན་དུ་གཏན་འཁེལ་བྱས་ཤིང་། སྤྱི་ལོ1988ལོར་སློབ་གྲྭས་སྔར་གྱི་མིང་མའོ་རྫོང་སློབ་འབྲིང་ཞེས་པ་དེ་བཀོད་སྤྱོད་བྱེད་འགོ་ཚུགས། སྤྱི་ལོ2001ལོར་སྔར་མའོ་རྫོང་གི་ཧྲེན་ཀྲེན་ཧྥུའུ་ཐན་རེ་འདུན་སློབ་འབྲིང་དང་གཅིག་ཏུ་བསྡུས་ནས་སློབ་ཁུལ་གཉིས་ཡོད་པའི་མའོ་རྫོང་སློབ་འབྲིང་གསར་བ་བསྐྲུན་པ་རེད། 

2 རྨང་གཞིའི་སྒྲིག་ཆས། 

སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ82500ཡོད་པ་དང་། དམའ་འབྲིང་སློབ་གསོ་སྤེལ་ཁུལ་དང་མཐོ་འབྲིང་སློབ་གསོ་སྤེལ་ཁུལ་གཉིས་སུ་བགོས་ཡོད། སྤྱི་ལོ2001ལོར་མི1200ལྷག་ཤོང་ཐུབ་པའི་སློབ་མའི་སྡོད་ཤག་དང་ཟ་ཁང་གསར་དུ་བསྐྲུན། གློག་ཀླད་ཁང་དང་། སྨྱན་མང་གཟུགས་སློབ་ཁང་། དགེ་རྒན་གློག་རྡུལ་སློབ་ཁྲིད་གྲ་སྒྲིག་ཁང་། སློབ་རའི་དྲ་རྒྱ་སོགས་བཀོད་སྒྲིག་བྱས་ཤིང་། མ་དངུལ་སྒོར་ཁྲི376.8བཏང་ནས་རྒྱལ་སྤྱིའི་འགྲན་བསྡུར་ཚད་གཞི་དང་མཐུན་པའི་འགྱིག་གི་ལུས་རྩལ་ཐང་སྨི400ཅན་ཡོད། ཟླ་སྒྲིལ་བཏང་རྗེས་ཀྱི་མའོ་རྫོང་སློབ་འབྲིང་གིས་སློབ་གྲྭའི་སྲ་ཆས་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དང་མི་གྲངས1200བསྡུ་ཐུབ་པའི་སློབ་མའི་སྡོད་ཤག་དང་ཟ་ཁང་གསར་དུ་བསྐྲུན་པ་དང་། སྒྲིག་ཆས་གསར་པ་བཅས་ཀྱི་རྩིས་འཁོར་ཁང་དང་། བརྒྱུད་ལམ་སྣེ་མང་སློབ་ཁང་། དགེ་རྒན་གློག་རྡུལ་སློབ་ཁྲིད་གྲ་སྒྲིག་དང་། སློབ་གྲྭའི་དྲ་བ་དང་། སྐད་སྒྲ་ཁང་དང་། ཉམས་ཞིབ་ཁང་། རོལ་དབྱངས་ཁང་། མཛེས་རིས་ཁང་། དཔེ་མཛོད་ཁང་ཡང་སི་ཁྲོན་ཞིང་ཆེན་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་ཟིན་ཚོད་སྐོར་གྱི་ཚད་གཞིའི་བླང་བྱ་ལྟར་འཛུགས་སྐྲུན་བྱས་ཡོད།  

3 སློབ་སྒྲུབ་ཐབས་ལམ། 

སློབ་གྲྭས་རྣམ་པ་ཀུན་ཏུ་མི་གསོ་སྦྱོང་བྱེད་པ་རྩ་བར་བཟུང་ནས་སྤྱོད་ཡོན་གྱིས་སློབ་གྲྭ་སྐྱོང་བ་དང་། སློབ་མ་གཙོ་བོར་བཟུང་ནས་སྤུས་ཚད་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་བྱེད་པ། དགེ་རྒན་རྩ་བར་བཟུང་ནས་ཚན་རིག་ཞིབ་འཇུག་གིས་སློབ་གྲྭ་དར་སྤེལ་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་སུ་འཕེལ་རྒྱས་འགྲོ་བ་ཡི་སློབ་སྒྲུབ་འདུ་ཤེས་དང་། མིའི་སྤྱོད་ཚུལ་འཛིན་སྟངས་དང་། ཤེས་བྱ་སློབ་གཉེར། འཚོ་བ་རོལ་སྟངས། གསར་གཏོད་བཅས་ཤེས་པ་དང་། སློབ་མ་ལ་རྒྱ་ཆེ་བའི་འཕེལ་རྒྱས་ཁོར་ཡུག་གསར་འཛུགས་བྱས་ཏེ། ཚང་མ་ནི་སློབ་མའི་འཕེལ་རྒྱས་ཡོང་བའི་ཆེད་དུ་ཡིན་ཞེས་པའི་སློབ་གསོའི་འདུ་ཤེས། འཆམ་མཐུན་དང་། རང་དབང་། འཕེལ་རྒྱས། གསར་གཏོད་ཅེས་པ་སློབ་གྲྭའི་གདམས་ཚིག་ཏུ་བཞག་ནས་སློབ་མའི་ཕྱོགས་ཡོངས་ཀྱི་བདེ་ཐང་དང་མི་ཚེའི་འཕེལ་རྒྱས་ནི་སློབ་གྲྭའི་བྱ་བ་ཡོད་ཚད་ལས་གཙོ་གནད་དུ་འཛིན་པ་དང་། སློབ་གསོའི་འདུ་ཤེས་གསར་བརྗེ། སློབ་གསོའི་ཐབས་ལམ་གསར་གཏོད་བཅས་བྱས་ནས་སློབ་གསོའི་སྤུས་ཚད་དེ་ཏན་ཏིག་གིས་མཐོར་འདེགས་བཏང་སྟེ། སྲིད་འཛིན་དོ་དམ་མི་སྣས་དོ་དམ་ནན་མོ་བྱས་ནས། སློབ་གྲྭའི་དོ་དམ་ལམ་ལུགས་ཚད་ལྡན་དུ་གཏོང་དགོས། 

4 སློབ་སྒྲུབ་ཁྱད་ཆོས།

ལུས་རྩལ་སློབ་གསོ་ནི་མའོ་རྫོང་སློབ་འབྲིང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་ཡིན་པས། སྤྱི་ལོ1991ལོར་རྔ་བ་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭའི་མཆོང་རྒྱུག་འཕེན་གསུམ་དཔུང་སྡེའི་སློབ་གྲྭར་བཙུགས་པ་དང་། དཔུང་སྡེ་ཡིས་ཁུལ་དང་། ཞིང་ཆེན། རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་རིགས་སོ་སོར་སྔོན་ཐོན་གྱི་གྲུབ་འབྲས་བླངས་མྱོང་བ་དང་། ཉེ་དུས་ཀྱི་ལོ10ཡི་རིང་དུ་ཐེངས་མང་བོར་རྒྱལ་ཁབ་དང་ཞིང་ཆེན་བཅས་ཀྱི་ལུས་རྩལ་སྔོན་ཐོན་ཚོགས་ཁག་ཏུ་བདམས། 

5 གཡུར་ཟའི་འབྲས་བུ།

ལོ་དྲུག་ཅུ་ལྷག་གི་རིང་ལ་མའོ་རྫོང་སློབ་འབྲིང་གིས་ཤེས་ལྡན་མི་སྣ་མང་བོ་གསོ་སྐྱོང་བྱས་ཡོད། དཔེར་ན་ཕྱི་རྒྱལ་དུ་འབུམ་རམས་པ་ལིའུ་ཀུའོ་ཨེན། རྒྱལ་ཁབ་མི་རིགས་སློབ་གསོ་སི་ཡི་སི་ཀྲང་གཞོན་པ་ཀྲོའུ་ཝང་ཡུན། ཧྲང་ཧའེ་གླུ་དབྱངས་སློབ་གླིང་གི་དགེ་རྒན་གླུ་བ་གྲགས་ཅན་ལིའོ་ཁྲང་ཡུང་བཅས་ཤེས་ལྡན་མི་སྣ་གྲགས་ཅན་མང་བོ་གསོ་སྐྱོང་བྱས་ཤིང་། སྤྱི་ལོ2002ལོར་རྔ་བ་ཁུལ་དཔེ་སྟོན་རང་བཞིན་གྱི་སློབ་འབྲིང་དང་། སྤྱི་ལོ2003ལོར་རྔ་བ་ཁུལ་སློབ་གྲྭ་ཆུང་འབྲིང་དེང་རབས་ལག་རྩལ་དཔེ་སྟོན་སློབ་གྲྭ། རྔ་བ་ཁུལ་སློབ་གྲྭ་ཆུང་འབྲིང་ཚོད་ལྟ་སློབ་ཁྲིད་ཀྱི་དཔེ་སྟོན་སློབ་གྲྭ། སི་ཁྲོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་དེང་རབས་སློབ་གསོ་ལག་རྩལ་དཔེ་སྟོན་སློབ་གྲྭ། སི་ཁྲོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་ཚོད་ལྟའི་སློབ་ཁྲིད་ཀྱི་དཔེ་སྟོན་སློབ་གྲྭ་བཅས་སུ་བདམས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-30

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།