ཙུའོ་ཁྲང་ཆི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙུའོ་ཁྲང་ཆི། ཕོ། ཆའང་རིགས། སྤྱི་ལོ1941ལོར་མའོ་རྫོང་ཅའོ་ཁྲང་ཡུལ་ཚོ་ལུང་ཁྲི་གྲོང་ཚོར་སྐྱེས་ཤིང་། སྤྱི་ལོ1956ལོར་ལས་ཀར་ཞུགས་པ་དང་། སྤྱི་ལོ1956ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། རྗེས་ནས་རྫོང་རིམ་པའི་འགོ་ཁྲིད་ཀྱི་འགན་བཞེས་པའི་སྐབས་སུ་ཆའང་རིགས་ཀྱི་ས་ཆ་སོ་སོར་སོང་ནས། ཆའང་རིགས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་དང་རི་སྐེད་མཐོ་བའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་ལྟེ་གནས་བཙུགས་པ་དང་། ཆུ་གློག་ཐོན་ལས་དང་ཟད་གྲོན་ཆེ་བའི་བཟོ་ལས་གསར་སྤེལ་བྱས་ཤིང་། འགྲིམ་འགྲུལ་འཕྲིན་སྐྱེལ་འཛུགས་སྐྲུན་དང་དམངས་འཐུས་ལྟ་སྐུལ་བཅས་ཀྱི་ལས་ཀའི་ཐད་རྔུལ་ཆུ་འབོར་ཆེན་བཏོན་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་བྱས་རྗེས་མང་བོ་བཞག་ཡོད། སྤྱི་ལོ1996ལོའི་ཟླ1པའི་ཚེས18ཉིན་ཧྲི་ཀུའུ་ཡུལ་ཚོའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཅི་ཡུས་གཏེར་ཆུ་གསར་སྤེལ་བྱེད་སའི་ལས་ཀ་ལ་ལྟ་ཞིབ་འགྲོ་བའི་ལམ་བར་དུ་རླངས་འཁོར་ཆག་སྒོ་བྱུང་སྟེ་སྐུ་གྲོངས། སྐབས་དེར་དགུང་ལོ55ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
左昌其
ཕྱི་ཡིག་གི་མིང་།
Zuo Chang Qi
མི་རིགས།
ཆའང་རིགས།
སྐྱེས་ཡུལ།
མའོ་རྫོང་ཅའོ་ཁྲང་ཡུལ་ཚོ་ལུང་ཁྲི་གྲོང་ཚོར་སྐྱེས།
སྐྱེས་འདས་ལོ།
སྤྱི་ལོ(1941-1996)
བྱས་རྗེས་གཙོ་བོ།
མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་སྤེལ་བྱས་པ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1956ལོའི་ཟླ3པར་ནས་སྤྱི་ལོ1959ལོའི་ཟླ8པའི་བར་མའོ་རྫོང་ཅའོ་ཁྲང་ཆུས་ཀུང་སུའོ་ཡི་གསར་འགྱུར་འབྲི་མཁན་བྱས་ཤིང་། དེའི་བར་རྔ་བ་ཁུལ་མི་རིགས་ལས་བྱེད་སློབ་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1959ལོའི་ཟླ9བར་ནས་སྤྱི་ལོ1961ལོའི་ཟླ8པའི་བར་མའོ་ཝུན་རྫོང་ཞིབ་དཔྱོད་ཁང་གི་ལས་བྱེད་བྱས་ཤིང་། དེའི་བར་ལྷོ་ནུབ་མི་རིགས་སློབ་གླིང་གི་ཁྲིམས་འཛིན་སྡེ་ཁག་གི་ཞིབ་དཔྱོད་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1961ལོའི་ཟླ9བར་ནས་སྤྱི་ལོ1973ལོའི་བར་མའོ་ཝུན་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་དང་། ཧྲུ་པ་མངགས་གཏོང་ཁང་གི་འགོ་ཁྲིད་གཞོན་པ་དང་། ཧྥེང་དབྱི་མངགས་གཏོང་ཁང་གི་འགོ་ཁྲིད་བཅས་ཀྱི་འགན་བཞེས།

སྤྱི་ལོ1973ལོ་ནས་སྤྱི་ལོ1978ལོའི་ཟླ1པའི་བར་ཀྲུང་གུང་ཧྥེང་དབྱི་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲ་པ་ཆུས་ཨའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 

སྤྱི་ལོ1978ལོའི་ཟླ2པར་ནས་སྤྱི་ལོ1981ལོའི་ཟླ4བའི་བར་མའོ་ཝུན་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱི་ལས་ཚབ་བྱས།

སྤྱི་ལོ1981ལོའི་ཟླ5བར་མའོ་ཝུན་རྫོང་གི་སྐབས་ལྔ་བའི་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་ཀྲུང་གུང་མའོ་ཝུན་རྫོང་གི་རྫོང་ཨུའི་རྒྱུན་ཨུར་བདམས།

སྤྱི་ལོ1982ལོའི་ཟླ5བར་ནས་སྤྱི་ལོ1986ལོའི་ཟླ12པར་ཀྲུང་གུང་མའོ་ཝུན་རྫོང་རྫོང་ཨུའི་རྒྱུན་ཨུ་དང་། ཧྲུའུ་ཅི་གཞོན་པ། མའོ་ཝུན་རྫོང་གི་སྐབས་ལྔ་བ་དང་དྲུག་པ་བཅས་ཀྱི་མི་དམངས་སྲིད་གཞུང་གི་རྫོང་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1987ལོའི་ཟླ1པར་ནས་སྤྱི་ལོ1992ལོའི་ཟླ11བར་ཀྲུང་གུང་ལིས་རྫོང་རྫོང་ཨུའི་རྒྱུན་ཨུ་དང་། ཧྲུའུ་ཅི་གཞོན་པ། ལིས་རྫོང་སྐབས་དྲུག་པ་དང་བདུན་པའི་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ1992ལོའི་ཟླ12པར་ཀྲུང་གུང་མའོ་རྫོང་རྫོང་ཨུའི་རྒྱུན་ཨུ་དང་། མའོ་རྫོང་དམངས་འཐུས་སྐབས་བཅུ་བའི་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པ་དང་། དེའི་བར་ཡང་རྔ་བ་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་ལྔ་བ་དང་དྲུག་པ། བརྒྱད་པ་བཅས་ཀྱི་འཐུས་མིར་བདམས་པ་དང་། སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བདུན་པ་དང་བརྒྱད་པའི་འཐུས་མི་དང་སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བདུན་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་སུ་བདམས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།