ནོར་ནག་དཔལ་འབྱོར་སྤེལ་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ2003ལོའི་ཟླ6པར་ནོར་ནག་དཔལ་འབྱོར་སྤེལ་ཁུལ་འཛུགས་སྐྲུན་བྱ་རྒྱུ་འཆར་འགོད་དང་ལག་བསྟར་བྱས་ཤིང་། ཟླ་བ6པའི་ནང་ནོར་ནག་སྤེལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྫོང་རིམ་པའི་ལས་དོན་སྡེ་ཁག་གི་ཁོངས་སུ་གཏོགས། མི་སྣ་ནི་གཞུང་ཞབས་པ་ལྟར་དོ་དམ་བྱས་པ་དང་། སྤྱི་ཁྱབ་པུའུ་ཡིས་ཧུང་ཡོན་དང་འབར་ཁམས་སུ་ལས་སྒྲུབ་ཁང་བཙུགས་ཡོད། ཐོག་མར་ལས་ཁུངས་ཀྱི་མིང་ལ་རྔ་བ་ཁུལ་ནོར་ནག་དཔལ་འབྱོར་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་པ་དང་། འོག་ཏུ་གཞུང་ལས་ཁང་དང་། འཆར་འགོད་འཛུགས་སྐྲུན་ཁའོ། ཁེ་ལས་ཐོ་འགོད་དོ་དམ་ཁའོ་བཅས་གསུམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牦牛经济园区
བཙུགས་ལོ།
སྤྱི་ལོ2003ལོའི་ཟླ3པ།
གནས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་ཧུང་ཡོན་རྫོང་།
གྲུབ་ཆ་གཙོ་བོ།
ཐོན་རྫས་ལས་སྣོན་སྤེལ་ཁུལ་དང་། ཚན་རིག་ལག་རྩལ་དཔེ་སྟོན་ཁུལ། གནས་གཞིའི་འཛུགས་སྐྲུན།
1 ​ངོ་སྤྲོད།

སྤྱི་ལོ2003ལོའི་ཟླ6པར་ནོར་ནག་དཔལ་འབྱོར་སྤེལ་ཁུལ་འཛུགས་སྐྲུན་བྱ་རྒྱུ་འཆར་འགོད་དང་ལག་བསྟར་བྱས་ཤིང་། ཟླ་བ6པའི་ནང་ནོར་ནག་སྤེལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རྫོང་རིམ་པའི་ལས་དོན་སྡེ་ཁག་གི་ཁོངས་སུ་གཏོགས། མི་སྣ་ནི་གཞུང་ཞབས་པ་ལྟར་དོ་དམ་བྱས་པ་དང་། སྤྱི་ཁྱབ་པུའུ་ཡིས་ཧུང་ཡོན་དང་འབར་ཁམས་སུ་ལས་སྒྲུབ་ཁང་བཙུགས་ཡོད། ཐོག་མར་ལས་ཁུངས་ཀྱི་མིང་ལ་རྔ་བ་ཁུལ་ནོར་ནག་དཔལ་འབྱོར་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་པ་དང་། འོག་ཏུ་གཞུང་ལས་ཁང་དང་། འཆར་འགོད་འཛུགས་སྐྲུན་ཁའོ། ཁེ་ལས་ཐོ་འགོད་དོ་དམ་ཁའོ་བཅས་གསུམ་ཡོད། སྤྱི་ལོ2003ལོའི་ཟླ7པར་རྔ་བ་ཁུལ་ནོར་ནག་དཔལ་འབྱོར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་མིང་བསྒྱུར་ནས་རྔ་བ་མཚོ་བོད་མཐོ་སྒང་ནོར་ནག་དཔལ་འབྱོར་སྤེལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ཟེར།  

2 འགན་ནུས་གཙོ་བོ།

དཔལ་འབྱོར་སྤེལ་ཁུལ་གོང་དུ་སྤེལ་བའི་འཆར་གཞི་བཟོ་འགོད་སྒྲིག་འཛུགས་དང་རིགས་པས་ཁུངས་སྐྱེལ་བྱས་པ་དང་རྩ་འཛུགས་ལག་བསྟར་ཇུས་གཞི་གཏན་འབེབས་དང་། དཔལ་འབྱོར་སྤེལ་ཁུལ་གསར་སྤེལ་གྱི་སྤྱིའི་བཀོད་སྒྲིག་གི་འགན་ཁུར་བ་དང་དཔལ་འབྱོར་སྤེལ་ཁུལ་དུ་ཞུགས་པའི་ཁེ་ལས་ལ་གནས་ཡུལ་འདེམས་པ་དང་། དཔལ་འབྱོར་སྤེལ་ཁུལ་གནས་པའི་རྫོང་གི་སྤྱིའི་འཆར་གཞི་ལྟར། དཔལ་འབྱོར་སྤེལ་ཁུལ་འཛུགས་སྐྲུན་གྱི་སྤྱིའི་འཆར་གཞི་ཚོད་འཛིན་རང་བཞིན་གྱི་འཆར་གཞི་ཞིབ་ཕྲ་དང་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་ཁོར་ཡུག་ལ་གནོད་པ་བྱུང་བའི་སྐོར་གྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་སྙན་སེང་སྒྲིག་འཛུགས་བྱས་པ་དང་། ཆོག་མཆན་བཀོད་རྗེས་སུ་ལག་བསྟར་བྱ་རྒྱུ་རྩ་འཛུགས་བྱས། དཔལ་འབྱོར་སྤེལ་ཁུལ་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཆུ་མཁོ་འདོན་དང་ཆུ་འབུད། འཕྲིན་སྐྱེལ། ལམ་སོགས་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་དང་། དཔལ་འབྱོར་སྤེལ་ཁུལ་དུ་ཞུགས་པའི་ཁེ་ལས་ལ་ཐོ་འགོད་བྱེད་རོགས་བྱས་པ་དང་། བཟོ་ཚོང་དང་། ཁྲལ་དོན། ངལ་རྩོལ་འགན་སྲུང་། ས་ཞིང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འགྲོ་ལུགས་འགྲིམ་པའི་འགན་ཁུར་བ་དང་། དཔལ་འབྱོར་སྤེལ་ཁུལ་གྱི་མ་དངུལ་འཇོག་པའི་རྣམ་གྲངས་ལ་གཅིག་གྱུར་འཆར་འགོད་དང་ཞིབ་བཤེར་བྱས་ཏེ། དཔལ་འབྱོར་སྤེལ་ཁུལ་གྱི་དོ་དམ་སྒྲིག་སྲོལ་གཏན་འབེབས་དང་དོ་དམ་འགན་ནུས་ལག་ལེན་སོགས་ཀྱི་འགན་ཁུར།

3 འཛུགས་སྐྲུན།

སྤྱི་ལོ2004ལོའི་ཟླ3པར《རྔ་བ་མཚོ་བོད་མཐོ་སྒང་ནོར་ནག་དཔལ་འབྱོར་སྤེལ་ཁུལ་གྱི་སྤྱི་ཁྱབ་འཆར་གཞི(སྤྱི་ལོ2004-2020ལོའི་བར)》དང《རྔ་བ་མཚོ་བོད་མཐོ་སྒང་ནོར་ནག་དཔལ་འབྱོར་སྤེལ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་སེང(2004-2020ལོའི་བར)》སྒྲིག་འཛུགས་བྱས་ཏེ། ཟླ6པའི་ཚེས21ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་བྱས་རྗེས་ཆོག་མཆན་བཀོད་དེ་ལག་བསྟར་བྱས་ཤིང་། ནོར་ནག་སྤེལ་ཁུལ་དེ་ཐོན་རྫས་ལས་སྣོན་སྤེལ་ཁུལ་དང་། ཚན་རྩལ་དཔེ་སྟོན་ཁུལ། གནས་གཞིའི་འཛུགས་སྐྲུན་བཅས་ཆ་གསུམ་ལས་གྲུབ་པ་དང་། ཐོན་རྫས་ལས་སྣོན་སྤེལ་ཁུལ་གཙོ་བོ་དེ་ཧུང་ཡོན་ཁྱུང་མཆུ་གྲོང་རྡལ་ཡིན། གཙོ་བོ་ནི་ནོར་ནག་ཤ་དང་། འོ་མ། ཐས་མང་རུས་པའི་རྒྱུ། ཀྲུང་བོད་ལུགས་སྨན་སོགས་ཐོན་རྫས་རིགས་བཞིའི་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་ཚགས་སྤེལ་ཞིང་། ཚན་རྩལ་དཔེ་སྟོན་ཁུལ་དང་གནས་གཞི་འཛུགས་སྐྲུན་ནི་འབྲོག་ཁུལ་གྱི་རྫོང་ལྔ་གཙོ་བོར་བཟུང་སྟེ། ཁུལ་ཡོངས་ཀྱི་རོང་མ་འབྲོག་གི་རྫོང་བརྒྱད་དང་། རྔ་བ་ཁུལ་དང་ཉེ་བའི་ནོར་ནག་ཐོན་ས་གཞན་དག ནོར་ནག་སྤེལ་ཁུལ་ནི་སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་ལ་བརྟེན་ནས་ཚན་རྩལ་དཔེ་སྟོན་ཁུལ་དུ་ཚན་རིག་ཞིབ་འཇུག་རྣམ་གྲངས་སྤེལ་བ་དང་། སྤྱི་ལོ2003ལོའི་ཟླ10པར་གཡུ་ཐོག་ཀུང་སིས་མཐོ་སྒང་གི་སྐྱེ་ཁམས་སྨན་ཁུགGAPགནས་གཞི་བཙུགས། སྤྱི་ལོ2004ལོར་ནུབ་རྒྱུད་ནོར་ནག་ཐོན་ལས་ཚོགས་པ་ཀུང་སི་དང་། ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་། ཞིང་ཆེན་ཁོངས་གཏོགས་ཀྱི་ལུང་རི་ཕྱུགས་རྒྱུད་སྤེལ་ར་གསུམ་གྱིས་མཉམ་ལས་བྱས་ཏེ། ལྟེ་གནས་ཐོན་ཁུལ་དུ་རྨེ་བའི་ནོར་ནག4000ཉོས་ཏེ། གསོ་འཕེལ་ཁུལ26དང་ལྟེ་གནས་ཁུལ2བཙུགས་ཤིང་། སྤྱི་ལོ2005ལོར་རྔ་བ་རྫོང་ནོར་སྲིད་ནང་བསྐྱིས་མ་དངུལ་སྒོར་ཁྲི100དང་ནོར་ནག་ཁྲི10བཏང་སྟེ་འོ་ཁུངས་ཐོན་ལས་གནས་གཞི་འཛུགས་སྐྲུན་དང་། གནས་གཞིའི་དཔེ་སྟོན་ཁྱིམ་ཚང50རུ་སྤེལ་འགོ་ཚུགས།  

4 སྣེ་ཁྲིད་ཁེ་ལས།

ནོར་ནག་དཔལ་འབྱོར་སྤེལ་ཁུལ་དུ་ཁེ་ལས7ཡོད་ལ། དེའི་ནང་ནོར་ནག་གི་ཤ་ཟས་ལས་སྣོན་གྱི་ཁེ་ལས4དང་། འོ་བཟོས་བཟའ་ཆས་ལས་སྣོན་གྱི་ཁེ་ལས2དང་། ཀྲུང་བོད་ལུགས་སྨན་ལས་སྣོན་གྱི་ཁེ་ལས1བཅས་ཡོད། སྤྱི་ལོ2005ལོའི་ལོ་མཇུག་ཏུ། ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཁེ་ལས་ལ་ནོར་ནག་ཀུང་སི་དང་། གཡུ་ཐོག་བོད་སྨན་ཐོན་ལས་ཀུང་སི། མཛོད་དགེའི་ལྗང་མདོག་བཟའ་ཆས་ཀུང་སི། ཧུང་ཡོན་ནོར་ནག་ཤའི་བཟའ་ཆས་ཚད་ཡོད་ཀུང་སི། གཟི་ཚ་སྡེ་དགུའི་མཐོ་སྒང་བཟའ་ཆས་ཀུང་སི་བཅས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-18

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།