རྩུབ་མ་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩུབ་མ་དགོན།
རྩུབ་མ་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་སྟག་ལོ་ཡུལ་ཚོ་རྩུབ་མ་གྲོང་སྡེར་ཆགས་ཡོད། རྫོང་མཁར་དང་བར་ཐག་སྤྱི་ལེ109ཡོད། མཛོད་གཟི་ལམ་རྒྱུད་དུ་ཡོད། མཚན་ཆ་ཚང་ལ་སྟག་མཆོང་གཡུང་དྲུང་དར་རྒྱས་གླིང་ཟེར། ཡང་སྟག་མཆོང་དགོན་པའང་ཟེར། གྲུབ་མཐའ་བོན་པོ་ཡིན། 2004ལོར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྩུབ་མ་དགོན།
རྒྱ་ཡིག་གི་མིང་།
芝麻寺
མཚན་རྒྱས་པ།
སྟག་མཆོང་གཡུང་དྲུང་དར་རྒྱས་གླིང་།
མཚན་གཞན།
སྟག་མཆོང་དགོན།
གྲུབ་མཐའ།
བོན་པོ།
གནས་ཡུལ།
སི་ཁྲོན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་།
1 ​ངོ་སྤྲོད་རགས་བསྡུས།

རྩུབ་མ་དགོན་ནི་བོན་དགོན་ཞིག་ཡིན་ལ། མཚན་ཆ་ཚང་ལ་སྟག་མཆོང་གཡུང་དྲུང་དར་རྒྱས་དགོན་ཟེར། མཚན་གཞན་ལ་སྟག་མཆོང་དགོན་ཟེར་ཏེ། བཤད་རྒྱུན་དུ། སློབ་དཔོན་ཆེན་མོ་སྤྱང་འཕགས་རྩུབ་མར་ཕེབས་ནས་དགོན་གནས་འདེམ་སྐབས། ས་རྒོད་ཅིག་ནས་རྒྱ་སྟག་ངར་མ་ཞིག་ཁོང་གི་མདུན་དུ་མཆོངས་ཏེ་རྔ་མ་གཡུག་གཡུག་བྱེད། གནས་དེ་བདམས་ནས་དགོན་པ་གསར་དུ་བཏབ་པས་མཚན་དེ་ལྟར་ཐོགས་པ་ཡིན། དམངས་གཙོ་བཅོས་སྒྱུར་སྔོན་མཛོད་དགེ་རྫོང་སྤྱང་ཚང་དགོན་གྱི་དགོན་མ་ལག་བདུན་གྱི་གྲས་ཤིག་ཡིན། སྤྱི་ལོ1339ལོར་སྤྱང་འཕགས་སྐུ་ཕྲེང་བཅུ་བཞི་བ་རིན་ཆེན་རྒྱལ་མཚན་ཚང་གིས་སྔར་ཡོད་ཀྱི་ལྷ་ཁང་གཉིས་སྟག་མཆོང་དུ་གནས་སྤར་ཀྱང་ཐེངས་གཉིས་ལ་མེ་ཤོར་བ་རེད། སྤྱང་འཕགས་སྐུ་ཕྲེང་བཅོ་བརྒྱད་པ་ཤེས་རབ་རྒྱལ་མཚན་གྱི་སྐུ་རིང་ལ། དགོན་པ་བསྐྱར་དུ་བཞེངས། དམངས་གཙོ་བཅོས་སྒྱུར་སྐབས་སུ། བླ་མ2དང་གྲྭ་བ62ཡོད། འདུ་ཁང་ཆེ་ཆུང་གསུམ། ཇ་ཁང་དང་མཛོད་ཁང་ཡོད། གྲྭ་ཤག51ཡོད། དགོན་པས་ས་མུའུ35ཟིན་ཡོད། རིག་དངོས་ཆོས་ཆས་སྣ་ཁ300ལྷག་ཡོད། དགོན་པའི་ལོ་རེའི་ཡོང་འབབ་སྒོར10000ལྷག་ཡོད། དམངས་གཙོ་བཅོས་སྒྱུར་རྗེས་ནས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ། རྩུབ་མ་སྟོད་མའི་མི་སེར་རྣམས་དགོན་པར་སྤར་ཅིང་འདུ་ཁང་ཆེན་མོ་ནི་མཉམ་ལས་ཁང་གི་སློབ་གྲྭ་དང་མཛོད་ཁང་དུ་བསྒྱུར། འདུ་ཁང་ཆུང་བ་དང་ཇ་ཁང་།མཛོད་ཁང་བཅས་བཤིགས་པ་རེད།  སྤྱི་ལོ1982ལོར་སྲིད་གཞུང་གིས་ཆོས་སྒོ་ཕྱེས་ཏེ་འདུ་ཁང་ཆེན་པོ་ཞིག་གསོ་བྱས་ཤིང་། ཇ་ཁང་དང་མཛོད་ཁང་། འདུ་ཁང་ཆུང་བ་གསར་དུ་བཞེངས།  སྤྱི་ལོ1988ལོའི་ཟླ12པའི་ཚེས27ཉིན་དགོན་པར་མེ་ཤོར་ནས་དགོན་པ་དང་རིག་དངོས་ཆོས་ཆས་སྣ་ཚོགས་དང་རྒྱུ་ནོར་ཚང་མ་མེས་བསྲེགས།  སྤྱི་ལོ1989ལོར་གསེར་ཏོག་ཆུང་བ་གསུམ་དང་ལྡན་པའི་འདུ་ཁང་ཆེན་མོ་བཞེངས་པ་དང་། འདུ་ཁང་ཆུང་བ་དང་ཇ་ཁང་མགྲོན་ཁང། རོལ་ཆས་སྟེགས་བུ་བཅས་བཞེངས།

2 བརྟེན་རྟེན་པ་དང་སྐྱེས་བུ་དམ་པ།

གསེར་བྱུག་སྐུ་འདྲ་ཆེན་པོ་གཅིག་དང་བསྟན་སྲུང་ལྷ་བཞི་ཡི་སྐུ་འདྲ་ཡོད་ལ། འཁོར་ལོ113བཙུགས་ཡོད། བོན་པོའི་བཀའ་འགྱུར་ཆ་གཅིག ཟངས་སྐུ9  རགས་དུང་ཆ་གཉིས། ཟངས་དུང་ཆ་གཉིས་སོགས་ཡོད། གྲྭ་ཤག21གསར་དུ་བཞེངས།

དགོན་པའི་ལོ་རྒྱུས་སུ་རིན་ཆེན་རྒྱལ་མཚན་དང་ཤེས་རབ་རྒྱལ་མཚན། གཡུང་དྲུང་ཡེ་ཤེས། ཉི་མ་འོད་ཟེར། སྦྱིན་པ་བསྟན་འཛིན། ཚེ་དབང་རྒྱལ་མཚན། གཡུང་དྲུང་རྒྱ་མཚོ་སོགས་བྱུང་མྱོང་།  དགོན་པར་གྲྭ་བ་ཆེས་མང་དུས80དང་ཆེས་ཉུང་དུས25ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-17

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།