མཛོད་དགེ་རྫོང་མི་རིགས་ཆོས་ལུགས་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཛོད་དགེ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོས་ལུགས་ལས་ཀའི་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱེད་ཕྱོགས་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་ཅིང་། རྫོང་ཡོངས་ཀྱི་ཆོས་ལུགས་གནས་བབ་ལ་ཞིབ་འཇུག ཆོས་ལུགས་གནས་ཚུལ་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་པར་སྲིད་ཇུས་ཀྱི་གྲོས་གཞི་འདོན་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མཛོད་དགེ་རྫོང་ཆོས་ལུགས་ཅུས།
རྒྱ་ཡིག་གི་མིང་།
若尔盖县民族宗教局
རིགས།
དོན་ལས་སྡེ་ཁག
མངའ་ཁོངས་དགོན་པ།
བོན་དགོན5དང་བོད་བརྒྱུད་ནང་བསྟན་དགོན་པ19
1 ​ངོ་སྤྲོད་རགས་བསྡུས།

མཛོད་དགེ་རྫོང་མི་རིགས་ཆོས་ལུགས་ཅུས་ལ་ཅུས་ཀྲང་གཅིག་དང་ཅུས་ཀྲང་གཞོན་པ་གཅིག ཀུའུ་རིམ་པའི་འགོ་ཁྲིད་འགན་ཁུར་བ3དང་ལས་སྒྲུབ་མི་སྣ1བཅས་ཡོད་ལ། ཕྱོགས་བསྡུས་གཞུང་ལས་ཁང་དང་མི་རིགས་དོན་གཅོད་ཁང་། ཆོས་ལུགས་དོ་དམ་ཁང་བཅས་ཚན་ཁག་གསུམ་དུ་བགོས་ཡོད། རྫོང་དེའི་མངའ་ཁོངས་སུ་བོན་དགོན་ལྔ་སྟེ་སྒུར་བའི་སྐྱང་ཚང་དགོན་དང་ཨ་སྐྱིད་སྐྱང་ཚང་དགོན། མདའ་ཆེན་དགོན། ཐེ་བྲག་ཉོས་ཞིང་དགོན། བསམ་འགྲུབ་དགོན་བཅས་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་པ་བཅུ་དགུ་སྟེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་འབྲས་སྤུངས་དགོན། སོག་ཚང་དགོན། སྟག་ཚ་དགོན། གྲོ་ཚང་དགོན། སུམ་མདོ་དགོན། ཁང་གསར་དགོན། གཟའ་རུ་དགོན། རྒྱལ་དགེ་དགོན།རྭ་བོང་དགོན། སེ་ར་དགོན། གནས་བཞི་དགོན། དྲན་པ་དགོན།བར་མ་དགོན།ཆ་རོང་དགོན།བློ་དགེ་དགོན། ཚུལ་ལུང་དགོན། ལུང་བཟང་དགོན། ཇོ་མོ་སྒར་བསམ་གཏན་བདེ་ཆེན་གླིང་བཅས་དང་། གྲུབ་མཐའ་ལ་བོན་པོ་དང་ཪྙིང་མ་བ། ས་སྐྱ་བ། དགེ་ལུགས་པ་བཅས་ཡོད།

2 འགན་འཁྲི་བཅོས་སྒྲིག

(1) ཁུལ་གསུམ་གྱི་སྒོ་འབྱེད་གྲོན་དངུལ་དང་འཕེལ་རྒྱས་དལ་བའི་ས་ཁུལ་ལ་རོགས་སྐྱོར་གྲོན་དངུལ་དོ་དམ་གྱི་འགན་ཁུར་བ།

(2) བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆོ་ག་ཁྲིམས་ལྟར་དོ་དམ་བྱེད་པའི་འགན་ཁུར་བ།

(3) འབྲེལ་ཡོད་ལས་ཁུངས་ཀྱིས་མི་རིགས་ལས་ཀ་སྐུལ་འདེད་གཏོང་བར་མཐུན་སྦྱོར་བྱེད་པའི་འགན་ཁུར་བ།

(4) གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་མཛུབ་སྟོན་བྱེད་པའི་འགན་ཁུར་བ།

(5) ཁུལ་དང་རྫོང་སྲིད་གཞུང་གིས་ཡོངས་སུ་བསྒྲགས་པའི་ཆོག་མཆན་འགོད་དབང་མེད་པར་བཟོས་པའི་དོན་ཚན་དག་མེད་པར་བཟོས་པ།

3 འགན་འཁྲི་གཙོ་བོ།

(1) ཏང་གི་མི་རིགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། མི་རིགས་དོན་གཅོད་ཁྲིམས་ལྟར་དོ་དམ་བཅས་ཀྱི་འགན་ཁུར་བར་མ་ཟད། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་གྲོན་དངུལ་དང་མི་རིགས་ལས་ཀ་སྤེལ་བའི་གྲོན་དངུལ་རྣམ་གྲངས་འཛུགས་སྐྲུན་གྱི་འགན་ཁུར་བ།

(2) ཏང་གི་ཆོས་ལུགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་ཤུགས་སྣོན་པ། རྫོང་ཡོངས་ཀྱི་ཆོས་ལུགས་ཆོ་ག་སྤེལ་སར་དོ་དམ་ནན་པོ་བྱེད་པ་དང་། དགོན་པའི་བརྟན་བརླིང་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ།

(3) རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ལ་སློང་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་རིག་གནས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ལས་ཁུངས་སོ་སོ་དང་ཁེ་ལས་སོ་སོ། ཚོང་ཁང་སོ་སོའི་སྒོ་བྱང་དང་བརྡ་ཁྱབ་སོགས་ལ་ཞིབ་བཤེར་དང་མཛུབ་སྟོན་བྱས་ཏེ། བོད་སྐད་སྐད་གཉིས་ཡང་དག་པར་སྤྱོད་པའི་འགན་ལེན་པ།

(4) གྲོན་དངུལ་རྣམ་གཉིས་ཀྱི་རྣམ་གྲངས་བང་མཛོད་འཛུགས་སྐྲུན་གྱི་འགན་འཁུར་ནས། རྣམ་གྲངས་ཀྱི་ཡར་ཞུའི་དཔྱད་གཞི་དང་ལས་གཞི་འཛུགས་སྐྲུན་ལག་ལེན། ཚོང་འགུག་དངུལ་འདྲེན། ལས་གཞི་འཛུགས་སྐྲུན་ཡིག་ཚགས་ལེགས་སྒྲིག་སོགས་ཀྱི་འགན་ཁུར་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-22

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།