ཨ་མོའི་ཁོག་ཕྱུགས་རྒྱུད་སྤེལ་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུང་ཡོན་རྫོང་གི་བྱང་རྒྱུད་ས་ཁུལ་གྱི་ཨ་མོའི་ཁོག་ཏུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ248ཡོད་པ་དང་། སྐབས་དེར་བོད་རྒྱ་ཧུའེ་སོགས་ཀྱི་ལས་བཟོ་བ་མི324ཡོད། ལུག་རྒྱུད་བཟང་བོ་གསོ་སྐྱོང་གཙོ་བོ་བྱས་པ་དང་མཉམ་དུ་རང་རེའི་ས་ཁུལ་གྱི་ཕྱུགས་རིགས་འཕེལ་རྒྱས་བཏང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿木柯种蓄场
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ248
1 ངོ་སྤྲོད།

ཨ་མོའི་ཁོག་ཕྱུགས་རྒྱུད་སྤེལ་ར་ནི་དེའི་ཤར་ངོས་ཀྱི་ཨ་མོའི་ཁོག་ལ་བརྟེན་ནས་མིང་བཏགས་པ་ཡིན་ལ། དེ་ནི་སྔར་གུང་ཐང་རིན་པོ་ཆེས་བཙུགས་པའི་ཞི་བདེ་འོ་ཕྱེ་བཟོ་གྲྭ(ད་ལྟའི་ཧུང་ཡོན་འོ་ཕྱེ་བཟོ་གྲྭ)ཡི་ཞོར་གཏོགས་འབྲོག་ར་ཡིན་ཞིང་། སྤྱི་ལོ1959ལོར་བདེ་སྐྱིད་ཀུང་ཧྲེའི(ད་ལྟའི་ཨ་མོ་དང་ལུང་རིང་ཡུལ་ཚོ)བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་དང་། འབྲོག་བདག ཕྱུག་འབྲོག་དང་འབྲོག་པ་ཁ་ཤས་ཀྱི་ཕྱུགས་ཟོག་བསྡུས་ནས། དངུལ་ལ་ཕབ་ཏེ་འབྲོག་ར་ནང་དུ་མ་རྐང་བཞག་པས། སྤྱི་སྒེར་མཉམ་གཉེར་གྱི་ཨ་མོའི་ཁོག་འབྲོག་རར་བསྒྱུར་ཡང་འོ་ཕྱེ་བཟོ་གྲྭའི་ཁོངས་སུ་གཏོགས་པ་ཡིན། སྤྱི་ལོ1962ལོར་འོ་ཕྱེ་བཟོ་གྲྭ་ལས་ཕྱེས་ཏེ་ཨ་མོའི་ཁོག་ཕྱུགས་རིགས་དཔེ་སྟོན་རྒྱུད་སྤེལ་ར་བར་བསྒྱུར། སྤྱི་ལོ1973ལོར་རྒྱལ་གཉེར་གྱི་ཨ་མོའི་ཁོག་ཕྱུགས་རྒྱུད་སྤེལ་རར་བསྒྱུར། སྤྱི་ལོ2003ལོའི་ཟླ1པར་ཨ་མོའི་ཁོག་ཕྱུགས་རྒྱུད་སྤེལ་ར་དེ་ཁྱུང་མཆུ་གྲོང་རྡལ་ནང་དུ་བསྡུས་ཏེ་གྲོང་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར། 

2 ས་བབ།

ཨ་མོའི་ཁོག་ཕྱུགས་རྒྱུད་སྤེལ་ར་ནི་ཧུང་ཡོན་རྫོང་བྱང་རྒྱུད་ཨ་མོའི་ཁོག་ཏུ་ཆགས་ཡོད་པ་དབང་། རྫོང་ཐོག་དང་བར་ཐག་སྤྱི་ལེ18ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3470དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ248ཡོད། ཤར་ནི་ཨ་མོའི་ཀུང་ཧྲེ་དང་། ལྷོ་ནུབ་ནི་ལུང་རིང་ཀུང་ཧྲེ་དང་ཨ་མཆོག་འབྲོག་ར། ནུབ་བྱང་ནི་སྦྲ་ཆེན་འབྲོག་ར་བཅས་ཡིན།

3 ཐོན་སྐྱེད་འཕེལ་རྒྱས།

འབྲོག་ར་འདིས་ཐོག་མར་བཞོན་མ་དང་རྟ་རྒྱུད་སྤེལ་བྱས་པ་གཙོ་བོར་འཛིན་པ་དང་། ལོ་རབས་བདུན་ཅུ་ནས་ལུག་རྒྱུད་བཟང་བོ་སྤེལ་བ་གཙོ་བོར་བཟུང་པ་རེད། སྤྱི་ལོ1980ལོར་ཕྱུགས་རིགས་སོ་སོ13561ཡོད། སྤྱིའི་ཡོང་སྒོ་ལ་སྒོར་ཁྲི19.3ཡོད། གཏན་འཇགས་ཀྱི་མ་རྩ་སྒོར་ཁྲི398ཡོད། 

4 སྤྱི་ཚོགས་ཀྱི་གཞི་རྩའི་སྒྲིག་བཀོད།

སློབ་ཆུང་བཙུགས་ནས་དགེ་རྒན6དང་སློབ་མ35ཡོད། གློག་བརྙན་སྡེ་ཁག་དང་ལྟ་ས་ཡོད་པ་དང་། སྨན་བཅོས་ཁང་དང་སྨན་བཅོས་མི་སྣ2ཡོད། ཚོང་ཁང་གིས་མི་རྣམས་ལ་ཉིན་སྤྱོད་དངོས་རྫས་མཁོ་སྤྲོད་བྱས་པའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-17

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།