མག་གསར་ཚོ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མག་གསར་ཚོ་བ་ནི་མཚོ་སྔོན་ཐུན་རིན་མ་ཀུའུ་ཧྥེང་གིས་ཁྲལ་ངན་སྣ་ཚོགས་བསྡུས་ནས་མི་དམངས་འཚོ་ཐབས་བྲལ་བ་དང་ཚོ་བ་གཞན་པ་དང་འཁྲུག་རྩོད་བསླངས་ནས་བྲོས་བྱོལ་ལམ་དུ་གུང་ཐང་རིན་པོ་ཆེའི་རོགས་སྐྱོར་འོག་ཏུ་ཧུང་ཡོན་སྐ་ཆུའི་ནུབ་འགྲམ་དུ་གནས་སྤོ་བྱས་པའི་ཚོ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
麻色部落
གནས་སྤར་བའི་ལོ།
སྤྱི་ལོ1952ལོའི་ཟླ8པ།
1 མིང་ཐོགས་ཚུལ། 

སྤྱི་ལོ1170ལོར་ཚོ་བའི་འགོ་དཔོན་བུ་མོ་དར་མཚོ་ཡིས་བོན་པའི་གྲྭ་བ་ཞིག་མག་པར་བླངས་ནས་ས་ཆ་དེའི་མིང་ལ་མག་གསར་ཐང་དང་ས་དེར་འཚར་ལོངས་བྱུང་བའི་ཚོ་བའི་མིང་ལ་མག་གསར་ཚོ་བ་ཟེར། 

2 ངོ་སྤྲོད།

མག་གསར་ཚོ་བའི་མེས་པོ་རྣམས་ནི་མཚོ་སྔོན་རྨ་ཆུའི་ལྷོ་འགྲམ་དུ་ཕྱུགས་རིགས་འཚོ་བ་ཞིག་དང་། ཁོ་ཚོས་རང་གི་མེས་པོ་ནི་རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་སྐབས་ས་ཆ་དེར་བརྒྱུད་པའི་གདུང་རྒྱུད་ཡིན་ཟེར་བ་དང་། མགར་སྟོང་བཙན་གྱིས་དེར་གསང་ཕུབ་ནས་གསོལ་འདེབས་བྱས་ཤིང་། བྱིས་པ་ཞིག་རིག་ནས་མིང་ལ་རྒྱལ་མཚན་ཞེས་བཏགས་པ་དང་། ནར་སོན་རྗེས་སོག་པོའི་ཚོ་བ་དང་གཉེན་འབྲེལ་བྱས་ཏེ་ཧའོ་ཧོང་ས་ཁུལ་དུ་ཕྱུགས་རིགས་འཚོ་སྐྱོང་བྱས། ཆིང་རྒྱལ་རབས་སྐབས་སུ་མག་གསར་ཚོ་བ་ནི་མཚོ་སྔོན་ཐུན་རིན་རིགས་རྒྱུད་བཅུ་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། སོག་པོའི་ཡུལ་དཔོན་གྱི་དབང་སྒྱུར་མངའ་ཁོངས་ཡིན། མི་སེར་རྒྱལ་ཁབ་སྐབས་ཀྱི་ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བའི་སྐབས་སུ། མཚོ་སྔོན་མ་ཀུའུ་ཧྥེང་གིས་དབང་སྒྱུར་མངའ་ཁོངས་ཡིན་པ་དང་། ཁོང་གིས་ཁྲལ་ངན་སྣ་ཚོགས་བསྡུ་ནས་མང་ཚོགས་འཚོ་ཐབས་ལས་བྲལ་བ་རེད། 

སྤྱི་ལོ1952ལོའི་ཟླ6པར་མག་གསར་ཚོ་བ་དང་ཉེ་འགྲམ་གྱི་ཚོ་བ་གཉིས་བར་རྩྭ་སའི་ཆེད་དུ་འཁྲུག་རྩོད་སློང་ཏེ། ཚོ་བ་གཞན་པའི་ཡུལ་དཔོན་གྱི་བུ་བསད་པས་འཁོན་ལན་ཆེན་པོ་སློག མག་གསར་ཚོ་བ་ཕྱི་རོལ་དུ་མི་བྲོས་ག་མེད་བྱུང་། བྲོས་བྱོལ་གྱི་ལམ་དུ་མག་གསར་ཚོ་བའི་ཡུལ་དཔོན་གྱི་བུ་བཞི་བ་བོ་དེ་ཚོ་བ་གཞན་པས་བསད། ཁོ་ཚོས་བླ་བྲང་གི་གུང་ཐང་རིན་པོ་ཆེ་ལ་མགོ་བཅོལ་ཞུས་པ་དང་། གུང་ཐང་རིན་པོ་ཆེས་རྩོད་དོན་འདུམ་འགྲིག་བྱ་ཆེད། རྔ་བར་ཁུལ་གྱི་འགོ་ཁྲིད་ལ་ཡར་ཞུ་བྱས་པ་དང་། གུང་ཐང་རིན་པོ་ཆེས་རང་གིས་འབྲུ་རིགས་དང་དངུལ་སྒོར1000གིས་རོགས་སྐྱོར་གནང་། ཟླ8པར་ཧུང་ཡོན་སྐ་ཆུའི་ནུབ་འགྲམ་དུ་གནས་སྤོ་བྱས་ཤིང་། སྤྱི་ལོ1953ལོར་རྨེ་བའི་བཟོ་ཨུའི་མངའ་ཁོངས་སུ་བསྡུས། 

3 ཆོས་དགོན་གྱི་གནས་ཚུལ། 

སྤྱི་ལོ1090ལོར་བོད་ལྗོངས་ཆབ་མདོ་བོན་པོའི་གྲྭ་བ་ཡེ་ཤེས་ཁྲོ་སྐྱབས་དང་། འཁོར་ལོ་སྐྱབས་སོགས་མི་གསུམ་དེ་རྨ་ལྷོར་ཡོང་ནས་བོན་ཆོས་དར་སྤེལ་བྱས་པ་དང་། ཁྱུང་པོ་དང་། འོད་མ། རྒྱལ་མཚན་བཅས་སྦྲ་གུར་དགོན་པ་བཙུགས་ནས་ཚོ་བ་དང་མཉམ་དུ་ཕྱུགས་འཚོ་བའི་འཚོ་བ་རོལ། སྤྱི་ལོ1952ལོའི་ཟླ8པར་མག་གསར་ཚོ་བ་ཧུང་ཡོན་དུ་གནས་སྤོས། སྐབས་དེར་ཁྱིམ་ཚང90ཡོད་པ་དང་། བོན་པའི་སྦྲ་གུར་དགོན་པ་དང་རྙིང་མ་བའི་སྦྲ་གུར་དགོན་པ་སོ་སོར་གྲྭ་བ30ཚོ་བ་དང་མཉམ་དུ་ཧུང་ཡོན་དུ་ཡོང་བ་དང་གནས་རི་བཞི་ལ་གསོལ་མཆོད་བྱས་པའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-10

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།