སྟག་ཚ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟག་ཚ་གྲོང་རྡལ།
སྟག་ཚ་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་གྲོང་རྡལ་ཞིག་ཡིན་ལ། མཛོད་དགེ་རྫོང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བར་གྱུར་པར་མ་ཟད། མཛོད་དགེ་རྫོང་གི་མི་དམངས་སྲིད་གཞུང་གནས་སའང་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྟག་ཚ་གྲོང་རྡལ།
རྒྱ་ཡིག་གི་མིང་།
达扎寺镇
ས་ཁུལ་གང་དུ་གཏོགས་པ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624500
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ503ཡོད།
མི་གྲངས།
9332ཡོད།
1 ​ངོ་སྤྲོད་རགས་བསྡུས།

སྟག་ཚ་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་གྲོང་རྡལ་ཞིག་ཡིན། གནས་དེ་རུ་རུས་ལ་སྟག་ཚ་ཞེས་པའི་བླ་མ་ཞིག་གིས་དགོན་པ་ཞིག་བཏབ་པར་མ་ཟད། མིང་ལ་སྟག་ཚ་དགོན་པ་བཏགས། དེ་ལྟར་དགོན་མིང་གྲོང་རྡལ་མིང་དུ་བཏགས་པ་རེད། སྤྱི་ལོ1963ལོར་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་སྟག་ཚ་གྲོང་རྡལ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1980ལོའི་ཟླ12པའི་ཚེས27ཉིན། སྟག་ཚ་གྲོང་རྡལ་མི་དམངས་སྲིད་གཞུང་བཙུགས། བཅིངས་འགྲོལ་སྔོན། གནས་དེ་རུ་དགོན་པ་གཅིག་དང་ཁྱིམ་ཚང54ལས་མེད་པའི་སྡེ་བ་གཅིག་མ་གཏོགས་མེད།  བཅིངས་འགྲོལ་རྗེས་ནས་ཕྱུགས་ལས་ཐོན་སྐྱེད་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་། རྫོང་རིམ་ལས་ཁུངས་ཀྱང་གནས་དེ་རུ་ཆགས་པས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ད་ནི་མཛོད་དགེ་རྫོང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བར་གྱུར་པ་མ་ཟད། མཛོད་དགེ་རྫོང་གི་མི་དམངས་སྲིད་གཞུང་གནས་སའང་ཡིན། གྲོང་རྡལ་དེ་ནི་རྫོང་མཁར་ཆགས་ས་ཡིན་ལ། བབ་བཟོ་རུ་ཆུ་ཡི་སྨད་རྒྱུད་ཀྱི་བྱང་རྒྱུད་དུ་གནས་ཡོད། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་ལ་སྨི3440ཡོད། གྲོང་རྡལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ503ཡོད། རྒྱལ་རིམ་གཞུང་ལམ213པ་དང་ཞིང་ཆེན་རིམ་པའི་གཞུང་ལམ209པ་མངའ་ཁོངས་འདི་བརྒྱུད་ཡོད། སི་ཁྲོན་ཞིང་ཆེན་གྱི་སྲིད་གཞུང་གནས་ས་ཁྲིན་ཏུའུ་དང་བར་ཐག་སྤྱི་ལེ492དང་ཁུལ་སྲིད་གཞུང་གནས་ས་འབར་ཁམས་དང་བར་ཐག་སྤྱི་ལེ320ཡོད།

2   མི་གྲངས།

སྤྱི་ལོ2005ལོར། སྟག་ཚ་གྲོང་རྡལ་ལ་རྒྱུན་སྡོད་མི་གྲངས9332ཡོད་ལ། དེའི་ཁྲོད་འབྲོག་པ2142དང་གྲོང་རྡལ་སྡོད་དམངས7190ཡོད། མི་གྲངས་རང་བྱུང་དུ་འཕར་ཚད་བརྒྱ་ཆའི7.2ཡོད།

3   སྲིད་འཛིན་ཁོངས་གཏོགས།

སྟག་ཚ་གྲོང་རྡལ་གྱི་མངའ་ཁོངས་སུ་ཧུང་ཀོང་དང་གླིང་དཀར། ཤར་སྟོང་བཅས་སྲིད་འཛིན་གྲོང་སྡེ3དང་སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང2  སྲིད་འཛིན་དང་ཁེ་ལས། ལས་དོན་སྡེ་ཁག88 སྒེར་ཚོང་ཁང500ལྷག་ཡོད། སྟག་ཚ་གྲོང་རྡལ་གྱི་མངའ་ཁོངས་སུ་དགེ་ལུགས་པའི་དགོན་པ་སྟེ་སྟག་ཚ་དགོན་པ་ཡོད་པར་མ་ཟད། སྟག་ཚའི་དཔེ་མཛོད་ཁང་ནི་རྔ་བ་ཁུལ་དུ་དཔེ་མཚོན་རང་བཞིན་ལྡན་པའི་དཔེ་མཛོད་ཁང་གྲགས་ཅན་ཞིག་ཡིན། དེ་མིན་དབྱི་སི་ལན་ཆོས་ལུགས་ཀྱི་དགོན་པ་ཞིག་ཀྱང་ཡོད། སྟག་ཚ་དགོན་པ་ནི2004ལོར་སི་ཁྲོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་སྡེ་ཁག་ཏུ་བཙུད།

4 དཔལ་འབྱོར་ཡོང་འབབ།

སྟག་ཚ་གྲོང་རྡལ་ནི་ཕྱུགས་ལས་གཙོ་བོར་གྱུར་བའི་གྲོང་རྡལ་ཞིག་ཡིན་ལ། སྤྱི་ལོ2005ལོར། རྟ་ནོར་ལུག་སོགས་སྒོ་ཕྱུགས་ཁྲི6.66ཡོད་ལ། ཤ་རིགས་ཐོན་ཚད་ཏུན901དང་འོ་མ་ཐོན་ཚད་ཏུན1451ཡིན་ལ། དཔལ་འབྱོར་ཡོང་འབབ་སྒོར་ཁྲི2288.82ཡོད་པས། མི་རེའི་ཆ་སྙོམ་ཡོང་འབབ་སྒོར2015ཡོད།

5  སློབ་གསོ་འཕྲོད་བསྟེན།

སྟག་ཚ་གྲོང་རྡལ་ལ་སློབ་འབྲིང་གཉིས་དང་ཆ་ཚང་སློབ་ཆུང་གཉིས། ཞག་སྡོད་སློབ་ཆུང་གཅིག གྲོང་སྡེའི་སློབ་ཆུང་གཅིག ལས་ཁུངས་ཀྱི་བྱིས་གཉོར་ཁང་གཅིག དགེ་རྒན་དང་ལས་བཟོ་བ162ཡོད། སློབ་ལོ་རན་པའི་ན་ཆུང་བྱིས་པ1160བཅས་ཡོད་པ་དང་། སློབ་ཆུང་དུ་ཞུགས་ཚད་བརྒྱ་ཆའི100ལ་བསླེབས་ཤིང་། དམའ་འབྲིང་དུ་ཞུགས་ཚད་བརྒྱ་ཆའི93.29ལ་བསླེབས་ཡོད། སྨན་ཁང་གཉིས་དང་སྒེར་གཉེར་སྨན་ཁང་བཞི་བཅས་ཡོད་ལ། ལོ་རེར་མི་ཐེངས་ཁྲི12.77ལ་སྨན་བཅོས་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།