ཨུ་ཅིང་ཕིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨུ་ཅིང་ཕིང་།
ཨུ་ཅིང་ཕིང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1956ལོའི་ཟླ1པོར་སྐྱེས་ཤིང་། ཧུ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ལི་ཐིང་གི་མི་ཡིན། སྤྱི་ལོ1973ལོའི་ཟླ2པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1977ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧན་ཏན་ཧྭ་པེ་ཆུ་བེད་ཆུ་གློག་སློབ་གླིང་ཆུ་བེད་བཟོ་སྐྲུན་ཆེད་ལས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། དགེ་རྒན་ཆེན་མོའི་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཏང་ཙུའི་ཧྲུའུ་ཅི། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鄂竟平
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ལི་ཐིང་།
སྐྱེས་ལོ།
སྤྱི་ལོ1956ལོའི་ཟླ1པོ།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
ཧུ་པེ་ཆུ་བེད་ཆུ་གློག་སློབ་ཆེན།
གྲུབ་འབྲས་གཙོ་བོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལེགས་སྒྲིག་གཞུང་དོན་ཁང་གི་ཀྲུའུ་རེན།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1973.2-1975.9པར། ཅི་ལིན་ཞིང་ཆེན་ལི་ཧྲུའུ་རྫོང་པེ་ཧྲན་ཀུང་ཧྲེ་རུ་ཁག་ཏུ་ཞུགས།

སྤྱི་ལོ1975.9-1977.8པར། ཅི་ལིན་ཞིང་ཆེན་ཆུ་གློག་སློབ་གྲྭའི་སློབ་མ་བྱས།

སྤྱི་ལོ1977.8-1979.9པར། ཅི་ལིན་ཞིང་ཆེན་ཆུ་བེད་ཇུས་འགོད་གླིང་གི་ལས་བྱེད་པ་བྱས།

སྤྱི་ལོ1979.9-1983.8པར། ཧྭ་པེ་ཆུ་བེད་ཆུ་གློག་སློབ་གླིང་ཆུ་བེད་བཟོ་སྐྲུན་ཆེད་ལས་ཀྱི་སློབ་མ་བྱས།

སྤྱི་ལོ1983.8-1993.6པར། ཆུ་གློག་པུའུ་དང་ཆུ་བེད་པུའི་གཞུང་ལས་ཐིང་གི་པུའུ་ཀྲང་གི་དྲུང་ཡིག་དང་། ཆུ་བེད་པུའུ་འཆར་འགོད་སིའི་ལས་བྱེད་པ། འཆར་འགོད་སིའི་འཆར་གཞི་ཁྲུའི་ཁྲུའུ་ཀྲང་གཞོན་པ། འཆར་འགོད་སིའི་འཆར་གཞི་ཁྲུའི་ཁྲུའུ་ཀྲང་། འཆར་འགོད་སིའི་སི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1993.6-1994.6པར། ཧའེ་ཧུ་ཆུ་བེད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1994.6-1997.5པར། ཧའེ་ཧུ་ཆུ་བེད་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1997.5-2001.5པར། རྨ་ཆུ་ཆུ་བེད་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2001.5-2003.8པར། ཆུ་བེད་པུའུ་ཏང་ཙུའི་ཁོངས་མི་དང་། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་དྲུང་ཡིག་དང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2003.8-2008.7ལོར། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའི་ཁོངས་མི། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་དྲུང་ཡིག་དང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2008.7-2009.4པར། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའི་ཁོངས་མི། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་དྲུང་ཡིག་དང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2009.4-2010.7པར། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའི་ཁོངས་མི། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ7པ་ནས་ད་ལྟའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཏང་ཙུའི་ཧྲུའུ་ཅི། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་བཅས་ཀྱི་འགན་བཞེས།

2 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2010ལོའི་ཟླ7པར། ཀྲུང་གུང་ཀྲུང་དབྱང་གིས་ཐག་བཅད་ལྟར། བློ་མཐུན་ཨུ་ཅིང་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-19

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།