ཝང་ཡེ་ཕའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝང་ཡེ་ཕའོ།
ཁོང་ནི་སྤྱི་ལོ1956ལོའི་ཟླ10བར་སྐྱེས། ལའོ་ཉིན་ཞི་མིན་གྱི་མི་ཡིན། སྤྱི་ལོ1982ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1985ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་གོ་རྡོ་སྣུམ་སློབ་གྲྭ་ཆེན་མོའི (པེ་ཅིན) རྡོ་སྣུམ་རང་བྱུང་སོལ་རླངས་བཟོ་སྐྲུན་གླིང་གི་རླངས་ཞིང་གསར་སྤེལ་བཟོ་སྐྲུན་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ་ནས་མཐར་ཕྱིན་པ་དང་། བཟོ་རིག་པའི་འབུམ་རམས་པ་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王玉普
སྐྱེས་ལོ།
སྤྱི་ལོ1956ལོའི་ཟླ10བ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ལའོ་ཉིན་ཞི་མིན
མཐར་ཕྱིན་སློབ་གྲྭ།
ཀྲུང་གོ་རྡོ་སྣུམ་སློབ་གྲྭ་ཆེན་མོ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1956ལོའི་ཟླ10བར་སྐྱེས། ལའོ་ཉིན་ཞི་མིན་གྱི་མི་ཡིན། སྤྱི་ལོ1982ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1985ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་གོ་རྡོ་སྣུམ་སློབ་གྲྭ་ཆེན་མོའི (པེ་ཅིན) རྡོ་སྣུམ་རང་བྱུང་སོལ་རླངས་བཟོ་སྐྲུན་གླིང་གི་རླངས་ཞིང་གསར་སྤེལ་བཟོ་སྐྲུན་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ་ནས་མཐར་ཕྱིན་པ་དང་། བཟོ་རིག་པའི་འབུམ་རམས་པ་ཡིན།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་བཅས་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ3པ་ནས་སྤྱི་ལོ1982ལོའི་ཟླ1པོའི་བར། ཏཱ་ཆིན་རྡོ་སྣུམ་སློབ་གླིང་གི་གཏེར་འཕྲུལ་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ1པོ་ནས་སྤྱི་ལོ1994ལོའི་ཟླ5པའི་བར། ཏཱ་ཆིན་རྡོ་སྣམ་དོ་དམ་ཅུས་སྣུམ་འདོན་བཟོ་གྲྭ་བདུན་པའི་བཟོ་སྐྲུན་རུ་ཁག་གི་ལག་རྩལ་མི་སྣ་དང་། རུ་དཔོན་ཆེན་པོ་གཞོན་པ། རུ་དཔོན་ཆེན་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1994ལོའི་ཟླ5པ་ནས་སྤྱི་ལོ1997ལོའི་ཟླ1པོའི་བར། ཏཱ་ཆིན་རྡོ་སྣམ་དོ་དམ་ཅུས་སྣུམ་འདོན་བཟོ་གྲྭ་བདུན་པའི་ཁྲང་ཀྲང་གཞོན་པ་དང་། བཟོ་གྲྭ་བཞི་བའི་ཁྲང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས། (སྤྱི་ལོ1994ལོའི་ཟླ9བ་ནས་སྤྱི་ལོ1996ལོའི་ཟླ12པའི་བར། ཀྲུང་གོ་རྡོ་སྣུམ་སློབ་གྲྭ་ཆེན་མོའི (པེ་ཅིན) རྡོ་སྣུམ་རང་བྱུང་སོལ་རླངས་བཟོ་སྐྲུན་གླིང་གི་རླངས་ཞིང་གསར་སྤེལ་བཟོ་སྐྲུན་ཆེད་ལས་གྱི་ལས་ཐོག་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱས་པ་བརྒྱུད། བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ།)

སྤྱི་ལོ1997ལོའི་ཟླ1པོ་ནས་སྤྱི་ལོ1997ལོའི་ཟླ11པའི་བར། ཏཱ་ཆིན་རྡོ་སྣུམ་དོ་དམ་ཅུས་སྣུམ་ཞིང་གསར་སྤེལ་ཁྲུའི་ཁྲུའུ་ཀྲང་་བཅས་ཀྱི་འགན་བཞེས། 

སྤྱི་ལོ1998ལོའི་ཟླ11པ་ནས་སྤྱི་ལོ1999ལོའི་ཟླ9བའི་བར། ཏཱ་ཆིན་རྡོ་སྣུམ་དོ་དམ་ཅུས་སྤྱི་ཁྱབ་བཟོ་སྐྲུན་ཧྲུའུ་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1999ལོའི་ཟླ9པ་ནས་སྤྱི་ལོ2000ལོའི་ཟླ10བའི་བར། ཏཱ་ཆིན་སྣུམ་ཞིང་ཚད་ཡོད་འགན་ལེན་ཀུང་སིའི་ཏུང་ཧྲི་ཀྲང་དང་། སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2000ལོའི་ཟླ10བ་ནས་སྤྱི་ལོ2003ལོའི་ཟླ12པའི་བར།  ཏཱ་ཆིན་སྣུམ་ཞིང་ཚད་ཡོད་འགན་ལེན་ཀུང་སིའི་ཏུང་ཧྲི་ཀྲང་དང་། རྒྱུན་ལས་སྤྱི་ཁྱབ་སྤྱི་གཉེར་བ་གཞོན་པ། ཏང་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས། (སྤྱི་ལོ2000ལོའི་ཟླ9པ་ནས་སྤྱྱི་ལོ2003ལོའི་ཟླ7པའི་བར། ཀྲུང་གོ་རྡོ་སྣུམ་སློབ་གྲྭ་ཆེན་མོའི (པེ་ཅིན) རྡོ་སྣུམ་རང་བྱུང་སོལ་རླངས་བཟོ་སྐྲུན་གླིང་གི་རླངས་ཞིང་གསར་སྤེལ་བཟོ་སྐྲུན་ཆེད་ལས་གྱི་ལས་ཐོག་ཞིབ་འཇུག་སློབ་མ་བརྒྱུད་བཟོ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།)

སྤྱི་ལོ2003ལོའི་ཟླ12པ་ནས་སྤྱི་ལོ2008ལོའི་ཟླ1པོའི་བར།  ཏཱ་ཆིན་སྣུམ་ཞིང་ཚད་ཡོད་འགན་ལེན་ཀུང་སིའི་ཏུང་ཧྲི་ཀྲང་དང་། སྤྱི་གཉེར་བ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། (སྤྱི་ལོ2007ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭར་ལོ་གཅིག་ལམ་ལུགས་ཀྱི་དར་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས། སྤྱི་ལོ2007ལོའི་ཟླ12པར་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲུའི་འགན་བཞེས།)

སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2010ལོའི་ཟླ7པའི་བར།  ཏཱ་ཆིན་སྣུམ་ཞིང་ཚད་ཡོད་འགན་ལེན་ཀུང་སིའི (ཏཱ་ཆིན་རྡོ་སྣུམ་དོ་དམ་ཅུས།)ཏུང་ཧྲི་ཀྲང་དང་། སྤྱི་གཉེར་བ། (ཅུས་ཀྲང་།) ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2009ལོའི་ཟླ8པ་ནས་སྤྱི་ལོ2010ལོའི་ཟླ7པའི་བར། ཧའེ་ལུང་ཅང་ཞིང་ཆེན་གྱི་འགོ་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ7པ་ནས་སྤྱི་ལོ2013ལོའི་ཟླ2པའི་བར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། (སྤྱི་ལོ2010ལོའི་ཟླ12པ།) ཀྲུང་དབྱང་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། (སྤྱི་ལོ2011ལོའི་ཟླ3པ།) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱང་ཤར་ས་ཁུལ་དང་བཟོ་ལས་ཀྱི་རྟེན་གཞི་རྙིང་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་འགན་བཞེས། (སྤྱི་ལོ2011ལོའི་ཟླ7པའི་བར་འགན་བཞེས།)

སྤྱི་ལོ2013ལོའི་ཟླ2པ་ནས་སྤྱི་ལོ2014ལོའི་ཟླ6པའི་བར། ཀྲུང་གོ་བཟོ་སྐྲུན་གླིང་གི་གླིང་གཙོའི་བདམ་བྱའི་འོས་མི་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། (པུའུ་ཀྲང་རིམ་པ།) ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། (སྤྱི་ལོ2013ལོའི་ཟླ10པ།) ཀྲུང་དབྱང་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། (སྤྱི་ལོ2011ལོའི་ཟླ3པ།) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱང་ཤར་ས་ཁུལ་དང་བཟོ་ལས་ཀྱི་རྟེན་གཞི་རྙིང་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་འགན་བཞེས། (སྤྱི་ལོ2013ལོའི་ཟླ6པའི་བར་འགན་བཞེས།)

སྤྱི་ལོ2010ལོའི་ཟླ6པ་ནས་སྤྱི་ལོ2015ལོའི་ཟླ4པའི་བར། ཀྲུང་གོ་བཟོ་སྐྲུན་གླིང་གི་གླིང་གཙོའི་བདམ་བྱའི་འོས་མི་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། (པུའུ་ཀྲང་རིམ་པ།) 

སྤྱི་ལོ2015ལོའི་ཟླ6པ་ནས་སྤྱི་ལོ2017ལོའི་ཟླ9པའི་བར། ཀྲུང་གོའི་རྡོ་སྣུམ་རྫས་བཟོ་ཚོགས་པའི་ཀུང་སིའི་ཏུང་ཧྲི་ཀྲང་དང་། ཏང་ཙུའི་ཧྲུའུ་ཅི། ཀྲུང་གོའི་རྡོ་སྣུམ་རྫས་བཟོ་ཚད་ཡོད་འགན་ལེན་ཀུང་སིའི་ཏུང་ཧྲི་ཀྲང་་བཅས་ཀྱི་འགན་བཞེས། (སྤྱི་ལོ2015ལོའི་ཟླ5པའི་བར་འགན་བཞེས།)

སྤྱི་ལོ2017ལོའི་ཟླ9པ་ནས་ད་ལྟའི་བར། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་བཅས་ཀྱི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་། སྐབས་བཅུ་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།