ཕུར་བུ་ལྕོག་རི་ཁྲོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕུར་ལྕོག་རིགས་གསུམ་བྱང་ཆུབ་གླིང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་ཕྱག་བཏབ། དེ་གར་ཐོག་མར་མཆོད་རྟེན་ཁ་ཤས་ཡོད་སྐོར་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་རྣམ་ཐར་དུ་གསལ། རྗེ་ངག་དབང་བྱམས་པས་ཐོག་མར་རི་ཁྲོད་དེའི་དབུ་མཛད་གནང་བ་དང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་སྐུ་འདས་རྗེས་རྗེ་འདི་ཉིད་གནས་ཀྱི་བླ་མ་མཛད་སྐབས་དེ་དུས་ཀྱི་བླ་ཆེན་དཔོན་ཆེན་མང་པོ་ཞབས་ལ་གཏུགས་སྐབས་བླ་མ་བྱམས་པ་རིན་པོ་ཆེ་ཞེས་མཚན་སྙན་མཛད་འཕྲིན་རྒྱས། ཁོང་ནི་ཕུར་ལྕོག་བྱམས་མགོན་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཡིན།
1 རྒྱས་འགྲེལ།

ཕུར་ལྕོག་རིགས་གསུམ་བྱང་ཆུབ་གླིང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་ཕྱག་བཏབ། དེ་གར་ཐོག་མར་མཆོད་རྟེན་ཁ་ཤས་ཡོད་སྐོར་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་རྣམ་ཐར་དུ་གསལ། རྗེ་ངག་དབང་བྱམས་པས་ཐོག་མར་རི་ཁྲོད་དེའི་དབུ་མཛད་གནང་བ་དང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་སྐུ་འདས་རྗེས་རྗེ་འདི་ཉིད་གནས་ཀྱི་བླ་མ་མཛད་སྐབས་དེ་དུས་ཀྱི་བླ་ཆེན་དཔོན་ཆེན་མང་པོ་ཞབས་ལ་གཏུགས་སྐབས་བླ་མ་བྱམས་པ་རིན་པོ་ཆེ་ཞེས་མཚན་སྙན་མཛད་འཕྲིན་རྒྱས། ཁོང་ནི་ཕུར་ལྕོག་བྱམས་མགོན་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཡིན། པཎ་ཆེན་སྐུ་ཕྲེང་ལྔ་པར་གསུང་ཆོས་མང་པོ་ཕུལ་བ་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་གྱི་མཚན་བཞེས། དེ་རྗེས་སྐུ་ཕྲེང་ན་རིམ་གྱིས་རི་ཁྲོད་དེའི་ཞལ་བདག་གནང་སྟེ་འདུ་ཁང་དང༌། བླ་བྲང༌། གྲྭ་ཤག་སོགས་རྒྱ་སྐྱེད་མཛད། དགོན་བདག་ཕུར་ལྕོག་བླ་བྲང་ནས་བྱེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-12

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།