ཝི་ཨེན་ན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝི་ཨེན་ན་གྲོང་ཁྱེར།
ཝི་ཨེན་ན་གྲོང་ཁྱེར་ནི་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆབ་སྲིད་ཀྱི་ལྟེ་བའང་ཡིན། ཝི་ཨེན་ན་གྲོང་ཁྱེར་ནི་ཏོ་ནོ་གཙང་བོའི་འགྲམ་ངོགས་སུ་ཆགས་ཡོད་ལ། ཝི་ཨེན་ན་གྲོང་ཁྱེར་ལ་འཛམ་གླིང་སྟེང་གི་རོལ་དབྱངས་གྲོང་ཁྱེར་དུ་བསྔགས་བཞིན་མཆིས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
维也纳
ཕྱི་ཡིག་གི་མིང་།
འཇར་མན་གྱི་སྐད། Wien དབྱིན་སྐད། Vienna
མིང་གཞན།
རོལ་དབྱངས་གྲོང་ཁྱེར།
​ སྲིད་འཛིན་ས་ཁུལ་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ།
​ཁོངས་གཏོགས་ས་ཁུལ།
ཨོ་སི་ཁྲུ་རི་ཡ་ཝི་ཨེན་ན་ཁུལ།
​ གནས་ཡུལ།
ཏོ་ནོ་གཙང་བོའི་འགྲམ་ངོགས་སུ་ཆགས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ414.65
​མི་གྲངས།
ཁྲི186.8(སྤྱི་ལོ2017ལོ)
སྐད་རིགས།
འཇར་མན་གྱི་སྐད།
​གནམ་གཤིས་ཀྱི་ཆ་རྐྱེན།
རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས། སྐམ་སའི་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
མེ་ཆོན་ཕོ་བྲང་། གསེར་མདོག་ཚོམས་ཆེན། ཧྲེང་སི་ཐུ་ཧྥན་ཆོས་ཁང་ཆེན་མོ།
​གནམ་གྲུ་ཐང་།
ཧྲི་ཝེ་ཞཱ་ཐུ་རྒྱལ་སྤྱིའི་གནམ་གྲུ་ཐང་།
​ མེ་འཁོར་ས་ཚིགས།
Wien HauptbahnhofདངWien Westbahnhof
​རླངས་འཁོར་ཨང་རྟགས།
W
​རྒྱལ་སྤྱིའི་རྩ་འཛུགས།
རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས།
འཕྲེད་གཞུང་གནས་ཚད།
48°12′N 16°22′E
སྐམ་སའི་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ། 395.26
​ཆུ་ངོས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ། 19.39
མཚོ་འཕགས།
151m-542m
​མི་འབོར་འདུས་ཚད།
མི།4,002.2/སྤྱི་ལེ་གྲུ་བཞི་མ།
མི་རིགས།
ཏི་དབྱི་ཀྲིའི་མིས61.2%ཟིན་པ་དང་། མི་རིགས་གཞན་པས38.8%ཟིན།
​དུས་ཁུལ།
CET(UTC+1)
​དབྱར་ཁའི་དུས་ཚོད།
CEST(UTC+2)
གཞུང་དྲ།
wien.gv.at
1 ངོ་སྤྲོད།

ཝི་ཨེན་ན་གྲོང་ཁྱེར་ནི་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆབ་སྲིད་ཀྱི་ལྟེ་བའང་ཡིན། ཝི་ཨེན་ན་གྲོང་ཁྱེར་ནི་ཏོ་ནོ་གཙང་བོའི་འགྲམ་ངོགས་སུ་ཆགས་ཡོད། མི་གྲངས་ཁྲི་ཚོ200ལྷག་མཆིས། ཨར་པིས་སི་རི་བོའི་རི་རྒྱུད་དེ་ཝི་ཨེན་ན་ནགས་རི་ཝི་ཨེན་ན་གྲོང་ཁྱེར་གྱི་ནུབ་འདབས་སུ་བསྲིངས་ཡོད་པས། སྔོ་ལྗང་བསིལ་གྲིབ་བཀུག་འདུག རི་དེའི་ནུབ་ཕྱོགས་སུ་སྡོད་ཁུལ་ཡིན་ལ། སྡོད་ཁུལ་དེ་མེ་ཏོག་ལྡུམ་ར་དང་རྒུན་འབྲུམ་ར་བས་ཡོངས་སུ་བསྐོར་ཡོད། ཏོ་ནོ་གཙང་བོ་གྲོང་ཁྱེར་བརྒྱུད་དེ་བཞུར་བཞིན་ཡོད་པས། ཆུ་སྔོ་ཞིང་རི་མཛེས་ལ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན། ནུབ་ཕྱོགས་ཨར་པིས་སི་རི་རྒྱུད་ཀྱི་སྒར་ཁར་བུད་པ་ན། སྔོ་ལྗང་གི་རྦ་རླབས་འཁྲིགས་བཞིན་པའི་ཝི་ཨེན་ན་གྲོང་ཁྱེར་མིག་ལམ་དུ་མངོན་འདུག ཝི་ཨེན་ན་གྲོང་ཁྱེར་གྱི་ཁ་ཤར་ཕྱོགས་ཀྱི་ཏོ་ནོ་གཙང་བོའི་གཤོང་སར་གཏད་ཡོད། དེ་ནས་ཁིར་པ་ཆན་རི་ཟོམ་གྱི་འཇའ་འོད་མཐོང་ཐུབ། ཝི་ཨེན་ན་གྲོང་ཁྱེར་གྱི་བྱང་ཕྱོགས་ནི་ས་གདན་ལྗང་ཁུ་ཆེན་པོ་ཞིག་བཏིངས་ཡོད་པ་དང་མཚུངས་པའི་རྩྭ་ཐང་ཡིན་ལ། ཏོ་ནོ་གཙང་བོ་ནི་དངུལ་འོད་ལམ་མེར་རྩྭ་ཐང་དེ་བརྒྱུད་ནས་བཞུར་བཞིན་འདུག ཁང་བ་དག་རི་བོའི་ངོས་གཟར་ལ་བརྟེན་ནས་གཅིག་འཕྲོར་གཅིག་བསྟར་འདུག མཐོ་ས་ནས་རྒྱང་ལྟ་བྱས་ན་ཁྱད་ཆོས་མི་འདྲ་བའི་ཆོས་ཁང་ཆེན་མོ་དག་གིས་གྲོང་ཁྱེར་ལ་གནའ་བོའི་བརྗིད་ཉམས་ཤིག་བསྣན་འདུག

ཝི་ཨེན་ན་གྲོང་ཁྱེར་ལ་འཛམ་གླིང་སྟེང་གི་རོལ་དབྱངས་གྲོང་ཁྱེར་དུ་བསྔགས་བཞིན་མཆིས། རོལ་དབྱངས་ལ་ཤིན་ཏུ་མཁས་པའི་ཧེ་ཏུན་དང་མོ་ཀྲ་ཐི། ཧྲུའུ་པོ་ཐི། པེ་ཏའོ་ཧྥུན། ཧྲི་ཐི་ལའོ་བཅས་གྲོང་ཁྱེར་དེ་ག་ནས་སྐྱེད་སྲིང་བྱས་པ་ཡིན། ཡུའེ་ཧན •ཧྲི་ཐི་ལའོ་སི་ཕ་བུ་གཉིས་ཀྱིས་དང་ཐོག་གྲོང་ཁྱེར་དེ་རུ་སྐོར་བྲོའི་རོལ་མོར་ཉན་ས་དང་། གླུ་གར་གསར་བ་རྩེ་སའི་འདུ་ར་ཆེན་པོ་ཞིག་བསྐྲུན་པ་ནས་བཟུང་། ཝི་ཨེན་ན་ནི་རོལ་མོའི་གྲོང་ཁྱེར་དུ་གྱུར་པ་རེད། ཧྥ་རན་སེའི་རོལ་མོ་རྩོམ་པ་པོ་གྲགས་ཅན་པེ་ཏའོ་ཧྥུན་གཞོན་དུས་ནས་ཝི་ཨེན་ན་གྲོང་ཁྱེར་དུ་ཕེབས་ཏེ་རོལ་དབྱངས་བརྩམས་ཤིང་། མི་ཚེའི་ཕྱེད་ཀ་ཡན་གྱི་འཚོ་བོ་ཝི་ཨེན་ན་གྲོང་ཁྱེར་དུ་རོལ་བ་རེད། ཨོ་སི་ཁྲུ་རི་ཡའི་རོལ་དབྱངས་མཁས་ཆེན་ཀྲ་ཐིའི་མི་ཚེ་གང་གི་སུམ་ཆའི་གཅིག་གི་འཚོ་བ་གྲོང་ཁྱེར་དེ་གར་རོལ་བ་དང་། རོལ་དབྱངས་ཟློས་གར་མང་བོ་ཞིག་གནས་དེར་བརྩམས་པ་རེད། ཧྲུའུ་པོ་ཐིས་གྲོང་ཁྱེར་དེ་གར་གཞས་གདངས་མང་བོ་བརྩམས་མྱོང་བས། ཁོང་གི་མཚན་སྙན་འཛམ་གླིང་ན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། སྐོར་བྲོའི་རོལ་དབྱངས་ཀྱི་རྒྱལ་པོ་ཞེས་བསྔགས་པའི་ཧྲི་ཐི་ལའོ་སིས་ཝི་ཨེན་ན་གྲོང་ཁྱེར་དུ་དུས་ཡུན་རིང་བོར་འཚོ་བ་རོལ་མྱོང་བ་དང་། ཁོང་གིས་བརྩམས་པའི《སྔོ་ཞིང་དྭངས་པའི་ཏོ་ནོ་གཙང་བོ》སོགས་བརྩམས་ཆོས་གྲགས་ཅན་གྱིས་འགྲོ་བ་མིའི་རིགས་ལ་གྱ་ནོམ་པའི་རོལ་དབྱངས་ཀྱི་རྒྱགས་ཕྱེ་མཁོ་འདོན་གནང་ཡོད།

ཝི་ཨེན་ན་གྲོང་ཁྱེར་གྱི་སྲང་ལམ་དང་གྲོས་ཚོགས་ཚོམས་ཆེན་མང་བོར་རོལ་དབྱངས་མཁས་ཆེན་དག་གི་མིང་བཏགས་ཡོད། སྲང་མདོ་དང་སྤྱི་གླིང་དུ་པེ་ཏའོ་ཧྥུན་དང་མོ་ཀྲ་ཐི། ཧྲུའུ་པོ་ཐི། ཧྲི་ཐི་ལའོ་སི་བཅས་ཀྱི་སྐུ་བརྙན་མཆིས་ཤིང་། དེ་ལས་ཀྱང་རོལ་དབྱངས་མཁས་ཆེན་ཧྲི་ཐི་ལའོ་སིའི་སྐུ་བརྙན་ཞིག་གྲོང་ཁྱེར་རོལ་དབྱངས་སྟེགས་བུ་མཐོན་པོའི་སྟེང་དུ་བཞེངས་འདུག རོལ་དབྱངས་གྲོང་ཁྱེར་དུ་གྲགས་པའི་ཝི་ཨེན་ནར་གླུ་གར་ཁང་དང་རོལ་དབྱངས་སྒྲིག་ཆས་མང་བོ་ཡོད་ཅིང་། གང་སར་ཕྱིན་ན་སྙན་འཇེབས་ཡིད་དབང་འགུགས་པའི་རོལ་དབྱངས་སྣ་ཚོགས་ཐོས་ཐུབ། ཝི་ཨེན་ནའི་གྲོང་ཁྱེར་གྱིས་ལོ་རེ་བཞིན་རྒྱལ་སྤྱིའི་རོལ་དབྱངས་མཉམ་ཚོགས་བསྡུས་ཏེ་མེ་ཏོག་གིས་སྦྲང་མ་འགུགས་པ་ཇི་བཞིན་རོལ་དབྱངས་མཁས་ཆེན་དང་རོལ་དབྱངས་ལ་དགའ་བའི་ལྟད་མོ་པ་མང་བོ་གྲོང་ཁྱེར་དེར་བཀུག་དང་འགུགས་བཞིན་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།