མ་ཏེ་རི་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཏེ་རི་གྲོང་ཁྱེར།
མ་ཏེ་རི་གྲོང་ཁྱེར་ནི་སི་ཕེན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དང་། ཡོ་རོབ་གླིང་གི་སྐད་གྲགས་ཆེ་ཞིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་གནའ་བོའི་བཟོ་བཀོད་དང་དྲན་གསོ་ཐང་ཆེན། མི་སྣ་གྲགས་ཅན་གྱི་སྐུ་བརྙན་བཅས་ཧ་ཅང་མང་། ཀི་ལོན་པིས་ཐང་ཆེན་གྱི་དཀྱིལ་དབུས་ན་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ཀི་ལོན་པིས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马德里
ཕྱི་ཡིག་གི་མིང་།
Madrid
མིང་གཞན།
ཡོ་རོབ་ཀྱི་སྒོ་མོ།
སྲིད་འཛིན་ས་ཁུལ་རིགས་དབྱེ།
རྒྱལ་སྲིད།
​ཁོངས་གཏོགས་ས་ཁུལ།
སི་ཕེན་མཱ་ཏི་ལི་རང་སྐྱོང་ཁུལ།
མངའ་ཁོངས།
ཧི་ཐཱ་ཧེ། ཨ་ཨེར་ཁཱ་ལཱ།
ས་ཁོངས་ཁ་པར་ཨང་རྟགས།
+34
​སྦྲག་སྲིད་ཨང་རྟགས།
28001-28080
གནས་ཡུལ།
དབྱི་པི་ལི་ཡཱ་ཕྱེད་གླིང་དབུས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ607
​མི་གྲངས།
ཁྲི་ཚོ316.6(སྤྱི་ལོ2016ལོ)
​སྐད་རིགས།
སི་ཕེན་གྱི་སྐད།
གནམ་གཤིས་ཀྱི་ཆ་རྐྱེན།
ཚ་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཕུ་ལཱ་ཏུའོ་དངོས་མང་བཤམས་སྟོན་ཁང་། མཱ་ཡུའེ་ཨེར་ཐང་ཆེན། ཨ་ཨེར་ཁཱ་ལཱ་སྒོ་ཆེན།
​གནམ་གྲུ་ཐང་།
མཱ་ཏི་ལི་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
མཱ་ཏི་ལི་ས་ཚིགས།
གནམ་གཤིས།
ས་དབུས་རྒྱ་མཚོའི་གནམ་གཤིས།
མཚོ་འཕགས།
སྨི667
​དུས་ཁུལ།
UTC+1 དབྱར་ཁའི་དུས་ཚོད། UTC+2
1 ངོ་སྤྲོད།

མ་ཏེ་རི་གྲོང་ཁྱེར་ནི་སི་ཕེན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དང་། ཡོ་རོབ་གླིང་གི་སྐད་གྲགས་ཆེ་ཞིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་གནའ་བོའི་བཟོ་བཀོད་དང་དྲན་གསོ་ཐང་ཆེན། མི་སྣ་གྲགས་ཅན་གྱི་སྐུ་བརྙན་བཅས་ཧ་ཅང་མང་། ཀི་ལོན་པིས་ཐང་ཆེན་གྱི་དཀྱིལ་དབུས་ན་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ཀི་ལོན་པིས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་འདུག སི་ཕེན་ཐང་ཆེན་དུ་རྩོམ་པ་པོ་གྲགས་ཅན་སེ་ཝན་ཐི་སིའི་རྗེས་དྲན་རྡོ་རིང་བཞེངས་པ་དང་། རྡོ་རིང་དེའི་མདུན་ཐད་ན་ཁོང་གི་བརྩམས་སྒྲུང་ནང་གི་མི་སྣ་གཉིས་ཏེ། ཐང •ཅེ་ཁི་ཏི་དང་སང་ཆའོ་དཔོན་གཡོག་གཉིས་ཀྱི་ཟངས་སྐུ་བཞེངས་ཡོད།

སི་ཕེན་ལ་མཇལ་ས་བལྟ་ས་མང་བའི་རྒྱལ་ཁམས་ཟེར་བ་དང་། མ་ཏེ་རི་ནི་མཇལ་ས་བལྟ་ས་མང་བའི་རྒྱལ་ཁམས་ཀྱི་སྤྲོ་སྐྱིད་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་གནའ་རྫས་ཁྲོམ་ར་ཞེས་ཁྲོམ་ར་ཆེན་པོ་དྲུག་མཆིས་ཤིང་། ཁྲོམ་ར་དེ་དག་ཏུ་གནའ་བོའི་རི་མོ་དང་གནའ་བོའི་དཔེ་ཆ། གནའ་བོའི་རྫ་བུམ། གནའ་བོའི་འཛིན་བྱང་བཅས་བཙོང་རྒྱུ་ཡོད། གྲོང་ཁྱེར་དེར་ཟླ་ལྔ་བའི་ཐང་ཆེན་ཞེས་པའི་ཐང་ཆེན་ཞིག་ཡོད་ལ། གཟའ་ཉི་མའི་སྔ་དྲོར་ཟླ་ལྔ་བའི་ཐང་ཆེན་ནི་འཛམ་གླིང་གི་ས་ཆ་སོ་སོ་ནས་ཡོང་བའི་སྦྲག་ཡིག་ཉར་ཚགས་ལ་དགའ་བ་རྣམས་འཛོམས་ས་ཡིན་པས་འདུ་འཛི་ཧ་ཅང་ཆེ། གཟའ་ཉི་མའི་ཕྱི་དྲོར་ཟླ་ལྔ་བའི་ཐང་ཆེན་དུ་གླང་ངར་གྱི་ཁ་གློང་བ་དང་ཁྱིམ་བྱ་ལ་བཏོག་རེས་རྒྱག་ཏུ་འཇུག་བཞིན་ཡོད་པར་མ་ཟད། རྟ་རྒྱུག་འགྲན་པ་དང་། རྐང་རྩེད་སྤོ་ལོ་འགྲན་པ་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད།

མ་ཏེ་རི་གྲོང་ཁྱེར་དུ་གནའ་ཤུལ་གྲགས་ཅན་ཧ་ཅང་མང་སྟེ། རྒྱལ་ཁ་མཚོན་བྱེད་ཀྱི་སྒོ་མོ་གཅིག་པུར་སྒོ་མོ་ཆེ་ཆིག་སྟོང་ལྷག་མཆིས། ཤར་ཕྱོགས་ཕོ་བྲང་ནི་འཛམ་གླིང་སྟེང་བདག་གཉེར་དོ་དམ་བྱས་པ་ཆེས་ལེགས་པའི་ད་ཡོད་ཕོ་བྲང་གི་གྲས་ཡིན་པས། དབྱིན་ཇིའི་པའེ་ཅིན་ཧོན་ཕོ་བྲང་ལས་བརྗིད་ཉམས་ཆེ་བ་དང་ཧྥ་རན་སེའི་ཧྥན་ཨེར་ཕོ་བྲང་ལས་མཛེས་ཉམས་ལྡན་པ་རེད། མ་ཏེ་རི་གྲོང་ཁྱེར་དུ་གླང་ངར་ལ་ཁ་གློང་སའི་ཐང་ཆེན་གཉིས་ཡོད་པ་དང་། ལོ་རེར་གླང་ངར་ལ་ཁ་གློང་པར་ལྟད་མོ་བལྟ་རུ་ཡོང་བའི་ལྟད་མོ་པ་ཁྲི་ཚོ་བརྒྱ་ཕྲག་འགའ་འདུ་བཞིན་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།