ལོན་ཏོན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོན་ཏོན་གྲོང་ཁྱེར།
ལོན་ཏོན་གྲོང་ཁྱེར་ནི་དབྱིན་ཀི་ལན་གླིང་ཕྲན་གྱི་ཤར་ལྷོ་སྟེ་ཐའེ་ཝུའུ་ཧྲི་གཙང་བོའི་སྨད་རྒྱུད་དུ་ཆགས་ཡོད། ལོན་ཏོན་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པར་མ་ཟད། དབྱིན་ཇིའི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆེས་ཆེ་བའི་གྲུ་ཁ། འཛམ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་ཆེན་པོ་བཞིའི་ཡ་གྱལ་སོགས་ཀྱང་ཡིན། ལོན་ཏོན་ནི་ལོ་རྒྱུས་རིང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་གྲུ་ཟུར་རེ་རེ་ནས་ལོ་རྒྱུས་ཀྱི་གནའ་ཤུལ་གྱི་མང་བོ་མཐོང་ཐུབ། ལོ་ངོ3500ཡི་ཡར་སྔོན་དུ་ལོན་ཏོན་ས་ཁུལ་ན་མིའི་རིགས་ཀྱིས་འཚོ་བ་རོལ་བཞིན་ཡོད་པ་དང་། ལོན་ཏོན་གྲོང་ཁྱེར་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཆགས་པ་ཡིན། ལོན་ཏོན་ནི་དབྱིན་ཇིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་སོགས་ཀྱི་ལྟེ་བ་ཡིན་པས། ལོན་ཏོན་གྲོང་ཁྱེར་དུ་གནའ་བོའི་མཆོད་རྟེན་དང་། སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཅིན་ཧན་ཕོ་བྲང་། བརྗིད་ཉམས་ལྡན་པའི་གྲོས་ཚོགས་ཁང་ཆེན། ལོན་ཏོན་ཟམ་པ། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་སོགས་ཡོད། བརྗིད་ཆགས་ཤིང་ཡིད་དུ་འོང་བའི་གྲོས་ཚོགས་ཁང་ཆེན་ནི་ཐའེ་ཝུའུ་ཧྲི་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གཞུང་ལས་ཁང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伦敦
ཕྱི་ཡིག་གི་མིང་།
London
མིང་གཞན།
སྨུག་པའི་གྲོང་ཁྱེར།
​སྲིད་འཛིན་ས་ཁུལ་རིགས་དབྱེ།
རྒྱལ་ས།
​ཁོངས་གཏོགས་ས་ཁུལ།
ཏཱ་པུའུ་ལིའི་ཏེན་དང་བྱང་ཨེར་ལན་མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ། དབྱིན་ཀེ་ལན།
མངའ་ཁོངས།
ལོན་ཏོན་གྲོང་ཁྱེར། ཝེ་སི་མེ་སི་ཐུ་གྲོང་ཁྱེར་སོགས།
སྲིད་གཞུང་གནས་ཡུལ།
ལོན་ཏོན་གྲོང་ཁྱེར་གྱི་སྲིད་གཞུང་ཚོམས་ཁང་།
​ས་ཁོངས་ཁ་པར་ཨང་རྟགས།
0044
གནས་ཡུལ།
དབྱིན་ཀེ་ལན་ཤར་ལྷོའི་ས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1577.3
མི་གྲངས།
ཁྲི་ཚོ800(སྤྱི་ལོ2010ལོ)
སྐད་རིགས།
དབྱིན་ཇིའི་དབྱིན་སྐད།
གནམ་གཤིས།
ཚ་ཁུལ་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས།
​མཛེས་ལྗོངས་གྲགས་ཅན།
ཝེ་སི་མེ་ཐི་ཕོ་བྲང་། ཅིན་ཧན་ཕོ་བྲང་། ལོན་ཏོན་ཟམ་པ། ཝེ་སི་མེ་སི་ཐུ་ཆོས་ཁང་ཆེན་མོ། དབྱི་ལི་ཧྲ་པའེ་མཆོད་རྟེན་སོགས།
​གནམ་གྲུ་ཐང་།
ཞི་སི་ལུའོ་རྒྱལ་སྤྱིའི་གནམ་གྲུ་ཐང་། ཀའེ་ཐུ་ཝེ་ཁུ་གནམ་གྲུ་ཐང་། སི་ཏན་སི་ཐུ་ཏི་གནམ་གྲུ་ཐང་སོགས།
​ མེ་འཁོར་ས་ཚིགས།
ཡོའུ་སི་ཏུན་ས་ཚིགས། རྒྱལ་པོའི་བཞི་མདོ་ས་ཚིགས། ཝེ་ཏུའོ་ལི་ཡཱ་ས་ཚིགས་སོགས།
ས་ཁམས་གནས་ཚད།
འཕྲེད་ཐིག་བྱང་མ 51.5° ནུབ་ཀྱི་གཞུང་ཐིག0.1°
གྲོང་ཁྱེར་གྱི་འགོ་འཛིན།
སཱ་ཏི་ཁུ • ཧན།
​རྐང་རྩེད་སྤོ་ལོའི་རོལ་རྩེད་ཁང་།
ཨ་སེན་ནཱ། ཆེ་ཨེར་ཞི།
​རྒྱལ་སྤྱིའི་རྩ་འཛུགས།
རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས།
​ GDP
ཨ་སྒོར་དུང་ཕྱུར5535(སྤྱི་ལོ2013ལོ)
1 ངོ་སྤྲོད།

ལོན་ཏོན་གྲོང་ཁྱེར་ནི་དབྱིན་ཀི་ལན་གླིང་ཕྲན་གྱི་ཤར་ལྷོ་སྟེ་ཐའེ་ཝུའུ་ཧྲི་གཙང་བོའི་སྨད་རྒྱུད་དུ་ཆགས་ཡོད། ལོན་ཏོན་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པར་མ་ཟད། དབྱིན་ཇིའི་ཆེས་ཆེ་བའི་གྲོང་ཁྱེར་དང་ཆེས་ཆེ་བའི་གྲུ་ཁ། འཛམ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་ཆེན་པོ་བཞིའི་ཡ་གྱལ་སོགས་ཀྱང་ཡིན། (འཛམ་གླིང་གི་གྲོང་ཁྱེར་ཆེན་པོ་བཞི་ནི་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དང་ཧྥ་རན་སེའི་རྒྱལ་ས་པ་ལི། ཨ་རིའི་གྲོང་ཁྱེར་ཉོག་ཡོ། འཇར་པན་གྱི་རྒྱལ་ས་ཏུང་ཅིང་བཅས་ཡིན) ལོན་ཏོན་ནི་ལོ་རྒྱུས་རིང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་གྲུ་ཟུར་རེ་རེ་ནས་ལོ་རྒྱུས་ཀྱི་གནའ་ཤུལ་གྱི་མང་བོ་མཐོང་ཐུབ། ལོ་ངོ3500ཡི་ཡར་སྔོན་དུ་ལོན་ཏོན་ས་ཁུལ་ན་མིའི་རིགས་ཀྱིས་འཚོ་བ་རོལ་བཞིན་ཡོད་པ་དང་། ལོན་ཏོན་གྲོང་ཁྱེར་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཆགས་པ་ཡིན། ལོན་ཏོན་ནི་དབྱིན་ཇིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་སོགས་ཀྱི་ལྟེ་བ་ཡིན་པས། ལོན་ཏོན་གྲོང་ཁྱེར་དུ་གནའ་བོའི་མཆོད་རྟེན་དང་། སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཅིན་ཧན་ཕོ་བྲང་། བརྗིད་ཉམས་ལྡན་པའི་གྲོས་ཚོགས་ཁང་ཆེན། ལོན་ཏོན་ཟམ་པ། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་སོགས་ཡོད། བརྗིད་ཆགས་ཤིང་ཡིད་དུ་འོང་བའི་གྲོས་ཚོགས་ཁང་ཆེན་ནི་ཐའེ་ཝུའུ་ཧྲི་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གཞུང་ལས་ཁང་ཡིན། དབྱིན་ཇིའི་གྲོས་ཚོགས་ཁང་ཆེན་ཏེ་ཝེ་སི་མེ་ཐི་ཕོ་བྲང་ནི་སྤྱི་ལོ750ལོར་བཞེངས་པ་དང་། འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཀི་ཐིའི་རྣམ་པའི་བཟོ་བཀོད་ཅིག་ཡིན། སྔོན་ཆད་ཁང་བརྩེགས་ཆེན་པོ་འདི་དབྱིན་ཇི་རྒྱལ་པོའི་ཕོ་བྲང་ཡིན་པ་དང་། དུས་རབས་བཅུ་གཅིག་པ་ནས་དུས་རབས་བཅུ་དྲུག་པའི་བར་དུ་དབྱིན་ཇིའི་རྒྱལ་པོ་རིམ་བྱོན་ཕོ་བྲང་འདིར་བཞུགས་པ་ཡིན།

དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དང་པ་ལིའི་ལོ་ཧྥུ་ཕོ་བྲང་། ཉིག་ཡོ་གྲོང་ཁྱེར་གྱི་དངོས་མང་བཤམས་སྟོན་ཁང་གསུམ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་དངོས་མང་བཤམས་སྟོན་ཁང་གསུམ་ཡིན། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་ནི་སྤྱི་ལོ1753ལོ་ནས་སྤྱི་ལོ1759ལོའི་བར་དུ་བཞེངས་པ་དང་། འཛམ་གླིང་སྟེང་ལོ་རྒྱུས་ཆེས་རིང་གཞི་རྒྱ་ཆེས་ཆེ་བའི་དངོས་མང་བཤམས་སྟོན་ཁང་ཐོག་མའི་གྲོས་ཡིན། དངོས་མང་བཤམས་སྟོན་ཁང་འདིའི་ནང་དུ་ཀེ་རི་སེའི་རོ་མ་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་། ཞི་ཡ་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་། ཡོ་རོབ་དུས་རབས་དཀྱིལ་མའི་དངོས་མང་བཤམས་སྟོན་ཁང་། ཤར་ཕྱོགས་རིག་དངོས་ཀྱི་དངོས་མང་བཤམས་སྟོན་ཁང་སོགས་འདུས་པ་དང་། དེར་འཛམ་གླིང་གི་རིག་དངོས་རྩ་ཆེན་མང་བོ་ཞིག་ཉར་ཚགས་བྱས་ཡོད།

ལོན་ཏོན་མཆོད་རྟེན་ནི་སྤྱི་ལོ1078ལོར་གསར་དུ་བཞེངས་པ་དང་། དེའི་མཐའ་སྐོར་དུ་ལྕགས་རི་བསྐོར་ཡོད། ལྕགས་རིའི་སྟེང་དུ་སྒྱོགས་སྟེགས་དང་མདའ་ར་སོགས་ཡོད་ཅིང་། ལྕགས་རིའི་མཐའ་སྐོར་དུ་གཙང་བོས་བསྐོར་འདུག ལྕགས་རིའི་མཐའ་སྐོར་གྱི་ཆུ་ནི་ཕྱི་དགྲ་འགོག་བྱེད་ཀྱི་ཆུ་འོབས་ཡིན། ད་ལྟ་དབྱིན་ཇིའི་མཆོད་རྟེན་འདི་ནི་རིག་དངོས་རྩ་ཆེན་ཉར་ཚགས་བྱ་སའི་དངོས་མང་བཤམས་སྟོན་ཁང་ཞིག་ཏུ་གྱུར་ཡོད། དེའི་ནང་དུ་གནའ་རབས་ཀྱི་མཚོན་ཆ་སྣ་ཚོགས་དང་རྒྱལ་པོའི་ཅོད་པན། རྒྱལ་པོ་ཚང་གི་རིག་དངོས་རྩ་ཆེན་དག་ཉར་ཚགས་བྱས་འདུག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།