པ་ལི་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པ་ལི་གྲོང་ཁྱེར།
པ་ལི་གྲོང་ཁྱེར་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཏེ། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚོང་ལས་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཡོ་རོབ་གླིང་གི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པའང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴黎
ཕྱི་ཡིག་གི་མིང་།
ཧྥ་རན་སེའི་སྐད། Ville de Paris དབྱིན་སྐད། Paris
མིང་གཞན།
སྒྱུ་རྩལ་གྱི་གྲོང་ཁྱེར། དར་སྲོལ་གྱི་གྲོང་ཁྱེར། རིག་གནས་ཀྱི་གྲོང་ཁྱེར། འཆར་ཡན་གྱི་གྲོང་ཁྱེར། མེ་ཏོག་གི་གྲོང་ཁྱེར།
​ སྲིད་འཛིན་ས་ཁུལ་རིགས་དབྱེ།
རྒྱལ་ས།
ཁོངས་གཏོགས་ས་ཁུལ།
ཨོའུ་ལུའོ་པཱ་ཀྲིག་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ།
མངའ་ཁོངས།
ཆུས་དང་པོ་དང་གཉིས་པ། གསུམ་པ་སོགས།
སྲིད་གཞུང་གནས་ཡུལ།
པ་ལི་གྲོང་ཁྱེར་ལྟེ་བའི་འཕགས་མའི་ལྷ་ཁང་བྱང་ཁུལ་གྱི་སེ་ན་ཆུ་བོའི་འགྲམ་རྒྱུད་དུ་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
(+33) 1
​རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ105.4
​གནས་ཡུལ།
ཧྥ་རན་སེའི་བྱང་ཁུལ་ཏེ་ཧྥ་རན་སེའི་རྒྱལ་ཁབ་ཀྱི་རྒྱལ་ས།
མི་གྲངས།
ཁྲི་ཚོ224.4(སྤྱི་ལོ2010ལོ)
​སྐད་རིགས།
ཧྥ་རན་སེའི་སྐད།
​གནམ་གཤིས།
ཚ་ཁུལ་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས།
​ མཛེས་ལྗོངས་གྲགས་ཅན།
རྒྱལ་ཁའི་སྒོ་ཆེན་དང་ལུའུ་ཧྥུ་ཕོ་བྲང་། སེ་ན་ཆུ་བོའི་ངོགས། ཨེ་ཧྥུ་ཨར་ལྕགས་ཀྱི་མཆོད་རྟེན།
གནམ་གྲུ་ཐང་།
ཏའེ་ཀུའོ་ལུ་རྒྱལ་སྤྱིའི་གནམ་གྲུ་ཐང་། ཨའོ་ལི་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
པ་ལི་ཨའོ་སི་ཐུ་ལི་ཚི་ས་ཚིགས། པ་ལི་ལི་ཨང་ས་ཚིགས།
​རླངས་འཁོར་ཨང་རྟགས།
PL
ཆོས་ལུགས་གཙོ་བོ།
གནམ་བདག་ཆོས་ལུགས། དབྱི་སི་ལན་ཆོས་ལུགས།
མི་སྣ་གྲགས་ཅན།
ཡུའུ་ཀུའོ། ལུའུ་སུའོ། ཧྥུའུ་ཨེར་ཐའེ། ལཱ་ཝ་ཞི་སོགས།
ས་ཁམས་ཀྱི་གཞལ་ཐིག
འཕྲེད་ཐིག་བྱང་མ49° ཤར་གྱི་གཞུང་ཐིག2°
མི་རིགས་གཙོ་བོ།
ཧྥ་རན་སེའི་མི། ཨ་རབ་ཀྱི་མི།
​སློབ་ཆེན་གྲགས་ཅན།
པ་ལི་སློབ་ཆེན། པ་ལི་མཐོ་རིམ་དགེ་ཐོན་སློབ་གླིང་སོགས།
གྲོང་ཁྱེར་གྱི་འགོ་འཛིན།
པེ་ཐུ་ལང •ཏུ་ལཱ་ནུའོ་ཨེ།
​དཔལ་འབྱོར་སྤྱིའི་འབོར།
ཨ་སྒོར་དུང་ཕྱུར7350.6(སྤྱི་ལོ2016ལོ)
​མཚོ་འཕགས།
སྨི35
1 ངོ་སྤྲོད།

པ་ལི་གྲོང་ཁྱེར་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཏེ། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚོང་ལས་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཡོ་རོབ་གླིང་གི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པའང་ཡིན། པ་ལི་གྲོང་ཁྱེར་དང་གྲོང་འདབས་ཡོངས་སུ་མི་གྲངས་ཁྲི་ཚོ1300ལྷག་མཆིས།

སའི་གོ་ལའི་སྟེང་དུ་ཧྥ་རན་སེ་ཞེས་པའི་རྒྱལ་ཁབ་འདི་མ་ཡོད་གོང་གི་ལོ་ངོ2000གི་ཡར་སྔོན་དུ་པ་ལི་ཞེས་པའི་ས་ཆ་དེ་ཡོད་པ་རེད། ཡིན་ནའང་སྐབས་དེའི་པ་ལི་ནི་སེ་ན་ཆུ་བོའི་ཞི་ཏེ་གླིང་ཕྲན་སྟེང་གི་ཉ་པའི་སྡེ་བ་སྟེ་པ་ལི་སྡེ་བར་ངོས་འཛིན་པ་ཡིན། སྤྱི་ལོ་སྔོན་གྱི་ལོ52ལོར་པ་ལི་ས་ཁུལ་རོ་མ་བའི་དབང་འོག་ཏུ་ཤོར་བ་རེད། སྤྱི་ལོ358ལོར་རོ་མ་པས་པ་ལི་རུ་ཕོ་བྲང་ཞིག་བརྩིགས་པ་ནས་བཟུང་པ་ལི་གྲོང་ཁྱེར་དངོས་སུ་ཆགས་པ་དང་། གྲོང་ཁྱེར་དེར་དང་ཐོག་ལུའུ་ཐི་ཞི་ཡ(ན་ཁུགས་ཞེས་པའི་དོན་ཡིན)ཞེས་འབོད་ཅིང་། སྤྱི་ལོ400ལོར་གྲོང་ཁྱེར་དེར་པ་ལི་ཞེས་པའི་མིང་དེ་བཏགས་པ་རེད། སྤྱི་ལོ508ལོར་ཧྥ་རན་སེའི་རྒྱལ་ས་པ་ལི་རུ་གཏན་འཁེལ་བྱས་པ་དང་། སྤྱི་ལོ1105ལོར་ནས་སྤྱི་ལོ1223ལོར་པ་ལི་གྲོང་ཁྱེར་རྒྱ་བསྐྱེད་དེ་སེ་ན་ཆུ་བོའི་གཡས་གཡོན་དུ་ཁེབས་ཤིང་། སྐབས་དེའི་ཡོ་རོབ་གླིང་གི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་བར་གྱུར།

ཧྥ་རན་སེའི་གསར་བརྗེ་ཆེན་མོ་མཇུག་བསྡུས་པ་ན། ན་ཕོ་ལོན་གྱིས་པ་ལེ་གྲོང་ཁྱེར་ལ་རྒྱས་སྐྲུན་གསར་བ་བྱས་པ་དང་། པ་ལི་གྲོང་ཁྱེར་གྱི་རྒྱལ་ཁའི་སྒོ་ཆེན་དང་ལུའུ་ཧྥུ་ཕོ་བྲང་གི་ལྷོ་བྱང་གཉིས་ཀ་བསྐྲུན་ལ། སེ་ན་ཆུ་བོའི་ངོགས་གཉིས་ཞིག་གསོ་བྱས་ཤིང་སེ་ན་ཆུ་བོའི་ཆུ་ལམ་བྲུས་པར་མ་ཟད། གནའ་ཉམས་རིང་ལུགས་ཀྱི་ཕོ་བྲང་དང་ཁང་བརྩེགས། སྡོད་ཁང་འབོར་ཆེན་ཞིག་བསྐྲུན་པ་རེད། ཧྥ་རན་སེའི་གསར་བརྗེ་ཆེན་མོར་རྗེས་དྲན་དང་འཛམ་གླིང་གི་བཤམས་སྟོན་ཚོགས་ཆེན་པ་ལི་གྲོང་ཁྱེར་དུ་འཚོགས་པར་དགའ་བསུ་ཞུ་ཆེད་སྤྱི་ལོ1889ལོར་ཨེ་ཧྥུ་ཨར་ལྕགས་ཀྱི་མཆོད་རྟེན་བཞེངས་པ་དང་། སྤྱི་ལོ1990ལོར་པ་ལི་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་བསྐྲུན་པ་དང་མཉམ་དུ་ཕ་བྲང་ཆེ་ཆུང་གཉིས་ཀྱང་བཞེངས་པ་རེད། 

པ་ལི་གྲོང་ཁྱེར་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པར་བརྟེན། ཧྥ་རན་སེའི་ཙུང་ཐུང་གཞུང་ཤག་སྟེ་ཨོ་ལི་ཧྲེ་ཕོ་བྲང་དང་རྒྱལ་དམངས་ཚོགས་ར། གྲོས་འདོན་ཁང་སོགས་པ་ལི་གྲོང་ཁྱེར་ན་ཆགས་ཡོད། པ་ལི་གྲོང་ཁྱེར་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་ལྟེ་གནས་ཡིན་པས། ཆབ་སྲིད་དང་ཚན་རྩལ། རིག་གནས། སློབ་གསོ། སྒྱུ་རྩལ། རོལ་རྩེད། སྨྱན་བྱེད་སོགས་ཀྱི་ཐད་ནས་འཛམ་གླིང་ལ་ཤན་ཤུགས་གལ་ཆེན་འཇོག་གིན་ཡོད་པས། པ་ལི་གྲོང་ཁྱེར་དང་ཉིག་ཡོ་གྲོང་ཁྱེར། ཏུང་ཅིང་གྲོང་ཁྱེར། ལོན་ཏོན་གྲོང་ཁྱེར་བཅས་ནི་འཛམ་གླིང་གི་གྲོང་ཁྱེར་ཆེན་མོ་བཞི་རུ་བགྲང་བཞིན་ཡོད།

པ་ལི་གྲོང་ཁྱེར་ནི་འཛམ་གླིང་གི་གྲོས་ཚོགས་གྲོང་ཁྱེར་ཞིག་ཀྱང་ཡིན་ཏེ། པ་ལི་གྲོང་ཁྱེར་གྱིས་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་གནའ་ཤུལ་གྲགས་ཅན། ངོ་མཚར་སྟོང་ལྡན་གྱི་རིག་གནས་འཚོ་བ། དེང་རབས་ཅན་གྱི་ཞབས་ཞུ་སྒྲིག་ཆས་བཅས་ལ་བརྟེན་ནས་རྒྱལ་སྤྱིའི་ཚོགས་འདུ་མང་བོ་ཞིག་བསུ་བཞིན་འདུག ཚོད་དཔག་བྱས་པ་ལྟར་ན་ལོ་རེར་རྒྱལ་སྤྱིའི་ཚོགས་འདུ400ཙམ་པ་ལི་གྲོང་ཁྱེར་ན་འཚོགས་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།