བློ་བཟང་ཚན་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བློ་བཟང་ཚན་རྩལ།
བློ་བཟང་ཚན་རྩལ་གྱི་ཁོངས་སུ་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི། བོད་ལྗོངས་བློ་བཟང་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་བློ་བཟང་རྩིས་འཁོར་གསོ་སྦྱོང་སློབ་གྲྭ མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་རིག་གནས་སྒྱུ་རྩལ་གསར་གཏོད་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་སྤྲིན་ཚོང་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་ཁྲི་ཀ་རྫོང་བློ་བཟང་ལས་རིགས་གསར་སྤེལ་གཉོར་སྐྱོང་གླིང་ཚད་ཡོད་ཀུང་སི་སོགས་ཡོད། ཆ་འཕྲིན་ལག་རྩལ་་བེད་སྤྱོད་ནས་གློག་རྡུལ་ཐོན་རྫས་དང་། ཡུལ་སྐོར་རིག་གནས། ཞིང་འབྲོག་ཚན་རྩལ། ལས་རིགས་ལག་རྩལ་སོགས་ལས་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

མིང་།
བློ་བཟང་ཚན་རྩལ།
རྒྱ་ཡིག་གི་མིང་།
落藏科技
དྲ་གནས།
http://tb.luozang.com/
1 ​བློ་བཟང་ཚན་རྩལ་མཚམས་སྦྱོར་རགས་བསྡུས། 

བློ་བཟང་ཚན་རྩལ་ཀྱི་ཁོངས་སུ་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི། བོད་ལྗོངས་བློ་བཟང་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་བློ་བཟང་རྩིས་འཁོར་གསོ་སྦྱོང་སློབ་གྲྭ། མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་རིག་གནས་སྒྱུ་རྩལ་གསར་གཏོད་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་བློ་བཟང་སྤྲིན་ཚོང་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་ཁྲི་ཀ་རྫོང་བློ་བཟང་ལས་རིགས་གསར་སྤེལ་གཉོར་སྐྱོང་གླིང་ཚད་ཡོད་ཀུང་སི་སོགས་ཡོད། ཆ་འཕྲིན་ལག་རྩལ་་བེད་སྤྱོད་ནས་གློག་རྡུལ་ཐོན་རྫས་དང་། ཡུལ་སྐོར་རིག་གནས། ཞིང་འབྲོག་ཚན་རྩལ། ལས་རིགས་ལག་རྩལ་སོགས་ལས་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད།

བློ་བཟང་ཚན་རྩལ་ནི་ཁྲི་ཀ་རྫོང་བོད་རིགས་ས་ཁུལ་དུ་ཡོད་ལ། བོད་ཁུལ་ནས་ བོད་ཡིག་གློག་རྡུལ་ཐོན་རྫས་ཀྱི་ལྷུ་ཆས་སྒྲིག་སྦྱོར་ཐོན་སྐྱེད་ལྟེ་གནས་ཆེས་ཐོག་མ་དང་། བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་ཆེད་ལས་གཉེར་མཁན་གྱི་ལས་རིགས་ལག་རྩལ་སློབ་གྲྭའང་ཆེས་ཐོག་མ་དེ་ཡིན་པས།བློ་བཟང་ཚན་རྩལ་གྱིས་ལས་རིགས་སློབ་གྲྭ་དང་། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས། བཟོ་གྲྭ། ཀུང་སི་བཅས་ཀྱི་འཕེལ་རྒྱས་བྱེད་ཐབས་བརྒྱུད་ནས། སློབ་གྲྭ་ནས་གཞུང་ལུགས་སྦྱོང་བ། བཟོ་གྲྭ་ནས་ལག་རྩལ་སྦྱོང་བ། ཀུང་སི་ནས་དོ་དམ་སྦྱོང་བ། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ནས་ལས་གཞི་གསར་སྤེལ་གྱི་ལས་ཀ་གཉེར་བའི་འཕེལ་རྒྱས་ཕྱོགས་ལ་བརྩོན་བཞིན་ཡོད།

བློ་བཟང་ཚན་རྩལ་གྱི་སའི་རྒྱ་ཁྱོན་ལ་མུའུ་68 དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ10000ལྷག་ཡོད། རྒྱལ་ཁབ་ནས་སྤྲད་པའི་ཁེ་དབང་དཔང་ཡིག 15དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས11ལ་འགན་འཁུར་མྱོང་། ཀུང་སི་རང་གིས་གསར་སྤེལ་ཐོན་སྐྱེད་བྱས་པའི་ཐོན་རྫས20 ལྷག་ཡོད། དེ་མིན་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཉི་ཟེར་སྲིད་དོན་དྲ་བ་དང་ཆ་འཕྲིན་འཚོལ་བཤེར་མ་ལག་སོགས་ཀྱང་སྒེར་གཞུང་གཉིས་ལ་གསར་སྤེལ་བྱེད་བཞིན་ཡོད།

2 བློ་བཟང་ཚན་རྩལ་གྱི་གཙོ་གཉེར་ལས་གཞི།

1. བོད་ཡིག་གློག་རྡུལ་ཐོན་རྫས་ཀྱི་གསར་སྤེལ་ཐོན་སྐྱེད་དང་།ཕྱིར་འཚོང་གི་ལས་ཀ་གཉེར་བཞིན་ཡོད།

2.བོད་རྒྱའི་གློག་རྡུལ་སྲིད་དོན་དྲ་བའི་མ་ལག་བཟོ་བའི་ཞབས་ཞུ་སྤེལ་བཞིན་ཡོད།

3.བོད་རྒྱའི་གློག་རྡུལ་ཚོང་དོན་མ་ལག་བཟོ་བའི་ཞབས་ཞུ་སྤེལ་བཞིན་ཡོད།

4. བོད་རྒྱའི་སློབ་གསོའི་རིག་ནུས་དྲ་ཚིགས་མ་ལག་བཟོ་བའི་ཞབས་ཞུ་སྤེལ་བཞིན་ཡོད།

5. བོད་ཁུལ་དུ་ཁེ་ལས་ཀྱིས་ཁེ་ལས་ལ་དོ་དམ་བྱེད་ནས་དྲ་འབྲེལ་དབུལ་སྐྱོར་ལས་སྒོ་གསར་འབྱེད་ཁུལ་གསར་འཛུགས་བྱེད་པ།

6 . བློ་བཟང་ལས་རིགས་སློབ་གྲྭས་བོད་ཡིག་རྩིས་འཁོར་ཉེར་སྤྱོད་ཀྱི་ཆེན་ཚན་སློབ་མ་གསོ་སྐྱོང་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དུས་ཐུང་གསོ་སྦྱོང་གཉེར་བཞིན་ཡོད།

7. བོད་རྒྱའི་མཉམ་འབྲེལ་དྲ་བ་སྤྱད་ནས་ནུས་ཁུངས་གསར་པའི་དྲོད་རླངས་མ་ལག་གི་ལས་གྲྭ་དང་། རྒྱུ་ཆ་སྒྲིག་འཇུག་སོགས་ཀྱི་ཞབས་ཞུ་སྤེལ་བཞིན་ཡོད།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བློ་བཟང་ཚན་རྩལ། ལས་རིགས་ལག་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-31

གསར་སྤེལ་མཁན། :མཐོ་སྒང་གི་མེལ་ཚེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།