ཉག་ཉོག་གཡོ་ཐོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉག་ཉོག་གཡོ་ཐོ།
སྒུལ་ཤུགས་རིག་པའི་རྒྱུད་ཁོངས་ཏེ། གལ་སྲིད་འགུལ་སྐྱོད་རྣམ་པ་མཚོན་པའི་འགུལ་ཤུགས་རིག་པའི་རྩིས་གཞི་ནི་ཐིག་གཤིས་ཡིན་ཚེ། ཐོག་མའི་ཆ་རྐྱེན་ཕྱིན་རྗེས་རྒྱུད་ཁོངས་དེའི་དུས་ཚོད་གང་རུང་སྐབས་ཀྱི་འགུལ་སྐྱོད་རྣམ་པ་རྟོགས་ཐུབ། གལ་སྲིད་འགུལ་སྐྱོད་རྣམ་པ་མཚོན་པའི་འགུལ་ཤུགས་རིག་པའི་རྩིས་གཞི་ནི་ཐིག་གཤིས་མིན་པ་ཡིན་ཚེ། རྗེས་ཀྱི་འགུལ་སྐྱོད་ལ་ངེས་གཏན་མིན་པའི་རང་བཞིན་ལྡན་ཏེ། འགུལ་སྐྱོད་རྣམ་པ་ཐོག་མའི་ཆ་རྐྱེན་ལ་མཚོན་ན་ཚོར་བ་རྣོན་པའི་རང་བཞིན་དྲག་པོ་ཞིག་ཡོད་པ་མ་ཟད། ནང་ལྡན་སྐབས་བསྟུན་རང་བཞིན་ཡང་ཡོད། རྒྱུད་ཁོངས་འདི་ནི་ཐིག་གཤིས་མིན་པ་ཞིག་ཡིན་ཏེ། ཟིང་སློང་ཅུང་ཟད་ཙམ་ལས་བར་ཁྱད་ཆེན་པོ་ཞིག་བྱུང་སྟེ་སྔོན་དཔག་བྱེད་དཀའ་བའི་མཇུག་འབྲས་ཤིག་སློང་བར་བྱེད། འདི་ལྟ་བུའི་སྣང་ཚུལ་ལ་ཉག་ཉོག་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
混沌摆
1 མདོར་བསྟན་པ། 

སྒུལ་ཤུགས་རིག་པའི་རྒྱུད་ཁོངས་ཏེ། གལ་སྲིད་འགུལ་སྐྱོད་རྣམ་པ་མཚོན་པའི་འགུལ་ཤུགས་རིག་པའི་རྩིས་གཞི་ནི་ཐིག་གཤིས་ཡིན་ཚེ། ཐོག་མའི་ཆ་རྐྱེན་ཕྱིན་རྗེས་རྒྱུད་ཁོངས་དེའི་དུས་ཚོད་གང་རུང་སྐབས་ཀྱི་འགུལ་སྐྱོད་རྣམ་པ་རྟོགས་ཐུབ། གལ་སྲིད་འགུལ་སྐྱོད་རྣམ་པ་མཚོན་པའི་འགུལ་ཤུགས་རིག་པའི་རྩིས་གཞི་ནི་ཐིག་གཤིས་མིན་པ་ཡིན་ཚེ། རྗེས་ཀྱི་འགུལ་སྐྱོད་ལ་ངེས་གཏན་མིན་པའི་རང་བཞིན་ལྡན་ཏེ། འགུལ་སྐྱོད་རྣམ་པ་ཐོག་མའི་ཆ་རྐྱེན་ལ་མཚོན་ན་ཚོར་བ་རྣོན་པའི་རང་བཞིན་དྲག་པོ་ཞིག་ཡོད་པ་མ་ཟད། ནང་ལྡན་སྐབས་བསྟུན་རང་བཞིན་ཡང་ཡོད། རྒྱུད་ཁོངས་འདི་ནི་ཐིག་གཤིས་མིན་པ་ཞིག་ཡིན་ཏེ། ཟིང་སློང་ཅུང་ཟད་ཙམ་ལས་བར་ཁྱད་ཆེན་པོ་ཞིག་བྱུང་སྟེ་སྔོན་དཔག་བྱེད་དཀའ་བའི་མཇུག་འབྲས་ཤིག་སློང་བར་བྱེད། འདི་ལྟ་བུའི་སྣང་ཚུལ་ལ་ཉག་ཉོག་ཟེར། ཐོག་མའི་གྲངས་ལ་མཚོན་པའི་རྩེ་སྣེ་ཚོར་བ་རྣོན་པའི་རང་བཞིན་དང་། དེ་མིན་མཇུག་འབྲས་ལ་སྔོན་དཔག་བྱེད་དཀའ་བའི་རང་བཞིན་ནི་ཉག་ཉོག་གི་གཞི་རྩའི་ཁྱད་ཆོས་ཡིན།

ཉག་ཉོག་གཡོ་ཐོའི་གཡོ་ཐོ་གཙོ་བོ་དང་གཡོ་ཐོ་ཕལ་བ་འགུལ་སྐྱོད་བྱེད་སྐབས་ཕན་ཚུན་བར་ལ་ཤུགས་རྐྱེན་དང་བཀག་འཛིན་བཟོ་བས། འགུལ་སྐྱོད་སྤྱིའི་ཉག་ཉོག་ལ་རིམ་པ་མེད་ལ་སྔོན་དཔག་བྱེད་དཀའ། ཐེངས་མང་པོ་ཚོད་འཛིན་བྱས་རྗེས་རྒྱུད་ཁོངས་ལ་གཅིག་མཐུན་གྱི་ཐོག་མའི་ཆ་རྐྱེན་ཞིག་ལྡན་པར་བྱེད། འོན་ཀྱང་དེ་རྗེས་ཀྱི་འགུལ་སྐྱོད་རྣམ་པས་བར་ཁྱད་གསལ་བོ་ཞིག་མངོན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-30

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།