ཡར་འབྲོག་བསམ་སྡིངས་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡར་འབྲོག་བསམ་སྡིངས་དགོན་པ་ནི་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེས་རབ་བྱུང་བདུན་པའི་ལྕགས་སྤྲེལ་ལོར་ཕྱག་བཏབ། དགོན་པའི་མཚན་ཆ་ཚང་ལ་དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་གྲུབ་ཆོས་ཀྱི་སྡིངས་ཞེས་ཟེར་ཞིང་། འདི་ནི་བོད་ལྗོངས་སུ་བུད་མེད་ཀྱི་བླ་མས་ཡང་སྲིད་རིམ་བྱོན་དགོན་བདག་བྱེད་མཁན་གཅིག་རང་ཡོད་པ་དེ་ཡིན། དེ་ཡང་འཛམ་བུའི་གླིང་འདིར་ཡུལ་རྩ་བཞི་ཞེས་གྲགས་པའི་ནང་ཚན། མཁའ་འགྲོ་འདུ་བའི་བསྟི་གནས་ཆེན་པོ་འདི་ཉིད་བོད་གངས་ཅན་གྱི་ལྗོངས། དབུས་གཙང་གཉིས་ཀྱི་མཚམས། ཡར་འབྲོག་གཡུ་མཚོ་ཕྱུག་མོ་མདུན་དུ་ཡོན་ཆབ་ཕུལ་བ་ལྟར་འཁྱིལ་ཞིང་། ཕྱོགས་བཞི་མུ་ཁྱུད་རི་བོས་མཛེས་པར་བསྐོར་བ་དང་། ཁོར་མོ་ཡུག་ཏུ་མར་གད་ཞུན་མའི་མདངས་ཅན་རྩྭ་ལྗང་ནེའུ་གསེང་ལྡེམ་ལྡེམ་གཡོ་བའི་དབུས་སུ། རི་བོ་གླང་ཆེན་མཚོ་ཆུ་འཐུང་བའི་དབྱིབས་ལེགས་ལྟ་བུའི་སྟེང་དུ་བརྗིད་ཆགས་རྣམ་པར་བཀྲ་བའི་གཙུག་ལག་ཁང་འདི་ཉིད་གནས་སོ།།
གཞི་རྩའི་གནས་ཚུལ།

མཚན་ཧྲིལ་བོ།
དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་གྲུབ་ཆོས་ཀྱི་སྡིངས།
བཞེངས་མཁན།
བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེ།
བཞེངས་ལོ།
སྤྱི་ལོ1440ལོ།
གནས་ཡུལ།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་དུ་ཡོད།
1 ངོ་སྤྲོད།

ཡར་འབྲོག་བསམ་སྡིངས་དགོན་པ་ནི་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེས་རབ་བྱུང་བདུན་པའི་ལྕགས་སྤྲེལ(སྤྱི་ལོ1440)ལོར་ཕྱག་བཏབ། དགོན་པའི་མཚན་ཆ་ཚང་ལ་དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་གྲུབ་ཆོས་ཀྱི་སྡིངས་ཞེས་ཟེར་ཞིང་། འདི་ནི་བོད་ལྗོངས་སུ་བུད་མེད་ཀྱི་བླ་མས་ཡང་སྲིད་རིམ་བྱོན་དགོན་བདག་བྱེད་མཁན་གཅིག་རང་ཡོད་པ་དེ་ཡིན། དེ་ཡང་འཛམ་བུའི་གླིང་འདིར་ཡུལ་རྩ་བཞི་ཞེས་གྲགས་པའི་ནང་ཚན། མཁའ་འགྲོ་འདུ་བའི་བསྟི་གནས་ཆེན་པོ་འདི་ཉིད་བོད་གངས་ཅན་གྱི་ལྗོངས། དབུས་གཙང་གཉིས་ཀྱི་མཚམས། ཡར་འབྲོག་གཡུ་མཚོ་ཕྱུག་མོ་མདུན་དུ་ཡོན་ཆབ་ཕུལ་བ་ལྟར་འཁྱིལ་ཞིང་། ཕྱོགས་བཞི་མུ་ཁྱུད་རི་བོས་མཛེས་པར་བསྐོར་བ་དང་། ཁོར་མོ་ཡུག་ཏུ་མར་གད་ཞུན་མའི་མདངས་ཅན་རྩྭ་ལྗང་ནེའུ་གསེང་ལྡེམ་ལྡེམ་གཡོ་བའི་དབུས་སུ། རི་བོ་གླང་ཆེན་མཚོ་ཆུ་འཐུང་བའི་དབྱིབས་ལེགས་ལྟ་བུའི་སྟེང་དུ་བརྗིད་ཆགས་རྣམ་པར་བཀྲ་བའི་གཙུག་ལག་ཁང་འདི་ཉིད་གནས། དགོན་པའི་འདུ་ཁང་ལེགས་བཤད་དགའ་ཚལ་ཞེས་བྱ་བའི་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་འདུལ་མ་ཐོག་སོ་གཉིས་པ། གཟུངས་སུ་སངས་རྒྱས་ཀྱི་རིང་བསྲེལ་སོགས་བཞུགས་པའི་བྱིན་རླབས་ཚན་ཁ་འབར་བས་གཙོས་དགོན་པ་འདི་ན། རྗེ་བཙུན་མི་ཕམ་མགོན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་བཞུགས་པའི་སྣང་བརྙན་ཕྲ་ལྡན་བྱོན་གཙང་དང་། ལྷ་བབས་མཆོད་རྟེན། བཀའ་གདམས་མཆོད་རྟེན། བྱང་ཆུབ་མཆོད་རྟེན་སོགས་སུམ་བརྒྱ། གནས་བདག་ཞིང་སྐྱོང་ཡབ་ཡུམ་གཉིས་ཙཱ་རི་ནས་བྲོ་པ་ཕོ་མོར་སྤྲུལ་ནས་ཕེབས་དུས་ཀྱི་རྔ་ཆུང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གནང་བའི་ཙན་དན་སྦྲུལ་གྱི་སྙིང་པོའི་རྡོ་རྗེ་རྣལ་འབྱོར་མ། མུ་ཏིག་བརྒྱད་སྟོང་སོགས་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལང་ཞིང་། ལྷག་པར་དུ་ནང་རྟེན་ལ་འཚེ་བའི་གོར་དམག་གི་མགོ་ལག་མནན་པའི་སྟེང་དུ་བཞེངས་པའི་དངུལ་གདུང་བྱང་ཆུབ་མཆོད་རྟེན་འདི་འདྲ་བོད་ཡོངས་སུ་མཐོང་བ་དཀོན། དེ་བཞིན་བླ་བྲང་གི་རྒྱུ་དངོས་འཇོག་སའི་ཁང་པ། འདོད་རྒུ་བང་མཛོད་བཀར་སྟེང་ཞེས་པའི་ནང་གཡང་སྒམ་དང་། ཟ་འོག་གོས་དར། གླང་ཆེན་གྱི་མཆེ་བ། བསེ་རུའི་རྭ་ཅོ། ཁྱུང་གི་སྡེར་མོ། རྟའི་རྭ་ཅོ། གཡུ་བྱུར། གཟི། མུ་ཏིག་བོད་དངུལ་ཊམ་རྐྱལ་སོགས་རིན་ཐང་བྲལ་བའི་ནོར་བུའི་རིགས་དང་། དེ་མིན་ཕྱི་ནང་བར་གསུམ་གྱི་དཔལ་འབར་ལ་སུས་ཀྱང་འགྲན་པར་དཀའ་བ་དཔེར་ན། ཁང་པ་གྲངས་ཉིས་བརྒྱ་བདུན་ཅུ་དོན་གསུམ་ལ་ཀ་བ་ལྔ་བརྒྱ་སུམ་ཅུ་སོ་གཅིག་དང་། ཕྱུགས་རིགས་དཀར་ནག་མགོ་གྲངས་ཆིག་ཁྲི་ཉིས་སྟོང་བརྒྱ་དང་བདུན་ཅུ་དོན་ལྔ་ཡོད་པ་ལྟ་བུ་རེད།

བསམ་སྡིངས་དགོན་པར་རྡོ་རྗེ་ཕ་མོ་སྐུ་ཕྲེང་བཅུ་གཉིས་བྱུང་བ་དང་། མིག་སྔར་སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མ་མཛད་འཕྲིན་རྒྱས་པའི་ངང་འཚོ་ཞིང་བཞེས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-25

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།