སྲོག་སྟོང་གི་ཁྲིམས་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོག་སྟོང་གི་ཁྲིམས་ཡིག
ཁྲིམས་ཡིག་འདི་ནི་ཏུན་ཧོང་ནས་བཏོན་པའི་གཏེར་ཡིག་གི་ཆ་ཤས་ཤོག་གྲངསP.T.1071.དངP.T.1073ལ་སོགས་ལས་བཤུས་ཤིང་། ཁྲིམས་ཡིག་གཏེར་བཏོན་མ་ལས་བྱུང་བ་ལྟར་ན་སྐབས་དེར་གྲལ་རིམ་གོ་གནས་ཀྱི་མཐོ་དམན་ལ་གཞིགས་ནས་སྲོག་གི་སྟོང་ཐང་ལ་དབྱེ་བ་དགུ་སྟེ། ཞང་བློན་ཆེན་པོ་བཞི་དང་དེ་དག་དང་སྟོང་ཐང་མཉམ་པ་དང་། ཞང་བློན་གཡུའི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ། གསེར་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ། ཕྲ་མེན་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ། དངུལ་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ་དང་། ར་གན་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ། ཟངས་ཀྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ་བཅས་ཞང་བློན་སྤྱི་བྱེ་བྲག་པའི་གྲལ་རིམ་གྱི་གོ་གནས་མཐོན་པོ་བ་རྣམས་དང། དེ་ནས་གཙང་ཆེན་པ་དང་དེ་དག་དང་སྟོང་ཐང་མཉམ་པ་རྒོད་དོ་འཚལ་དང་། གཡུང་ངོ་ཅོག་གམ་དེ་དག་དང་སྟོང་ཐང་མཉམ་པ་ལྷོ་བལ་གྱི་བཙོན་པ་ལ་སོགས་པའོ། ། མ་ཡིག་ཀུན་པོ་འདིར་འགོད་པ་མངས་དོགས་ནས། དེ་ལས་མཐོ་འབྲིང་མཐའ་གསུམ་ཙམ་མ་ཡིག་ལས་ཇི་བཞིན་འབྱུང་བ་དེ་བཞིན་དུ་བཀོད་པ་ལགས། དེ་ཡང་། སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་བཀའ་ཁྲིམས་ཆེན་མོ་དྲུག་དང་བཅས་པའི་ཁོས་སུམ་ཅུ་སོ་དྲུག་གཏན་ལ་ཕབ་སྟེ། བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཀྱི་འབངས་ཡོད་དོ་འཚལ་རྒྱལ་ཁྲིམས་གཅིག་གིས་བཅུན་ནོ་སྐད་ཀྱང་། འདིར་བཀོད་པ་ནི་ཁྲིམས་ཡིག་སྤྱིའྀ་བྱེ་བྲག་ལས་ཀྱང་བྱེ་བྲག་པ་ཞིག་སྟེ། འབངས་རྣམས་ཀྱིས་རི་དྭགས་རྔོན་པ་སོགས་ཀྱི་དུས་སུ་མ་བསམས་ས་ནས་ཕན་ཚུན་ལ་མདའ་ཕོག་པར་བྱས་ཏེ་ཤི་རྨས་བྱུང་བ་ལ་སོགས་པའི་ཚེ་ན་ཁྲིམས་ཐག་ཇི་ལྟར་གཅོད་དགོས་པའི་ཁྲིམས་ཙམ་ཡིན་པ་ལས་ཁྲིམས་ཡིག་སྤྱི་མ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
ཡོང་ཁུངས།
P.T.1071.དངP.T.1073
1 ​མ་ཡིག

༄།་། ཞང་བློན2ཆེན་པོ་དང་།  ཁོང་ཏའྀ་མྱེས་པོ་དང་ཕ་འདི་རྣམས། ནང་གཅིག་གིས་གཅིག་རི་དགས3ལ། མདའས་དརྔུལ་བས4ཕོག་པ་དང་། ཞང་ལོན་འདི་རྣམས་ལའ། ཞང་ལོན་གཡུའི་ཡྀ་གེ་པ་མན་ཅད། དམངས་མཐའ་མ་ཡན་ཅད་། ཀྱིས་རི་དགས་ལ་མདའས་དརྔུལ་བའྀ་ཁྲིམ་ལ།ཿ། ། བློན་ཆེན་པོ་དང་། ནང་བློན་ཆེན་པོ་དང་།  བཙན་པོའྀ་ཞང་དྲུང5ཆབ་སྲིད་ལ་དབང་བ་གཅྀག་དང་། བློན་ཆེན་པོའྀ་འོག་པོན6དང་། ཞང་བློན་ཆེན་པོ་འདི་བཞི། ཁོང་ཏ་ངོ་བོ་དང་། ཁོང་ཏའྀ་མྱེས་པོ་དང་ཕ་དང་འདི་རྣམས། མདའ་དརྔུལ་པ་ལའ་།  སྟོང་མཉམོ། ། སྟོང་། མཉམ་བ་འདི་རྣམས་། གཅིག་གིས་གཅྀག་ལ་། རི་དག་ལ་མདའ་དརྔུལ་པ་ལས། སྩོགས་པས་ཕོགས་པ་དང་། ཞང་ལོན་འདི་རྣམས་ལ་གཡུའྀ་ཡི་གེ་པ་མན་ཅད་། ཕྲ་མེད་ཀྱྀ་ཡྀ་གེ་པ་ཡན་ཅན།  སྟོང་མཉམ་བ།  གཅིག་གིས་གཅིག་རི་དག་ལ། མདའ་དརྔུལ་པ་ལསྩོགས་པས། ཕོགས་དང་། གུམ་ཡང་རུང་མ་གུམ་ཡང་རུང་།  མཁོན7མཆིས་ཏེ་ཆད། ཀར8འཕངས་རེ་ཞེས། གཙང་དཀར9བཅུ་གཉིས་དང་ཁོ་ན་བདག་དང་བཅུ་གསུམ། བྲོསྩལདོ། དཀར་ཆགསྣ:10། ཐོང་མྱི11དང་ཁྲིམས་གཅིག་གོ:། སྟོང་འཇལ་དུ་ཡང་མྱི་གནངོ་། དཀར་གྱིས་ཆངས12ཏང་། མདའ་ཕོགས་པའ་གུམ་དང་། མྱྀ་སྟོང་སྲང་ཁྲི་བབ་སྟེ:།ཡུས་བདག་དང་། འདམ་པོ་ཕྱེད་མར་དབངོ་། འདམ་པོ་མ་མཆིས་ན་། སྲང་ཁྲི་ཡུས་བདག་དབངོ་། མདས་ཕོགས་པ། མ་གུམ་ན་། གསྣོ་སྟོང་སྲང་ལྔ་སྟོང་ཕབསྟེ:། ཡུས་བདག་དང་འདམ་པོ་ཕྱེད་མར་དབངོ་། འདམ་པོ་མཆིས། ན་།  སྲང་ལྔ་སྟོང་ཀུན་ཡུས་བདག་དབངོ་། །དམས་ཕོག་སྟེ:།ངའྀ་མདའ་མ་ཡྀན་ཅེས:། སྙོན་སྙོན13མ་ཆང་སྟེ་མདས། ཕོགས་གུམ་ཡང་རུང་མ་གུམ། ཡང་རུང་། །ཐོང་མྱི་དང་ཁྲིམས་གཅྀགོ ། ། སྙོན་སྙོན་པ་ཚངས་དང་།སྐུར་པ་ཟན:ཀྱང་། ཐོང་མྱིའི་སྐུར་པ་ཟན་དང་ཁྲིམས་གཅིག་དུ་དབངོ:།།།ཿ། །ཞང་ལོན་ཆེན་པོ་ངོ་བོ་དང་། [ཞང་ལོན]ཆེན་པོ་དང་སྟོང་མཉམས་པ་ཞིག་ལ་:།ཞང་ལོན་དངུལ་གྱྀ་ཡྀ་གེ་པ་མན་ཅད་། ཟངས་ཀྱྀ་ཡི་གེ་པ་ཡན་ཅན་། སྟོང་མཉམ་པ་གཅིག་གིས་། རི་དག་ལ་མདའ། བརྡུལད་། པ་སྩོགས་ཕས་ཕོགས་ན:། གུམ་ཡང་རུང་། མ་གུམ་ཡང་རུམ། འཁོན་མཆྀས་ཏེ་ཆད་ཀར་མདས:། འཕང་རེ་ཞེས:། [གཙང]དཀར་བཅུ་གཉིས་དང་ཁོ་ན་བདག་དང་བཅུ་གསུཾ་བྲོ་སྩོལདེ། བྲོ་སྩོལས་པ་ལས་དཀར་ཆགསྣ། ཐོང་མྱི་དང་ཁྲིམས་གཅིག་གོ:། །སྟོང་འཇལ་དུ་ཡང་མྱི་གནངོ། ། དཀར་གྱི[ས]ཆངས་ཏེ། མདའས་ཕོག་པ་གུམ་དང:། མདའས་འཕོང་འཔོང་བ། ཁོ་ན་སྒོར་རབས་བཅདེ:། ཁོལ་ཡུལ་ཀུན་དང་། བང་ཟ་དང་ཕྱུག་ནོར་ཀུན་ཡུས་བདག་དང་འདམ་པོ་ཕྱེད་མར་སྩལད་ཏོ། འདམ་པོ་མ་མཆིས་ན་། ཁོལ་ཡུལ་དང་བང་ཟ་ཕྱུག་ནོར་ཀུན་། ཡུས་བདག་སྩལདོ། བུ་མོ་སྨད་ནྀ་། སྒོར་རབས་ཆད་པའྀ་འོག་ན་། ཕ་མཆིས་ན་ཕ་སྩལདོ། ཕ་མ་མཆིས་ན།ཕུ་ནུ་བོ་གག་འདུར་པ15སྩལད་ཏོ:། མདའས་ཕོག་པ་མ་གུམ་དང་། གསོན་སྟོང་དུ་སྲང་ལྔ་སྟོང་ཕབ་སྟེ:། ཡུས་བདག་དང་འདཾ་ཕོས་ཕྱེད་མར་དབངོ:། འདམ་པོ་མ་མཆིས་ན་གསོན་སྟོང་ཀུན་ཡུས་བདག་དབངོ་། མདའས་ནྀ་ཕོགསྟེ། ངའྀ།མདའ་མ་ཡྀན་ཅེས། མཆི་། སྙོན་སྙོན་མ་ཚངས:དང་། མདའས་ཕོག་པ་གུམ་ཡང་རུང་། མ་གུམ་ཡང་རུང་། ཐོང་། མྱི་ཁྲིམས་བཞིན་དུ་དགུམ། སྙོན་སྙོན་ཆངསྣ་། སྐུར་པ་ཟན་ཀྱང་། ཐོང་མྱྀའི་སྐུར་བ་ཟན་དང་ཁྲིམས་གཅིག ། དུ་གནངོ:། །ཿ:། །ཞང་ལོན་ཆེན་པོ་ངོ་བོ་དང་། ཞང་ལོན་ཆེན་པོ་སྟོང་མཉམ་བ:། ཞིག་ལ:། གཙང་ཆེན16མན་ཅད་། དམངས་མཐའ་མ17ཡན་ཅད་། གཅིག་གིས་གཅིག:། རྀ་དག་ལ་མདའས་རྡུལ་བས་ལས་སྩོགས་ཕས་ཕོགས་ནའ:།གུམ་ཡང་རུང་མ་གུམ་ཡང་རུང་། ཁོན་མཆིས་ཏེ་ཆད་ཀར་འཕང་རེ་ཅེས:། གཙང་ཀར་མྱི་བཅུ་གཉིས་དང་།  ཁོ་ན་དང་བཅུ་གསུམ་བྲོ་སྩལད་ཏོ། ། བྲོ་སྩལད་པ་ལས། དཀར་ཆགསྣ་ཐོང་མྱི་དང་ཁྲིམས་གཅིག་གོ ། དཀར་ཀྱིས་ཆང་དང་། ཁོ་ནྀ་སྒོར་རབས་བཅདེ་། ཁོལ་ཡུལ་ཀུན་དང་བང་ཟ་ཕྱུག་ནོར་ཀུན་། ཡུས་བདག་དང་འདམ་པོ་ཕྱེད་མར་སྩལདོ། །འདམ་པོ་མ་མཆིས་དང་། ཀུན་ཡུས་བདག་སྩལདེ་བུ་སྨད་ནི་སྒོར་རབས་ཆད་པའྀ་། འོག་དུ་། ཕ་མཆིས་དང་ཕ་སྩལད་ཏོ། མ་མཆིས་དང་ཕུ་ནུ་བོ་གང་འདུར་པ་སྩལད་ཏོ། ། མདས་ཕོག་སྟེ་ངའྀ:། མདའ་མ་ཡྀན་ཅེས་སྙོན་སྙོན་མ་ཆང་ན། མདའས་ཕོག་པ་གུམ་ཡང་རུང་། མ་གུམ་ཡང་རུང་། ཐོང་མྱྀའི་ཁྲིམས་བཞིན་དུ་དགུམ། །སྙོན་སྙོན་ཏེ་ཆང་དང་། སྐུར་མ་ཟན་ཀྱང་། ཐོང་མྱྀའི་སྐུར་པ་ཟན་ཐང་དུ་དབངོ:། །

༄:། །ཞང་ལོན་དངུལ་གྱྀ་ཡི་གེ་ངོ་བོ་དང་།  དངུལ་གྱྀ་ཡི་གེ་པ་དང་སྟོང་མཉམ་ཞིག་ལ:། ཞང་ལོན་ཆེན་པོ། མན་ཅད་། དམངས་མཐའ་མ་ཡན་ཅད་། གྱིས:རི་དགས་ལ་སྩོགས་པ་ལ:། མདའས་རྡུལ་ཏེ་། ཕས18:། ཕོགསྟེ་གུམ་བ་དང་མ་གུམ་:། པའྀ་ཁྲིམས་ལཿཿ། །

ཞང་ལོན་དངུལ་གྱྀ་ཡི་གེ་པ་ངོ་བོ་དང་། དངུལ་གྱྀ་ཡི་གེ་པའྀ་། མྱེས་པོ་དང་ཕའ་དང་། ཞང་ལོན་ཕྲ་མེད་པའྀ:། བུ་པོ་སྤད་ཕན་ཅད། ཕ་སྤུན་སྤད་ཚུན་ཅད་།ཡྀ་གེ་མ་མཆིས་པ་རྣམས་དང་། ། མ་ཡར་མོ་དང། མནའ་མ་དང་ཁྱོ་མོ་དང་། བུ་སྲིང་ཁྱོ་མ་མཆིས་པ་འདི་རྣམས། རྀ་དག་ལ་མདའས་རྡུལ་ཕ་ལ་སྩོགས་ཏེ་། ཕོགས་པ་ལ:། སྟོང་མཉམ་བོ། །སྟོང་མཉམ་བ་གཅྀག་གྀས:། གཅིག་ལ་། རི་དགས། ལ་། མདས:རྡུལ་:པ་ལ:སྩོགསྟེ:། ཕོགས་པ་དང་། སྟོང་མཉམ་བ་འདི་རྣམས། ལ་། ། ཞང་ལོན་ཆེན་པོ་དང་། སྟོང་མཉམ་བ་མན་ཅད་། ཟངས་ཀྱྀ་ཡྀ་གེཔ་དང་སྟོང་མཉམ་བ་ཡན་ཅད་། གྱིས:། རི:དགས་ལ་སྩོགས་པ་ལ:།མདའ་རྡུལད་ཕས་ཕོག:དང་། གུམ་ཡང་རུང་མ:གུམ་ཡང་རུང་། མཁོན་མཆྀསྟེ་ཆེད་ཀར:འཕངས་:རེ:ཞེས:། གཙང་དཀར་མྱི:བཅུ་གཉིས:ཁོ་ན་བདག་དྔ་བཅུ:གསུམ:བྲོ:སྩལདོ་། དཀར:ཆག:ནའ:། ཐོང་མྱི:བཀའ:གྲིམས:དང་གཆྀག་འོ:། དཀར:གྱིས:ཚངསྟེ:།མདའས:ཕོག:པའ:གུམ:དྔ་མྱི་སྠོང་དུ:སྲང་སུམ་སྟོང་ཕབ་སྟེ།ཡུས:བདག་དང་འདམ:ཕོ:ཕྱེད་མར:དབངོ། འདམ་པོ་མ་མཆིསྣ:། སྲང་སུམ་སྟོང་གུན་ཡུས:བདག:དབངོ། མདའས་ཕོག་པ་མ:གུམ:ནའ:། གསོན་སྟོང་། སྲང་སྟོང་ལྔ:བརྒྱ་ཕབ:སྟེ:ཡུས:བདག་འདམ:ཕོ:ཕྱེད:མར:དབངོ། འདམ:ཕོ:མ:མཆིསྣ:སྲང་སྟོང་ལྔ་བརྒྱ།ཡུས:བདག:དབངོ། སྲང་ཆིག:མ:ཁོར:ནའ:19དགེ:བ20ཡང:དགུམོ། མདའས:ནི:ཕོག:སྟེ:ངའི:མ:ཡིན:ཞེས:སྙོན:སྙོན:མ:ཆངས:ན:མདའས:ཕོག:པ:གུམ:ཡང་:རུང:ཐོང:མྱི:བཀའ:གྲིམས::གཆིགདུ:དགུམོ། སྙོན:ཚངས:དང་། སྐུར་པ:ཟན་ཀྱང་ཐོང:མྱི་སྐུར:་པ:ཟན་དང་ཐང:གཆིག:དུ:དབངོ་།ཿཿ  ཞང་ལོན་དངུལ་གྱི་ཡི:གེ:པ:ངོ་:བོ:དང:དངུལ:གྱི:ཡི:གེ:པ:དང:སྟོང:མཉམ:བ:གཆིག:ལ:གཙང་ཆེན་མན་ཅད་། དམངས་མཐ:མ:ཡན་ཅད་གྱིས:།རི་དགྶ་ལ:་སྩོགས:པ:ལ:། མདའ་རྡུལ:པས:ཕོག:ནའ:། གུམ:ཡང་རུང་། མཁོན་མཆིསྟེ་ཆེད་ཀར:འཕངས:རེ:ཞེས། གཙང་དཀར:མྱི:བཆུ:གཉིས:ཁོ:ན:བདག:དང:བཆུ:གསུམ:བྲོ:སྩལཏོ། དཀར:ཆག:ན་ཐོང་མྱི:དང་:ཁྲིམས:གཆྀགོ། ། དཀར:གྱྀས:ཚངསྟེ་མདའས་ཕོག:པ:གུམ་དང:ཁོ:ན་བྲ:ཤིག21བཀུམ་སྟེ:ཁོལ:ཡུལ:གྱི:པྱེད་དང་བང་ཟའི:པྱེད་དང་ཕྱུགས:ནོར:གྱི:ཕྱེད་དྔ་གུན:ཡུས:བདག:དང་འདའམ:པོ:པྱེད་མར:དབངོ། འདམ:པོ:མ:མཆིས་ན་ཁོལ:ཡུལ:གྱི:པྱེད:ཕྱུགས་ནོར་གྱི:ཕྱེད་དྔ་བང་ཟ:། གུན་ཡུས:བདག:དབངོ། ཁོལ:ཡུལ:གྱི་ཕྱེད་དྔ་པྱུགྶ:ནོར:གྱི:པྱེད་ནྀ་བུ་སྨད་སྩལདེ:མལ་ན་དགོདོ22། ཕུ:བོ:མ:མཆིས:ན:ཕ་སྩལཏོ། བ[ཕ]མཾཆིས་ན:ཁོལ:ཡུལ:གྱི:པྱེད་ཕོ་ནི:།ཕུ་ནུ་བོ:དྲུང་མཆིས:གྱང་མྱི:སྩལ་ཏོ། བུ་སྨད་དྔ་ཕྱུགས:ནོར:གྱི:པྱེད་ནི:ཕུ་ནུ་བོ:སུ:འདུར:བ:ཞིག:སྩལཏོ། ཁོལ:། ཡུལ:གྱི:པྱེད་ནི:སུའི:འབངས:སིའི:བྲན་བས:[སོ]སོར:བཞེས:འཚོལ:ཆྀག:། མདའས:ཕོག:མ:གུམ:ཁོལ:ཡུལ:གྱི:པྱེད་དྔ་བང་ཟ:ཕྱུག:ནོར:གུན:གྱྀ:པྱེད་ཡུས:::བདག:དང:འདམ:པོ་པྱེད་མར་དབངོ། འདམ:པོ:མ:མཆིས:ན་བང་ཟ:ཕྱུགྶ:ནོར་གྱི:པྱེད་ཡུས་བདག་དབངོ། །ཁོལ:ཡུལ:། དང་བང་ཟ:ཕྱུགས:ནོར་གྱི:པྱེད་ཡུས་བདག་དབངོ། །ཁོལ:ཡུལ:།  དང་བང་ཟ:ཕྱུགས:ནོར་གྱི་པྱེད་ཕོ་ནི:ཁོ:ན་སྩལདེ་། མལ:ན་དགོདུ་བསོ། ། མདའས:ནི་ཕོག:སྟེ:ངའི་མདའ:མ:ཡིན་ཞེས:སྙོན་སྙོན་མ:ཚངས་ནའ:། མདའས:ཕོག་པ:གུམ:ཡང་རུང་མ:གུམ:ཡང་རུང་།  ཐོང་མྱི:བཀཱ:གྲིམས་གཆིག་དུ:དགུམོ། ། བསྙོན་བསྙོན་ཚངས:དང་སྐུར:པ:ཟན་ཀྱང་། ཐོང་མྱིའི་སྐུར:པ:ཟན་དང་ཁྲིམས:གཆིག་དབངོ།

༄:། །[རྒྱལ་འབངས་གཡུང་ངོ་འཚལད་དང་། ཞང་ལོན་དང་དམངས་ཀྱྀ་བྲན་རྐྱ་ལ་མ:གཏོགས་པ་དང་། ལྷོ་བལ་གྱྀ་བཙོན་ཡན་ཅད་ཞྀག:ལ:། །ཞང་ལོན་ཟངས་ཀྱྀ་ཡི་གེ་པ་ཡན:ཆད་དང་སྟོང་མཉམ་པ་གཅྀག་གིས། །རི་དགས་ལས་སྩོགས:པ་ལ། །མདས་རྡུལདེ་ཕོགསྟེ། གུམ་བ་དང་། མ་གུམ་བའྀ་ཁྲིམས་ལ:།ཿ། །]རྒྱལ་འབངས་གཡུང་ངོ་འཙལ་དང་ཞང་ལོན་དང་། དམངས་ཀྱྀ་བྲན་རྐྱ23ལ་མ:གཏོགས་པ་དང། ལྷོ་བལ་གྱྀ་བཙོན24ཡན་ཅད་ཞྀག:ལ:། ། ཞང་ལོན་ཟངས་ཀྱྀ་ཡི་གེ་པ་ཡན:ཆད་དང་སྟོང་མཉམ་པ་གཅྀག་གིས། ། རི་དགས་ལས་སྩོགས:པ་ལ། ། མདའ་རྡུལ་བས་ཕོག:དང་གུམ:ཡང་རུང་མ་གུམ་ཀྱང་རུང། ། ཁོན:མཆིསྟེ་ཆད་ཤར་འཕངས་རེ:ཞེས་གཙང་དཀར་བཅུ:གཉིས། ཁོ་ན་དང་བཅུ་གསུམ་བྲོ་སྩལད་ཏོ། ། བྲོ:སྩལདེ་དཀར་ཆག་ན། ཐོང་མྱི་དང་ཁྲིམས་གཆིག་གོ། ། དཀར་གྱྀས་ཆངསྟེ:།མདས་ཕོག་པ་གུམ:ན:མྱྀ:སྟོང:དུ་སྲང་ཉིས་བརྒྱའ་ཕབསྟེ:། ཡུས་བདག་དང་འདམ་པོ་ཕྱེད:མར་དབངོ:།འདམ:པོ་མ་མཆྀས་ན། སྲང་ཉྀས་བརྒྱ:ཀུན:ཡུས་བདག་དབངོ། མདའས་ཕོག:པ་མ་གུམ་ན་གསོན་སྟོང་སྲང་བརྒྱ་ཕབ། ཏེ། ཡུས་བདག:དང་འདམ:པོ:གཉིས་ཕྱེད་མར:དབངོ། འདམ་པོ:མ་མཅྀས་ན་སྲང་བརྒྱ:ཀུན:ཡུས:བདག:དབང་ངོ། གུམ:བའི་སྟོང་ཡང་རུང་། གསོན་བའྀ་གསོན:སྟོང་ཀྱང་རུང་སྟོང་འཇལ:བ:ལ། ཞང་ལོན:ཀྱང་རུང། ། སྲང་ཆིག་མ་ཁོར་ན་དགུམ་མོ། མདས་ནྀ་ཕོག་ཏེ:། ངའྀ་མདའ:མ་ཡྀན་ཅེས་སྙོན:སྙོན་མ་ཚངས་ན:མདའས་ཕོག:[པ]གུམ་ཀྱང་རུང་མ:གུམ་ཀྱང་རུང་། ། ཐོང་མྱི་ཁྲིམས་བཞྀན་དགུམོ། ། སྙོན་སྙོན་ཚངས:དང་སྐུར་པ:ཟན:ཀྱང་ཐོང་མྱྀའི:སྐུར:པ:ཟན་དང་ཁྲིམས་གཆྀག་དུ་དབངོ། །

རྒྱལ:འབངས:གཡུང་ངོ:འཙལ:དང:ཞང་ལོན་དང་དམངས:གྱྀ:བྲན:རྒྱ་ལ་མ་གཏོགས་པ་དང་ལྷོ་བལ་གྱྀ་བཙོན:ཡན:ཅད་གཡུང་ངོ:འཚལ་དང་འདི་རྣམས:གཆིག:ལ:། གཙང་ཆེན་མན་ཅད་རྒོད་དོ་འཚལད25དང་སྟོང་མཉམ་བ་ཞྀག:གིས།རྀ་དགས:ལས་སྩོགས་པ་ལ:། །མདའས་རྡུལ་བས་ཕོག:དང:གུམ་ཡང་རུང་མ་གུམ་ཀྱང་རུང:།ཁོན་མཆིས་ཏེ:ཆད:ཀར་འཕངས་རེ་ཞེས། གཙང་དཀར:བཅུ་གཉིས། ཁོ་ན་དང་བཅུ་གསུམ:བྲོ:སྩལཏོ། ། བྲོ་སྩལ:པ:ལ:དཀར:ཆག་ན། ཐོང་མྱྀ་དང་བཀའ:གྲྀམས་གཆྀག:གོ། །དཀར:གྱིས་ཚངས་ཏེ:མདའས་ཕོག:པནྀ:གུམ:དང། །མྱི་སྟོང་དུ་སྲང་བརྒྱ:ཕབ:ཏེ། ། ཡུས་བདག:དང་འདམ:པོ:ཕྱེད:མར་དབངོ། །འདམ་པོ་མ་མཅྀས་ན:སྲང་བརྒྱ:ཀུན་ཡུས་བདག:དབངོ། །མདའས་ཕོག:པ:མ:གུམ་ན་རྨན་ཟན་དུ་སྲང་ཉྀ:ཤུ:ཕབ:ཏེ:ཡུས:བདག:དང་འདམ་པོ་ཕྱེད་མར་དབངོ། འདམ་པོ:མ་མཆྀས། ན། སྲང་ཉྀ:ཤུ:ཀུན་ཡུས་བདག:དབངོ། ། གུམ་བའྀ་སྟོང་ཡང་རུང། ། མ:གུམ:བའྀ:རྨ:ཟན:ཀྱང:རུང་སྲང་གྲངས:འཚལ་བ་སྲང་གཆྀག:མ་ཁོར:ན:སུ:ཡང་རུང་དགུམོ། ། མདའས་ཕོག་ཏེ:ངའྀ:མདའ་མ་ཡྀན:ཅེས། །སྙོན་སྙོན:མ་ཚངས་ན:མདའས་ཕོག:པ:གུམ:ཡང་རུང་མ་གུཾ་ཡང:རུང་ཐོང་མྱྀ:དང་ཁྲིམས་གཆྀག:དུ་དགུམོ། སྙོན་སྙོན་ཚངས་དང་སྐུར་པ་ཟན་[ཀྱང]ཐོང་མྱིའྀ་སྐུར་པ་ཟན་དང་ཁྲིམས་གཆིག:དུ:དབངོ། །ཿཿ། །

རྒྱལ་འབངས:གཡུང་ངོ་འཚལ་དང་ཞང་ལོན:དང་དམངས:གྱྀ:བྲན་རྒྱ་ལ:མ་ཏོགས་པ་གཡུང་དང་ལྷོ་བལ:གྱྀ་བཙོན་མན་ཆད:འདྀ་རྣམས། རྀ་དགས་ལ་མདའ་རྡུལ:བས་པོག་པ:ལ། སྟོང།  མཉམོ། ། སྟོང་མཉམ་བ་འདྀ:རྣམས། ནང་རྀ་དགས་ལ་མདའ་རྡུལ:བ:ལས། སྩོགས:པས། ཕོག་དང། གུམ་ཀྱང་རུང་མ་གུམ་གྱང་རུང། ཁོན་མཆྀས:ཏེ:ཆད:ཀར་འཕངས་རེ:ཞེས། གཙང་དཀར་བཅུ་གཉྀས། ཁོ:ན:བདག་ཏང་བཅུ:གསུམ་བྲོ:སྩལཏོ། བྲོ་སྩལ་བ:ལ་དཀར་ཅག་ན:ཐོང་མྱི་དང་ཁྲིམས་གཆྀགོ:། ། དཀར་གྱྀས:ཚངས་ཏེ་མདས་ཕོག:པ:ནྀ:གུམ:དང་མྱྀ:སྟོང་དུ་སྲང་ལྔ་བཅུ། །ཕབ:ཏེ། ཡུས་བདག:དང་འདམ་པོ:། ཕྱེད:མར:དུ་དབངོ། འདམ་པོ:མ:མཆྀས:ན་སྲང་ལྔ་བཅུ་ཀུན:ཡུས་བདག:དབངོ།  མདའས:ཕོག:པ། མ:གུམ:དང་རྨ:ཟན:དུ:སྲང་བཅུ:ཕབ:ཏེ:ཡུས་བདག:དང:འདམ་པོ:ཕྱེད:མར:དུ:དབངོ། འདམ:པོ:མ:མཆྀས་དང་སྲང་བཅུ་ཀུན་ཡུས། བདག་དབངོ། གུམ:བའྀ:སྟོང་ཡང་རུང་མ:གུམ:བའྀ:རྨ:ཟན་ཀྱང་རུང་། སྲང་གཆྀག་མ་ཁོར་ན་དགུམོ། མདའས་ཕོག:ཏེ་ངའྀ:མདའ:མ་ཡྀན:ཅེས། སྙོན་སྙོན་ཚངས་ན། སྐུར:པ་ཟན་ཀྱང། ཐོང་མྱྀའི་སྐུར་པ་ཟན་དང་ཁྲྀམས:གཆྀག་དུ:དབངོ། །

2 དཀའ་འགྲེལ།

1.ཁྲིམས་ཡིག་འདི་ཀོ་ནི་ཏུན་ཧོང་ནས་བཏོན་པའི་གཏེར་ཡིག་གི་ཆ་ཤས་ཤོག་གྲངསP.T.1071.དངP.T.1073ལ་སོགས་ལས་བཤུས་ཤིང་།ཁྲིམས་ཡིག་གཏེར་བཏོན་མ་ལས་བྱུང་བ་ལྟར་ན་སྐབས་དེར་གྲལ་རིམ་གོ་གནས་ཀྱི་མཐོ་དམན་ལ་གཞིགས་ནས་སྲོག་གི་སྟོང་ཐང་ལ་དབྱེ་བ་དགུ་སྟེ།  ཞང་བློན་ཆེན་པོ་བཞི་དང་དེ་དག་དང་སྟོང་ཐང་མཉམ་པ་དང་། ཞང་བློན་གཡུའི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ། གསེར་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ།  ཕྲ་མེན་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ།  དངུལ་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ་དང་། ར་གན་གྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ། ཟངས་ཀྱི་ཡི་གེ་པ་དང་དེ་དག་དང་སྟོང་ཐང་མཉམ་པ་བཅས་ཞང་བློན་སྤྱི་བྱེ་བྲག་པའི་གྲལ་རིམ་གྱི་གོ་གནས་མཐོན་པོ་བ་རྣམས་དང།  དེ་ནས་གཙང་ཆེན་པ་དང་དེ་དག་དང་སྟོང་ཐང་མཉམ་པ་རྒོད་དོ་འཚལ་དང་། གཡུང་ངོ་ཅོག་གམ་དེ་དག་དང་སྟོང་ཐང་མཉམ་པ་ལྷོ་བལ་གྱི་བཙོན་པ་ལ་སོགས་པའོ། ། མ་ཡིག་ཀུན་པོ་འདིར་འགོད་པ་མངས་དོགས་ནས། དེ་ལས་མཐོ་འབྲིང་མཐའ་གསུམ་ཙམ་མ་ཡིག་ལས་ཇི་བཞིན་འབྱུང་བ་དེ་བཞིན་དུ་བཀོད་པ་ལགས།  དེ་ཡང་། སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་བཀའ་ཁྲིམས་ཆེན་མོ་དྲུག་དང་བཅས་པའི་ཁོས་སུམ་ཅུ་སོ་དྲུག་གཏན་ལ་ཕབ་སྟེ། བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཀྱི་འབངས་ཡོད་དོ་འཚལ་རྒྱལ་ཁྲིམས་གཅིག་གིས་བཅུན་ནོ་སྐད་ཀྱང་། འདིར་བཀོད་པ་ནི་ཁྲིམས་ཡིག་སྤྱིའྀ་བྱེ་བྲག་ལས་ཀྱང་བྱེ་བྲག་པ་ཞིག་སྟེ།  འབངས་རྣམས་ཀྱིས་རི་དྭགས་རྔོན་པ་སོགས་ཀྱི་དུས་སུ་མ་བསམས་ས་ནས་ཕན་ཚུན་ལ་མདའ་ཕོག་པར་བྱས་ཏེ་ཤི་རྨས་བྱུང་བ་ལ་སོགས་པའི་ཚེ་ན་ཁྲིམས་ཐག་ཇི་ལྟར་གཅོད་དགོས་པའི་ཁྲིམས་ཙམ་ཡིན་པ་ལས་ཁྲིམས་ཡིག་སྤྱི་མ་ཡིན་ནོ། །

2.ཞང་ལོན། ཞང་བློན་དང་དོན་གཅིག་སྟེ་ཐོབ་ཐང་གི་ཡིག་ཚང་མངའ་འོ་འཚལ་གྱི་བློན་པོ་སྤྱི་ལ་འཇུག

3.རི་དག་གམ་རི་དགས། རི་དྭགས་སོ། །

4.མདའས་དརྡུལ་བ། མདས་བཏུལ་བ་སྟེ་མདས་བརྒྱབ་པའོ། །

5.ཞང་དྲུང་། ཞ་དྲུང་ངམ་ཞང་འབྲང་དང་ཞ་འབྲང་སྟེ་ཞབས་དྲང་དང་ཞངས་འབྲང་དང་མཚུངས་ལ། ཞ་གོ་དྲུང་པ་སྟེ་བཙན་པོའི་དབུ་བླར་གྱིུར་པའི་དགེ་སློང་འདྲ་ཨེ་མིན་ཞེས་ཀྱང་སྙམ།

6.འོག་པོན།  འོག་དཔོན་ནོ། །

7.མཁོན་ནམ་ཁོན། འཁོན་ནོ། །

8.ཆད་ཀར། ཆད་ཀ་རུ་སྟེ་ཆད་པ་རུ། ཞེས་པའི་དོན་ཡིན་པ་ཁྲིམས་ཡིག་གི་སྐབས་ལ་ལར་འབྱུང་གི །

9.གཙང་དཀར། གྱོད་བདག་དང་གྱོད་ཡ་གཉིས་ཀྱི་གང་གི་ཕྱོགས་སུའང་མ་ལྷུང་བར་དཔང་དུ་སྡོད་ཆོག་པའི་མི་དཀར་མ་ལ་ཟེར་བ་འདྲ།

10.དཀར་ཆགསྣ།  དཀར་ཆགས་ན་སྟེ་བདེན་ཡོད་པར་གྱུར་པ་ན། ཞེས་པའི་དོན། དཀར་འཆགས་པ་སྟེ་རང་ལ་བདེན་ཡོད་པ་དག་མ་གསང་དྲང་བོར་ཤོད་པའི་དོན་དུའང་འཇུག་པ་འདྲ་སྙམ།

11 .ཐོང་མྱི། མི་གསོད་ཀྱི་ལག་དམར་ལྟ་བུ་སྟེ། གང་བྱུང་གིས་གསོད་པ་མ་ཡིན་པར་རྒྱུ་མཚན་ཞིག་གི་དབང་གིས་ཕ་གི་པ་ཞིག་བསད་པ། དཔེར་ན། ཕན་ཚུན་བར་མི་ཤ་ཡོད་པ་ལྟ་བུས་སོ། །

12.དཀར་གྱིས་ཆངས་སམ་ཚངས།  བདེན་གྱིས་བཅངས་པ་ཞེས་པ་སྟེ་གྱོད་བདག་གི་བདེན་གྱིས་གྱོད་ཡ་བཅངས་པ་ལྟ་བུ་ལ་ཟེར།

13.སྙོན་སྙོན།  རང་གིས་རང་ལ་དཀར་ཡོད་པ་ཡང་ཡང་བཤད་པ་དང་། འཇུན་པའོ། །

14.སྐུར་པ་ཟན། སྐུར་བ་བྱེད་ཅེས་པའི་དོན།

15.ཕུ་ནུ་བོ་གག་འདུར་བ། ཕུ་ནུ་བོ་གང་ལ་འདུ་བའམ་ཕུ་ནུ་བོ་གང་གིས་བདག་བྱེད་འདོད་པ། ཞེས་པའི་དོན།

16.གཙང་ཆེན།  ཞང་བློན་ཟངས་ཡིག་པ་ལས་དམའ་བ་དང་། རྒྱལ་འབངས་རྒོད་ལས་མཐོ་བའི་གོ་གནས་པ་ཞིག་ཡིན་པ་འདྲ།

17.དམངས་མཐའ་མ། གཡུང་ངོ་ཅོག་གི་གོང་ཙམ་ན་མཆིས་པའི་རིམ་པ་ཞིག་སྟེ། དམངས་རང་དབང་ཅན་གྱི་མཐའ་མའོ། །དེ་ལ་འདིར་དམངས་ཞེས་པ་ནི་ཞང་བློན་ཡི་གེ་པ་དག་གི་ཉེ་དུ་ཡིག་ཚང་མ་མཆིས་པ་རྣམས་དང་འབངས་རྒོད་དོ་ཅོག་ལ་ཟེར་ཏེ།  དེ་རྣམས་ནི་བཙན་པོའི་འབངས་མི་ཡིད་རྟོན་འཕེར་བའི་རྩ་བའི་དམངས་ཡིན་པ་འདྲ།

18.ཕས།  ཕ་གིས་དང་དོན་གཅིག

19.མ་ཁོར་ནའ། མ་འཁར་ན་སྟེ་མ་འདང་ན་ཞེས་པ་དང་དོན་གཅིག

20.དགེ་བ། ཡ་རབས་སམ་བཟང་བོ་དང་གཅིག

21.བྲ་ཤིག  འབྲ་ཤིག་གམ་འབྲས་ཤིག་ཅེས་ཀྱང་འབྱུང་སྟེ། འཕྲལ་དུ་མ་ཡིན་པར་དུས་འགྱངས་ཀྱིས་གསོད་པར་འགྱུར་བའི་དོན་ཡིན་པ་འདྲ་ལ། ཡང་ན། འབྲའམ་འབྲས་ནི་འབའ་དང་མཚུངས་ཏེ་ཁོ་ན་ནི་གསོད་པ་འབའ་ཞིག་གོ་ཞེས་པའི་དོན་ཡིན་ནམ། གང་ལྟར་ནའང་ད་དུང་དཔྱད་པར་འཚལ་ལོ། །

22.མལ་ན་དགོདོ། རང་སོར་དགོད་དོའམ་ཁ་མལ་ན་དགོད་དོ་སྟེ་སྔ་སོར་འགོད་པར་འགྱུར་རོ་ཞེས་པའི་དོན།

23.བྲན་རྐྱ། བྲན་རྒྱ་སྟེ་བྲན་གྱི་གན་རྒྱ་ཞེས་པའི་དོན།

24.ལྷོ་བལ་གྱྀ་བཙོན། བོད་རང་གི་ཉེས་ཅན་སྲོག་ཁྲིམས་ལ་མ་སྦྱར་པ་རྣམས་དང་། རྒྱལ་ཁབ་གཞན་དང་གཞན་ལ་དམག་འཁྲུག་བྱས་པ་ལས་བཟུང་བའི་དམག་མིའམ་དམངས་ཚོགས་སོགས་ལ་འཇུག་པ་འདྲ།

25.རྒོད་དོ་འཚལ། རྒྱལ་འབངས་རྒོད་ཀྱི་སྡེ་གཙང་ཆེན་པ་ལས་རིམ་པ་གཅིག་གིས་དམའ་ཞིང་།  གཡུང་ལས་རིམ་པ་གཅིག་གིས་མཐོ་བས་དམངས་རང་དབང་ཅན་གྱི་གྲས་ཤིག་གོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-12

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།