ཁུ་ནུ་རི་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁུ་ནུ་རི་བོ།
རི་རབ་ཀྱི་རྒྱལ་བོའམ་གཡང་ཊི་རི་བོར་འབོད་ལ་ཀྲུང་གོའི་གནས་རི་གལ་ཆེན་ཞིག་ཡིན། ཡ་གླིང་གི་དབུས་སའི་རི་རྒྱུད་ཆེན་པོའི་གྲས་ཤིག་ཡིན་ལ་ཀྲུང་གོའི་ནུབ་རྒྱུད་ཀྱི་རི་རྒྱུད་ཀྱི་གཙོ་ཕུང་ཡིན། རི་རྒྱུད་འདི་ནུབ་ནས་པའོ་མའེ་ཨར་མཐོ་སྒང་གི་ཤར་ཕྱོགས་ནས་ཞིང་ཅང་དང་བོད་ལྗོངས། སི་ཁྲོན་བརྒྱུད་དེ་མཚོ་སྔོན་གྱི་མངའ་ཁོངས་སུ་འཐེན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昆仑山
ཕྱི་ཡིག་གི་མིང་།
Kunlun Mountains
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་བྱང་ཤར་ཕྱོགས་སུ་གནས།
མཚོ་འཕགས།
སྨི4767ཡོད།
རིང་ཚད།
སྤྱི་ལེ2500ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ50ལྷག་ཡོད།
1 ​ངོ་སྤྲོད།      

ཁུ་ནུ་རི་རྒྱུད་ཀྱི་ལ་ཆེན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་བྱང་ཤར་དུ་ཡོད།  རི་རབ་ཀྱི་རྒྱལ་བོའམ་གཡང་ཊི་རི་བོར་འབོད་ལ་ཀྲུང་གོའི་གནས་རི་གལ་ཆེན་ཞིག་ཡིན། ཡ་གླིང་གི་དབུས་སའི་རི་རྒྱུད་ཆེན་པོའི་གྲས་ཤིག་ཡིན་ལ་ཀྲུང་གོའི་ནུབ་རྒྱུད་ཀྱི་རི་རྒྱུད་ཀྱི་གཙོ་ཕུང་ཡིན། རི་རྒྱུད་འདི་ནུབ་ནས་པའོ་མའེ་ཨར་མཐོ་སྒང་གི་ཤར་ཕྱོགས་ནས་ཞིང་ཅང་དང་བོད་ལྗོངས། སི་ཁྲོན་བརྒྱུད་དེ་མཚོ་སྔོན་གྱི་མངའ་ཁོངས་སུ་འཐེན་ཡོད་པ་རེད། སྤྱིའི་རིང་ཚད་ལ་སྤྱི་ལེ2500ཡོད་པ་དང་ཞེང་དུ་སྤྱི་ལེ130ནས200ཡོད། ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི5500ནས6000ཡོད། ནུབ་རྒྱུད་ཁོད་དོག་པ་དང་ཤར་རྒྱུད་ཁོད་སྙོམས་པོར་འདུག་ལ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྤྱི་ལེ་ལྔ་འབུམ་ཡོད་པ་རེད། རྒྱའི་ངག་རྒྱུན་དུ་འཆད་པའི་ལྷ་སྒྲུང་ལས་ཁུ་ནུ་རི་བོར་མི་མགོ་གཟིག་ལུས་ཀྱི་ནུབ་ཕྱོགས་འཕགས་མ་གནས་ཡོད་པ་དང་འཁོར་གཡོག་བྱ་སྔོན་གཉིས་ཡིན་པར་བཤད་ལ། དེ་ནི་ཏའོ་ཆོས་ཀྱི་ལྷ་གཙོ་བོ་ཡིན་ཞིང་ཏའོ་ཆོས་ཀྱི་ཧུང་ཡོན་གྲུབ་མཐའ“混元派”དར་བའི་འབྱུང་གནས་ཡིན་པར་བཤད་ཡོད། བོད་སྐད་དུ་ཨ་དཀར་བྲག་ལུང་ཟེར།  ཁུ་ནུ་རི་བོར་ཨ་དཀར་བྲག་ལུང་དུ་ཐོགས་དོན་ནི་རི་རྒྱུད་འདིའི་རི་མགོར་རྡོ་ཨ་དཀར་དང་གཡང་ཊི་དཀར་པོ། གསེར་གཏེར་སོགས་ཡོད་པས་ཨ་དཀར་བྲག་ལུང་དུ་ཐོགས་པ་ཡིན་པར་བཤད།   ངག་རྒྱུན་དུ་གནས་རི་འདི་ནི་གླིང་གི་ས་ཆ་ཡིན་ལ་གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཟས་ཅོག་ཀྱང་གཡང་ཊིའི་བཟོས་པ་ཞིག་ཡོད་ལ་ཁོང་གིས་གླིང་གི་སྤྱི་དོན་སོགས་གྲོས་བྱེད་དུས་ཁོང་ཁྲོ་ལངས་ནས་དཀར་ཡོལ་གཡང་ཊིའི་ཟས་ཅོག་སྟེང་ལ་ཤུགས་ཀྱིས་འཇོག་པའི་བཤད་སྲོལ་ཡང་ཡོད་པ་རེད། དེ་ཡང་གནས་འདིར་དེང་སྐབས་གཡང་ཊིའི་གཏེར་ཁ་ཡོད་པའི་གནས་ཚུལ་དང་མཐུན་པ་རེད།  ཨ་དཀར་བྲག་ལུང་ནས་ཡར་སོང་ན་ཨ་ཆེན་གངས་རྒྱབ་ཀྱི་ནུབ་ཕྱོགས་སུ་གླིང་གི་སྐབས་ཀྱི་བདུད་ཀྱི་ཡ་སྟག་ཤ་ལྷས་དེ་ནི་གླིང་སྒྲུང་དུ་བཤད་པའི་ཡ་སྟག་ལྷ་མོའི་འབྲོང་ཤ་མང་པོ་སྐམ་སའི་ལྷས་ལྟ་བུ་ལ་ཟེར་ཡོད་པ་རེད།   བོད་ཀྱིས་སྔོན་ཆད་ནས་བཟུང་གཡང་ཊི་སོགས་གཏེར་ཁ་ནི་ས་ཡི་གཡང་ཡིན་པའི་གཏེར་ཁ་ཡོད་པ་གསང་བར་བཤད་ལ།  གལ་སྲིད་བརྐོ་སློག་སོགས་བྱས་ན་ཡུལ་ལྷ་གཞི་བདག་མི་དགའ་ཞིང་། སའི་དགེ་བཅུད་ཉམས་ནས་རྩྭ་ཆུ་སྐམ་པ་མ་ཟད། མི་ཟོག་ལ་ས་འགུལ་བརྒྱུག་པ་དང་ཆུ་ལོག་བྱུང་བ་སོགས་རང་བྱུང་གི་གོད་ཆག་མང་པོ་འབྱུང་བའི་ཉེན་ཁ་ཡོད་ཅིང་ལྷག་པར་དུ་གཏེར་ཁ་ཡོད་པའི་གནས་རི་བཅས་ནི་གནས་འགངས་ཆེན་དུ་བསམས་ཀྱིན་ཡོད་པས་རང་རིགས་ཀྱིས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་འདི་ལྟ་བུའི་འོག་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ནུས་པ་བླ་ན་མེད་པ་ཐོན་གྱིན་ཡོད།   གདང་ལའི་སྡེ་བ་འདི་ནི་ངག་རྒྱུན་དུ་གླིང་གི་སྡེ་ཡ་ཆུང་གི་རྗེས་རབས་པ་ཡིན་པར་བཤད་ལ།  བཤད་སྲོལ་དུ་སྡེ་ཡ་ཆུང་གི་མི་ཡི་ཟིལ་ཤུགས་ལ་འུད་བསྟོད་ཚུལ་དུ་ལུས་པོ་གཉན་ཆེན་ཐང་ལྷར་བསྔས་ཏེ་ལྷ་སའི་ཁྲོམ་ལ་སྤར་སྙོམ་བྱེད་པའི་ཚུལ་དུ་རྐང་ཡེ་སྐོ་ར་རྩེ་ལ་བཞག་རྐང་ཡེ་ནང་རིའི་རྩེ་ལ་བཞག   གཉན་ཆེན་ཐང་ལྷའི་རྩེ་ལ་མཆིན་ཁེན་བྱས།  ལྷ་སའི་ཁྲོམ་ལ་སྤར་གཉོམ་བྱས་ཞེས་པའི་ངག་རྒྱུན་ད་སྔའི་གདང་ལའི་དམངས་ཁྲོད་དུ་ཁྱབ་ཀྱིན་ཡོད། 

2 ཐོན་ཁུངས།

ཁུ་ནུ་རི་རྒྱུད་ཉེ་འཁོར་དུ་མཐོ་སྒང་གི་ཁོར་ཡུག་དང་འཚམ་པའི་སྐྱེ་དངོས་སྣ་ཚོགས་འདུས་ཤིང་སྨན་རྩྭའང་ཤིན་ཏུ་མང་ཞིང་།  རི་སྐྱེས་སྲོག་ཆགས་གཙོད་དང་འབྲོང་།  རྐྱང་།  དགོ་བ།  གསའ་གཟིག  དྲེད་མོང་། རྣ་བ། གླ། གཉན་བཅས་ཁྱུ་ཁྱུ་བྱས་ནས་ཡོད་པ་མ་ཟད།  མཐོ་སྒང་གི་འདབ་ཆགས་བྱ་རིགས་ཀྱང་ཤིན་ཏུ་མང་།  ཞིན་ཅང་ཧི་ཐན་ས་ཆའི་ཁུ་ནུ་རི་རྒྱུད་ཀྱི་གཡང་ཊིའི་ཐོན་ཁུངས་ཆེས་ལེགས་པ་རེད། གནའ་ནས་བཟུང་གཡང་ཊིའི་འབྱུང་ཡུལ་གཙོ་བོ་ཡིན།  དེ་བས་རྒྱའི《སྟོང་ཡིག་མ》ཡི་ནང་དུའང་གཡང་ཊིའི་འབྱུང་ཁུངས་ཁུ་ནུ་རི་བོ་ཞེས་བཀོད་ཡོད་པ་རེད། 

3 ངག་རྒྱུན།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ160མཚམས་སུ་ཡོད།   རི་རྩེར་གངས་དར་མདོང་མདོང་ལྷ་སྐུ་འདྲ་བ་ཞིག་ཆགས་ཡོད་པས་དེ་ལྟར་དུ་ཐོགས་པར་བཤད། གདང་ལའི་རི་བོ་གཙོ་གྲས་ལ་གསུམ་ཡོད་སྟེ། རི་དཀར་མར་གྲམ་གསུམ་ཡིན། ཆུ་བོའི་གཞུར་རྒྱུན་ལ་བསྟུན་ནས་མིང་ཆགས་པ་ཡིན་པར་བཤད།   སྐུ་ལྷ་དར་མདོང་གི་སྲིབ་ངོས་ཀྱི་ཇོ་མོ་རི་དམར་མདུན་དུ་གདང་ལའི་ཡུལ་སྐད་ལ་ཉ་ཚང་ལུ་མ་ཞེས་པའི་ཆུ་ཚན་ཞིག་ཡོད་ལ་ལུ་མ་ནི་དགུན་དུས་དར་ཆགས་རྒྱུ་མེད་པའི་ཆུ་ཚན་ཞེས་པའི་དོན་ཡིན།   ཇོ་མོ་རི་དམར་དང་སྐུ་ལྷ་དར་མདོང་གཉིས་ནི་མཛའ་གྲོགས་ཡིན་པར་བཤད་ལ།  ཉ་ཚང་ལུ་མ་ཞེས་པའི་ཆུ་ཚན་དེ་ནི་ཁོང་གཉིས་ཐོག་དང་བོར་འཁྲིག་སྦྱོར་བྱས་པ་ལས་བྱུང་བ་ཡིན་པར་བཤད་ལ། ཉ་ཚང་ལུ་མའི་མདུན་དུ་མཚོ་མདོག་དམར་མདངས་ལྡན་པའི་མཚོ་ཀོར་ཞིག་ཡོད་པ་ནི་འཁྲིག་ཆུ་ཡིན་པའི་བཤད་སྲོལ་ཡོད།  དམར་ཆུ་ནི་ཕོ་ལྷ་མོ་ལྷ་གཉིས་འཁྲིག་སྦྱོར་བྱས་པའི་མཚན་དཀར་དམར་འདྲེས་པའི་འཁྲིག་ཆུ་ཡིན་པར་བཤད། དེང་སྐབས་མི་ཟོག་ཀུན་གྱི་བཏུང་ཆུ་རུ་གྱུར་ཡོད་པ་རེད།  གདང་ལའི་དམར་ཆུའི་མགོ་ཁུངས་ནི་ཇོ་མོ་རི་དམར་མདུན་ངོས་ཀྱི་ཉ་ཚང་ལུ་མ་ཡོད་སའི་རི་རྒྱུད་ཀྱི་གངས་ཆུ་ཡིན།  སྐུ་ལྷ་དར་མདོང་གི་སྲིབ་ཕྱོགས་སུ་སྔོན་ཆད་གངས་བརྒྱ་མཆོད་པ་ཞེས་པའི་གངས་རི་བརྒྱ་ཡི་མཆོད་པ་བཤམས་ཡོད་པའི་གངས་དར་ཡོད།   དེང་སྐབས་འཛམ་གླིང་སྤྱི་བའི་དྲོད་ཚད་མར་འབབ་ཀྱིན་ཡོད་པའི་རྐྱེན་གྱིས་ད་ལྟ་གངས་དར་དེ་འདྲ་མང་བོ་མེད།   གནས་རི་འདིའི་བྱང་ཤར་ཕྱོགས་སུ་གྲམ་ཆུ་བཞུར་བཞིན་ཡོད་ལ་མགོ་ཁུངས་ནི་རྫ་འདི་གངས་རྒན་གྱི་རྫ་ཆུ་དང་གངས་ཆུ་ཡིན།    ཇོ་མོ་རི་བོའི་ཤར་ལྷོའི་ཕྱོགས་སུ་ཇོ་མོ་མཚོ་སྔོན་ཞིག་ཡོད།  སྔོན་ཆད་གནས་ཧ་ཅང་སྐྱིད་པོ་ཡིན་ལ་མཚོ་མོའི་མཐའ་འཁོར་དུ་འབྲོང་རྐྱང་གཙོད་གསུམ་གཙོ་བྱས་པའི་རི་དྭགས་ཁྱུ་ཁྱུ་བྱས་ནས་བག་ཡངས་སུ་འཚོ་གནས་བྱས་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-28

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།