གསོ་རིག་དངོས་ལུགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསོ་རིག་དངོས་ལུགས་རིག་པ།
གསོ་རིག་དངོས་ལུགས་རིག་པ་ནི་རིག་ཚན་ཆེན་པོ་གཉིས་ཏེ་གསོ་རིག་དང་དངོས་ལུགས་རིག་པའི་ཟུང་འབྲེལ་ཡིན་ལ། སྐྱེ་དངོས་གསོ་རིག་བཟོ་སྐྲུན་རིག་པའི་རྨང་གཞི་ཡང་ཡིན་ཞིང་། དངོས་ལུགས་རིག་པའི་གཞུང་ལུགས་བཀོལ་ཏེ་ཚེ་སྲོག་བརྒྱུད་རིམ་ཁྲོད་ཀྱི་སྐྱེ་ལུགས་དང་ནད་ལུགས་སྣང་ཚུལ་ལ་འགྲེལ་བཤད་རྒྱག་པ་དང་། དངོས་ལུགས་རིག་པའི་ལག་རྩལ་གསོ་རིག་ལག་ལེན་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་ལ་འགྲེལ་བཤད་རྒྱག་པ་དང་། དངོས་ལུགས་རིག་པའི་ལག་རྩལ་གསོ་རིག་ལག་ལེན་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་སྣ་འཛོམས་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
医学物理学
ཕྱི་ཡིག་གི་མིང་།
iatrophysics
1 གསོ་རིག་དངོས་ལུགས་རིག་པའི་གོ་དོན།

གསོ་རིག་དངོས་ལུགས་རིག་པར་ཕྱོགས་གཉིས་ཀྱི་ནང་དོན་ཡོད་དེ། གཅིག་ནས་དངོས་ལུགས་རིག་པའི་གཞུང་ལུགས་བཀོལ་ཏེ་མི་ལུས་ཀྱི་བདེ་ཐང་དང་ནད་རིགས་ལ་རྒྱས་བཤད་རྒྱག་པའི་ནུས་པར་སྟོན་ལ། ཚད་ངེས་ཅན་ཞིག་གི་སྟེང་ནས་སྐྱེ་དངོས་རིག་པ་དང་ནད་ལུགས་རིག་པའི་ཞིབ་འཇུག་དང་འབྲེལ་བ་ཡོད། གཉིས་ནས་དངོས་ལུགས་རིག་པ་དང་གསོ་རིག་ལག་ལེན་ཁྲོད་དུ་སྤྱོད་པ་སྟེ། ཤུགས་དང་ཚ། སྒྲ། འོད། གློག སྡུད། དེ་མིན་ཚད་བརྒལ་སྒྲ་རླབས། གློག་སྡུད་རླབས། སྐུལ་འོད། རྩིབས་འཕྲོ་བཅས་གསོ་རིགས་ཁྲོད་བཀོལ་སྤྱོད་བྱེད་ཅིང་། འདི་དག་སྐྱེ་དངོས་བཟོ་སྐྲུན་གྱི་ཁོངས་སུའང་གཏོགས། འོ་ན་མཐར་ཐུག་ན་ཅིག་ཞིག་ནི་གསོ་རིག་དངོས་ལུགས་རིག་པ་ཡིན་ཞེ་ན། ང་ཚོས་འདི་ལྟར་རགས་བསྡུས་བྱས་ཆོག་སྟེ། གསོ་རིག་དངོས་རིག་པ་ནི་རིག་ཚན་ཆེན་པོ་གཉིས་ཏེ་གསོ་རིག་དང་དངོས་ལུགས་རིག་པའི་ཟུང་འབྲེལ་ཡིན་ལ། སྐྱེ་དངོས་གསོ་རིག་བཟོ་སྐྲུན་རིག་པའི་རྨང་གཞི་ཡང་ཡིན་ཞིང་། དངོས་ལུགས་རིག་པའི་གཞུང་ལུགས་བཀོལ་ཏེ་ཚེ་སྲོག་བརྒྱུད་རིམ་ཁྲོད་ཀྱི་སྐྱེ་ལུགས་དང་ནད་ལུགས་སྣང་ཚུལ་ལ་འགྲེལ་བཤད་རྒྱག་པ་དང་། དངོས་ལུགས་རིག་པའི་ལག་རྩལ་གསོ་རིག་ལག་ལེན་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་སྣ་འཛོམས་རིག་ཚན་ཞིག་ཡིན། 

2 གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་བྱ་ཡུལ་དང་བྱེད་ཐབས།

ང་ཚོས་ཤེས་གསལ་ལྟར། རང་བྱུང་ཁམས་ནི་འགུལ་སྐྱོད་བྱེད་བཞིན་པའི་དངོས་རྫས་ཀྱིས་གྲུབ་པ་དང་། འགུལ་སྐྱོད་མི་བྱེད་པའི་དངོས་རྫས་ཤིག་དང་དངོས་རྫས་མེད་པའི་འགུལ་སྐྱོད་ཅིག་གནས་མི་སྲིད། ཆེ་ས་ནས་ཆེ་མཐོང་དངོས་གཟུགས་ཏེ་དཔེར་ན་གནམ་གཟུགས་ཀྱི་འཁོར་སྐྱོད་ལྟ་བུ། ཆུང་ས་ནས་ཕྲ་མཐོང་དངོས་རྫས་ཏེ་དཔེར་ན་ཆ་རྡུལ་དང་མ་རྡུལ་གྱི་འགུལ་སྐྱོད། དེ་མིན་སྐྱེ་དངོས་གཟུགས་ཀྱི་བརྗེ་ཚབ་བརྒྱུད་རིམ་སོགས་ཚང་མས་ནུས་ལྡན་སྒོས་དངོས་རྫས་ཀྱིས་མཚམས་མི་ཆད་པར་འགུལ་སྐྱོད་བྱེད་བཞིན་པ་བདེན་དཔང་བྱས། འགུལ་སྐྱོད་དག་ལ་རྣམ་པ་སྣ་ཚོགས་ཡོད་དེ། དཔེར་ན་འཕྲུལ་ཆས་འགུལ་སྐྱོད་དང་ཆ་རྡུལ་གྱི་ཚ་བའི་འགུལ་སྐྱོད། གློག་སྡུད་འགུལ་སྐྱོད། མ་རྡུལ་དང་མ་རྡུལ་ཉིང་ནང་གི་འགུལ་སྐྱོད་སོགས། འོན་ཀྱང་དེ་དག་ཚང་མས་དངོས་རྫས་འགུལ་སྐྱོད་ཀྱི་ཐུན་མོང་གི་ཡོངས་ཁྱབ་ཆོས་ཉིད་བརྩི་སྲུང་བྱེད་ལ། སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་ཆོས་ཉིད་ཁྱད་པར་བ་ཡང་ཡོད། དངོས་ལུགས་རིག་པ་ནི་དངོས་རྫས་འགུལ་སྐྱོད་ཀྱི་ཁྱབ་གདལ་གྱི་ཆོས་ཉིད་དང་གཞི་རྩའི་རང་བཞིན་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། གསོ་བ་རིག་པ་ནི་སྐྱེ་དངོས་ལུས་ཁམས་ཀྱི་རྒྱུན་ལྡན་གྱི་ཚེ་སྲོག་འགུལ་སྐྱོད་དང་། དེ་མིན་ནད་ཕོག་ལུས་ཁམས་ཀྱི་རྙོག་འཛིང་ཅུང་ཆེ་ཞིང་རིམ་པ་ཅུང་མཐོ་བའི་དངོས་རྫས་འགུལ་སྐྱོད་ཀྱི་རྣམ་པར་གཏོགས། ཐུན་མོང་མིན་པར་རང་བཞིན་དེ་ཁྱབ་གདལ་རང་བཞིན་ཁྲོད་གནས་པ་དང་། རྙོག་འཛིང་ཅུང་ཆེ་ཞིང་རིམ་པ་ཅུང་མཐོ་བའི་འགུལ་སྐྱོད་རྣམ་པས་རང་ཉིད་ལ་ཡོད་པའི་དམིགས་གསལ་གྱི་ཆོས་ཉིད་བརྩི་སྲུང་བྱེད་པ་ལས་གཞན། ད་དུང་དངོས་རྫས་འགུལ་སྐྱོད་ཀྱི་ཁྱབ་གདལ་རང་བཞིན་དང་ཆོས་ཉིད་རང་བཞིན་ལ་ཞིབ་འཇུག་བྱེད་པའི་ཕྱོགས་ནས་བལྟས་ན། ང་ཚོས་གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་བྱ་ཡུལ་དེ་ཡང་དངོས་ལུགས་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་གཏོགས་པར་ངོས་བཟུང་ཆོག

གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་ནི་ཚེ་སྲོག་འགུལ་སྐྱོད་བརྒྱུད་རིམ་ཁྲོད། དངོས་རྫས་འགུལ་སྐྱོད་ཀྱི་ཆོས་ཉིད་རིགས་སོ་སོར་ཤེས་རྟོགས་བྱེད་པའི་ཆེད་ཡིན་ལ། དངོས་བཤེར་རྨང་གཞི་བྱེད་པའི་ཆེད་ཡིན་ལ། དངོས་བཤེར་རྨང་གཞི་བྱེད་པའི་རིག་ཚན་ཞིག་ཡིན། དེའི་ཕྱིར་དངོས་རྫས་འགུལ་སྐྱོད་ཀྱི་ཁྱབ་གདལ་རང་བཞིན་དང་ཆོས་ཉིད་རང་བཞིན་ལ་ཞིབ་འཇུག་བྱེད་པའི་ཕྱོགས་ནས་བལྟས་ན། ང་ཚོས་གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་བྱ་ཡུལ་དེ་ཡང་དངོས་ལུགས་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་གཏོགས་པར་ངོས་བཟུང་ཆོག

གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་ནི་ཚེ་སྲོག་འགུལ་སྐྱོད་བརྒྱུད་རིམ་ཁྲོད། དངོས་རྫས་འགུལ་སྐྱོད་ཀྱི་ཆོས་ཉིད་རིགས་སོ་སོར་ཤེས་རྟོགས་བྱེད་པའི་ཆེད་ཡིན་ལ། དངོས་བཤེར་རྨང་གཞི་བྱེད་པའི་རིག་ཚན་ཞིག་ཡིན། དེའི་ཕྱིར། གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་བྱེད་ཐབས་ཕལ་ཆེར་འདི་ལྟར་ཏེ། སྣང་ཚུལ་ལ་ལྟ་ཞིབ།→ ཆ་འཇོག་བློས་བཞག་སྨྲ་བ། →དངོས་བཤེར་བརྒྱུད་དེ་ར་སྤྲོད་བྱེད་པ།→གཞུང་ལུགས་སྤྱི་བསྡོམས་བཅས་ཀྱི་ཞིབ་འཇུག་མ་དཔེ་རུ་ཕྱོགས་བསྡོམས་བྱས་ཆོག 

སྣང་ཚུལ་ལ་ལྟ་ཞིབ་བྱེད་པ་ནི་ཚན་རིག་ཞིབ་འཇུག་གི་འགོ་རྩོམ་ས་ཡིན་ལ། ཕྱི་རོལ་བྱ་དངོས་དང་འབྲེལ་གཏུག་བྱེད་པའི་གོམ་པ་དང་པོ་ཡིན། ལྟ་ཞིབ་ཁོ་ནའི་ཁྲོད་དུ་ད་གཟོད་འགལ་བ་རྙེད་ཐུབ་ཅིང་གནད་དོན་འཛིན་ཐུབ་པ་མ་ཟད། གནད་དོན་ཐག་གཅོད་པའི་བྱེད་ཐབས་ཀྱང་འདོན་ཐུབ།

གཞུང་ལུགས་ཀྱི་བྱེད་ནུས་ནི་ལྟ་ཞིབ་བྱས་ཏེ་ཐོབ་པའི་དཔྱད་གཞིར་དབྱེ་ཞིབ་དང་ཕྱོགས་བསྡོམས། རིགས་འདེད་བཅས་བརྒྱུད་དེ་སྤྱིར་བཏང་རང་བཞིན་གྱི་ཆོས་ཉིད་ཆགས་སུ་འཇུག་པ་ཁོ་ན་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་བྱ་དངོས་ཀྱི་ངོ་བོ་གསལ་སྟོན་མ་བྱས་པའི་སྔོན་བློས་བཞག་སྨྲ་བའམ་ཆ་འཇོག་བྱེད་པ་མ་ཟད། དེ་ཉིད་གཞིར་བཟུང་སྟེ་མཇུག་འབྲས་རིགས་འདེད་བྱེད་པ་དེ་ཡིན། མཇུག་འབྲས་ལ་རིམ་པ་མི་འདྲ་བ་ཡོད་དེ། གཅིག་ནས་ཤེས་ཟིན་པའི་རིགས་པ་བཀོལ་ཏེ་ཚོད་རྩིས་བྱ་ཡུལ་ལ་ངོ་བོ་གཏན་འཁེལ་གྱི་འགྲེལ་བཤད་རྒྱག་པ་དང་། གཉིས་ནས་ད་ཡོད་ཀྱི་གཞུང་ལུགས་བཀོལ་ཏེ་གཏན་ཚིགས་རིག་འདེད་དང་གྲངས་རིག་རྩིས་སྟོན་བྱས་ཏེ་ཚོད་རྩིས་བྱ་ཡུལ་ལ་ཚད་ངེས་ཅན་གྱི་དབྱེ་ཞིབ་བྱེད་པ་ཡིན། གསུམ་ནས་སྔར་བྱུང་མ་མྱོང་བའི་གཞུང་ལུགས་གསར་བ་བཏོན་ཏེ་མཇུག་འབྲས་ལ་གསལ་བཤད་བྱེད་པ་བཅས་སོ།།

དངོས་བཤེར་ནི་ཚན་རིག་ཞིབ་འཇུག་གི་རྨང་གཞི་ཡིན། གཞུང་ལུགས་ལུང་སྟོན་དང་མཇུག་འབྲས་ཚོད་རྩིས་ཡོད་ཚད་ཚང་མ་མཐའ་མཇུག་དངོས་བཤེར་བརྒྱུད་དེ་ར་སྤྲོད་བྱེད་དགོས་ལ། ལྟ་ཞིབ་དང་དངོས་བཤེར་གྱི་དོན་དངོས་ཚན་གཞིར་འཛིན་དགོས་ཤིང་། ར་སྤྲོད་བྱས་རྗེས་ད་གཟོད་གཞུང་ལུགས་ཀྱི་མཐོ་ཚད་དུ་སླེབས་ཐུབ།

མདོར་ན། རང་བྱུང་ཚན་རིག་གི་ཆོས་ཉིད་ཧ་ཅང་མང་པོ་དངོས་བཤེར་བརྒྱུད་དེ་རྟོགས་པ་དང་། དེའི་གཞུང་ལུགས་ནི་དངོས་བཤེར་བརྒྱུད་དེ་ཡང་ཡང་ཚོད་ལྟས་ར་སྤྲོད་བྱས་པ་སྤྱི་བསྡོམས་བྱས་ཏེ་གྲུབ་པ་ཞིག་ཡིན། དེའི་ཕྱིར། གཞུང་ལུགས་ལག་ལེན་དང་ཟུང་འབྲེལ་བྱེད་པ་ནི་ཚན་རིག་ཞིབ་འཇུག་གི་ཐབས་ལམ་ཡང་དག་ཅིག་ཡིན་ཞིང་། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ཤེས་རྟོགས་ཀྱི་ངེས་ལུགས་ཤིག་ཀྱང་ཡིན། གསོ་རིག་དངོས་ལུགས་རིག་པའི་ཞིབ་འཇུག་བྱེད་ཐབས་ཀྱིས་ཀྱང་ངེས་པར་དུ་ཚད་གཞི་འདི་བརྩི་སྲུང་བྱེད་དགོས།

3 གསོ་རིག་དངོས་ལུགས་རིག་པ་དང་དངོས་ལུགས་རིག་པ་གཉིས་ཀྱི་འབྲེལ་བ།

ཚན་རིག་ལག་རྩལ་མུ་མཐུད་དུ་གོང་འཕེལ་སོང་བ་དང་། མིའི་རིགས་ཀྱིས་སྐྱེ་དངོས་སྣང་ཚུལ་གྱི་ཤེས་རྟོགས་རིམ་བཞིན་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། ཚེ་སྲོག་ཚན་རིག་དེ་ཆེ་མཐོང་རྣམ་པར་ཞིབ་འཇུག་བྱེད་པ་ནས་ཕྲ་མཐོང་གྲུབ་ལུགས་ལ་ཞིབ་དཔྱད་བྱེད་པའི་སྟེང་སླེབས་ཡོད། ཕྲ་ཕུང་གི་ཆུ་ཚད་ནས་གོང་དུ་འཕེལ་ཏེ་ཆ་རྡུལ་གྱི་ཆུ་ཚད་དུ་སླེབས་པ་དང་། ངོ་བོ་གཏན་འཁེལ་གྱི་དབྱེ་ཞིབ་ནས་གོང་ཀྱིས་ཚེ་སྲོག་སྣང་ཚུལ་གྱི་ངོ་བོའི་ཞིབ་བཤད་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་དེ། གཞུང་ལུགས་དང་དངོས་བཤེར་ཚང་མས་དངོས་ལུགས་རིག་པ་དེ་གསོ་བ་རིག་པ་དང་སྐྱེ་དངོས་རིག་པ་བཅས་དང་ནང་ནས་འབྲེལ་བ་ཡོད་པ་རྩོད་གླེང་མེད་པའི་སྒོ་ནས་གསལ་བཤད་བྱས་ཡོད། དཔེར་ན། སྤྱི་ལོ1953ལོར་སྐྱེ་དངོས་རིག་པ་བ་ཝ་སོན་དང་དངོས་ལུགས་རིག་པ་ཁི་རི་ཁི་རྣམ་གཉིས་ཀྱིས་དབྱང་དོར་ཉིང་ཧྭགས་ཉིང་སྐྱུར(DNA)དུང་འཁྱིལ་ཟུང་མའི་ཆགས་གཞིའི་དཔྱད་རྩོམ་སྤེལ། འོན་ཀྱང་ཁོ་ཚོའི་ཤེས་རྟོགས་ཀྱི་རྒྱབ་རྟེན་ས་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་རྫས་འགྱུར་རིག་པ་བ་ཧྥི་རན་ཁི་ལིན་དང་། དངོས་ལུགས་རིག་པ་བ་ཝིལ་ཁིན་སི་ཡིས་པར་བརྒྱབ་པའིDNAབདར་གཟུགས་ཀྱིxའཕྲོ་ཐིག་སྐོར་འཕྲོའི་འདྲ་པར་རེད། ཁོ་ཚོས་དུས་ཚད་གཅིག་པའི་ནང་ཚང་མས་འབད་བརྩོན་དོན་དུ་གཉེར་ཏེ་རྒྱུད་འདེད་རྒྱུད་རྒྱུའི་ཆ་རྡུལ་ཆགས་གཞིར་ཞིབ་འཇུག་བྱས་ཤིང་། མཉམ་ལས་ཁྲོད་རང་རང་གི་ཐུན་མོང་མ་ཡིན་པའི་ཡོན་ཏན་འདོན་སྤེལ་བྱས། དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ་སོགས་རིག་ཚན་མང་པོར་སྤེལ་མས་ཞིབ་འཇུག་བྱས་རྐྱེན་ལམ་རྟགས་རྡོ་རིང་གི་དོན་སྙིང་ཡོད་པ་འདི་རྟོགས་པ་དང་། དེའི་རྨང་གཞིའི་སྟེང་རྒྱུད་འདེད་གསང་གྲངས་ཀྱི་འགག་རྟོལ་བ་དང་རྒྱུད་འདེད་བཟོ་སྐྲུན་གསར་གཏོད་བྱས། དངོས་ལུགས་རིག་པའི་འཕེལ་རྒྱས་ཀྱིས་འགག་སྒོ་ཆེན་པོ་ཐེངས་གསུམ་རྟོལ་བ་དང་། ཐེངས་རེ་རེ་ཚང་མས་གསོ་རིག་འཕེལ་རྒྱས་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་པ་བཏོན། སྐྱེ་དངོས་ཚན་རིག་ཞིབ་འཇུག་དང་སྨན་བཅོས་ལག་ལེན་ཁྲོད་བསྡད་ཀིན་བསྡད་ཀིན་དངོས་ལུགས་རིག་པའི་ལག་རྩལ་དང་བྱེད་ཐབས་རྒྱ་ཁྱབ་སྒོས་ཉེར་སྤྱོད་བྱེད་བཞིན་ཡོད། ང་ཚོས་ལོ་རྒྱུས་ལ་ཕྱིར་ལྟ་ཞིབ་བྱས་ན། དུས་རབས17ནས་དུས་རབས18བར། ཉིའུ་ཏུན་གྱིས་ཤུགས་རིག་གཏན་སྲོལ་བཙུགས་པ་དང་། ཚ་ཤུགས་རིག་པ་དང་འོད་རིག་པ་འཕེལ་རྒྱས་བྱུང་བའི་རྐྱེན་གྱིས་དངོས་ལུགས་རིག་པ་དང་སྨན་པ་རྣམས་ཀྱིས་གསར་གཏོད་ཧ་ཅང་མང་པོ་གསོ་རིག་ཁྲོད་དུ་རྒྱ་ཁྱབ་སྒོས་བཀོལ་སྤྱོད་བྱས་པ་མ་ཟད། གསོ་བ་རིག་པའི་བཤེར་འཇལ་བྱེད་སྟངས་ཀྱི་མི་འདང་ས་ཁ་གསབ་བྱས། དཔེར་ན། སྤྱི་ལོ1867ལོར་དབྱིན་ཇིའི་སྨན་པ་ཨལ་པུ་ཐི་ཡི་དངུལ་ཆུའི་ལུས་དྲོད་རྩིས་ཆས་ཞིབ་འཇུག་དང་གསོར་བཟོ་ལེགས་འགྲུབ་བྱུང་བ་དང་། སྤྱི་ལོར1896ལོར་དབྱི་ཐི་ལིའི་སྨན་པ་རི་ཝར་ཁི་ཡིས་མཁྲིག་གདུབ་དབྱིབས་ཁྲག་ཤེད་རྩིས་ཆས་གསར་གཏོད་བྱས། དུས་རབས17པའི་ལོ་རབས60ནང་། དབྱིན་ཇིའི་དངོས་ལུགས་རིག་པ་བ་ཧོ་ཁེ་ཡིས་རང་ཉིད་ཀྱིས་ཇུས་བཀོད་བཟོ་སྐྲུན་བྱས་པའི་བསྐྱར་རིགས་ཕྲ་ཤེལ་བཀོལ་ཏེ་ཐེངས་དང་པོར་ལིས་ཤིང་གི་ཕྲ་ཕུང་ལ་ལྟ་ཞིབ་བྱས། མལ་ཕི་ཅི་ཡིས་ཐོག་དང་པོར་ཕྲ་ཕུང་དམར་པོ་དང་མཁལ་རིལ་ཆུང་བ་རྙེད་པ་དང་། གློག་ལྦུའི་ཆགས་གཞི་བརྗོད་པ་རེད། ཁོང་ནི་ཕྲ་ཤེལ་བཀོལ་ཏེ་བཤག་འབྱེད་རིག་པར་ཞིབ་འཇུག་བྱེད་པའི་སྲོལ་གཏོད་མཁན་ཡིན། དུས་རབས19བར་སླེབས་རྗེས། ཧྥ་ར་ཏི་དང་མཱ་ཁི་སི་ཝེན་གྱི་གློག་སྡུད་གཞུང་ལུགས་ཀྱི་སྐུལ་འདེད་འོག་མིའི་རིགས་ཀྱིས་གློག་ནུས་སྤྱོད་པའི་དུས་རབས་སུ་སླེབས། དུས་རིམ་འདིར་དངོས་ལུགས་རིག་པའི་ལག་རྩལ་དང་གཞུང་ལུགས་ཀྱིས་གསོ་རིག་འཕེལ་རྒྱས་སྟེང་ཅུང་ཆེ་བའི་དོན་དག་གཉིས་སྒྲུབ་ཡོད་དེ། གཅིག་ནིXའཕྲོ་ཐིག་རྙེད་པ་སྟེ། སྤྱི་ལོ1895ལོར་འཇར་མན་ཝུ་ཚི་པོ་སློབ་ཆེན་གྱི་དངོས་ལུགས་རིག་པ་བ་རོན་ཅེར་གྱིས་མོ་སྣེ་འཕྲོ་ཐིག་ལ་ཞིབ་འཇུག་བྱེད་སྐབས་སྟེས་དབང་གིས་མ་ཤེས་པའི་འཕྲོ་ཐིག་གསར་བ་ཞིག་སྟེXའཕྲོ་ཐིག་རྙེད་པ་རེད། ཉིན་འགའ་འགོར་རྗེས། རོན་ཅེར་གྱིསXའཕྲོ་ཐིག་བཀོལ་ཏེ་ཁོའི་ལྕམ་མོའི་ལག་མཐིལ་སྤྲོས་ཏེ་འཛམ་གླིང་ཐིག་གིXའཕྲོ་ཐིག་གིས་པར་རྒྱག་པའི་འདྲ་པར་དང་པོ་བླངས། སྔར་ལས་ལྷག་པའི་ལྟ་ཞིབ་དང་དངོས་བཤེར་གྱིསXའཕྲོ་ཐིག་ནི་གློག་སྡུད་རླབས་ཁྱིམ་ལྡན། དེ་མ་ཟད་གསོ་བ་རིག་པའི་སྟེང་དུ་ཡང་མགྱོགས་མྱུར་སྒོས་ཉེར་སྤྱོད་བྱས། གཉིས་ནི་སྤྱོ་ལོ1889ལོར་ཝ་ལེར་གྱིས་སྙིང་གི་གློག་ཟུང་སྣེ་རྡུལ་དཔེ་དབྱིབས་བཏོན་པ་དང་སྙིང་གི་གློག་རིས་ཀྱི་ཐོ་འགོད་ཐད་ལ་གཞུང་ལུགས་སྟེང་གི་རྨང་གཞི་མཁོ་སྤྲོད་བྱས། དུས་རབས20བ་ནས་བཟུང་། ཨེན་སི་ཐེན་གྱི་ལྟོས་བཅོས་སྨྲ་བ་དང་དེ་མིན་ཧྲོ་ཏིན་ཨེར། ཧེ་སིན་པེར་སོགས་ཀྱི་ཚད་རྡུལ་ཤུགས་རིག་བཙུགས་པའི་རྐྱེན་གྱིས་མི་རྣམས་ཀྱིས་མ་རྡུལ་དང་མ་རྡུལ་ཉིང་ཆགས་གཞི་ཐད་ཀྱི་ཤེས་རྟོགས་ཉིན་རེ་ལས་ཉིན་རེར་གཏིང་ཇེ་ཟབ་ཏུ་སོང་། དེ་མ་ཟད་ཉིང་ནུས་དང་འགྱེད་འཕྲོའི་གནས་མཐུན་གཞི་རྒྱུའི་ཉེར་སྤྱོད་མངོན་འགྱུར་བྱུང་བས་སྡུད་མཉམ་འདར་དང་སྐུལ་འོད་སོགས་ལག་རྩལ་གསར་བ་འཕེལ་རྒྱས་བྱུང་བར་སྐུད་འདེད་བྱས། དུས་རབས20བའི་ལོ་རབས70བའི་རྗེས་སུ། གློག་རྡུལ་རྩིས་འཁོར་ལག་རྩལ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་དང་ཉིན་རེ་ལས་ཉིན་རེར་གནད་སྨིན་འཐུས་ཚང་བྱུང་བས་དངོས་ལུགས་རིག་པ་དང་གསོ་རིག་ཟུང་འབྲེལ་གྱི་ཁྱང་ཁོངས་སུ་ནུས་རྩལ་ཡོད་ཚད་བཏོན་པ་རེད། སྤྱི་ལོ1972ལོར་དབྱིན་ཇིའི་བཟོ་བཀོད་པ་ཧོན་སི་ཧྥེལ་ཏི་ཡིས་ཨ་མེ་རི་ཁའི་དངོས་ལུགས་རིག་པ་བ་ཁོར་མ་ཁི་ཡིས་གསར་དུ་བཙུགས་པའི་གཟུགས་བརྙན་བསྐྱར་འཛུགས་གཞུང་ལུགས་སྤྱད་དེX-CTགསར་གཏོད་བྱས། ཨ་མེ་རི་ཁའི་ཉིའུ་ཡོ་སློབ་ཆེན་གྱི་ལུ་ཐེར་པུར་དང་མན་སི་ཧྥི་ཨལ་ཏི་གཉིས་ཀྱིས་གསར་སྤེལ་ཐད་བྱས་རྗེས་ཆེན་པོ་བཞག X-CTདངMRIསོགས་དབྱིབས་ཆེན་གྱི་གསོ་བ་རིག་པའི་གཟུགས་བརྙན་སྒྲིག་ཆས་ལས་གཞན། ད་དུང་དབྱིབས་ཆུང་རྩིས་འཁོར་གྱིས་ཚོད་འཛིན་བྱེད་པའི་མིས་བཟོས་དབང་བོ་ཡང་ནད་ཐོག་ཏུ་བཀོལ་སྤྱོད་བྱས། གྲུབ་འབྲས་འདི་དག་སྨན་པ་རྣམས་ཀྱིས་ནད་ངོས་འཛིན་དང་གསོ་བཅོས་བྱེད་པའི་ལས་རོགས་འཇོན་པོ་ཞིག་ཏུ་གྱུར་ལ། དུས་མཚུངས་སུ་སྟོབས་དང་ལྡན་པའི་སྒོ་ནས་གསོ་རིག་ཚན་རིག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱས། 

གོང་དུ་བརྗོད་པ་ཕྱོགས་བསྡུས་བྱས་ན། ང་ཚོས་དངོས་ལུགས་རིག་པ་དང་གསོ་རིག་བར་དུ་འབྲེལ་བ་དམ་པོ་ཡོད་པ་མཐོང་ཐུབ། རིག་ཚན་གཉིས་ཀྱི་གཞུང་ལུགས་ཐོག་གི་གནང་གནས་འབྲེལ་བའི་ཕྱོགས་དང་། དངོས་ལུགས་རིག་པ་དང་དེའི་ཡན་ལག སྣ་འཛོམས་རིག་ཚན་འཕེལ་རྒྱས་བྱུང་བར་བརྟེན་ནས་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས། ཡང་ན་རྨང་གཞི་གསོ་རིག་དང་ནད་ཐོག་གསོ་རིག་གིས་རྒྱུན་དུ་ཞིབ་འཇུག་དཔྱད་གཞི་གསར་བ་བཏོན་ཏེ་དངོས་ལུགས་རིག་པའི་གཞུང་ལུགས་དང་ལག་རྩལ་གྱིས་རམ་འདེགས་ལ་བརྟེན་ནས་ཐག་གཅོད་དགོས་པའི་ཕྱོགས་ནས་ལྟ་བ་སོགས་གང་ཡིན་རུང་། དངོས་ལུགས་རིག་པ་དང་གསོ་རིག་གི་བར་ནམ་ཡང་ཕན་ཚུན་བརྟེན་ཞིང་ཕན་ཚུན་སྐུལ་འདེད། འཆམ་མཐུན་སྒོས་གོང་འཕེལ་བྱུང་བ་རེད། མདོར་ན། གསོ་རིག་དངོས་ལུགས་རིག་པའི་འཕེལ་རྒྱས་དེ་དངོས་ལུགས་རིག་པ་དང་གསོ་རིག་གི་ཟུང་འབྲེལ་དང་འབྲལ་ཐབས་མེད་ལ། དངོས་ལུགས་རིག་པའི་གྲུབ་འབྲས་ཀྱིས་གསོ་རིག་ཡར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་ཅིང་། དུས་མཚུངས་སུ་སྣ་འཛོམས་རིག་ཚན་ཏེ་གསོ་རིག་དངོས་ལུགས་རིག་པ་འདི་རིམ་བཞིན་འཚར་ལོངས་འབྱུང་བར་ཡང་སྐུལ་འདེད་བྱས། འདི་ནི་གསོ་རིག་དངོས་ལུགས་རིག་པ་དང་དངོས་ལུགས་རིགཔ། གསོ་རིག་བཅས་ཀྱི་འབྲེལ་བ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-21

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།