ལེན་ཙི་གཏན་སྲོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལེན་ཙི་གཏན་སྲོལ།
སྤྱི་ལོ1834ལོར། དངོས་ལུགས་རིག་པ་བ་ལེན་ཙི་ཡིས་དངོས་བཤེར་འབོར་ཆེན་ལ་དབྱེ་ཞིབ་བྱས་རྗེས། སྡོམ་ཚིག་གནད་དུ་ཁེལ་བ་ཅིག་བཀོད་པ་སྟེ། ལྟོས་འབྱུང་གློག་རྒྱུན་ལ་འདི་འདྲའི་ཁ་ཕྱོགས་ཡོད་ཅིང་ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རས་ནམ་ཡིན་ཡང་ལྟོས་འབྱུང་གློག་རྒྱུན་འབྱུང་དུ་འཇུག་པའི་སྡུད་བརྒྱུད་ཚད་ཀྱི་འགྱུར་ལྡོག་ལ་བཀག་འགོག་བྱེད་པ་ཡིན། འདི་ནི་ལེན་ཙི་གཏན་སྲོལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
楞次定律
ཕྱི་ཡིག་གི་མིང་།
Lenz law
འདོན་མཁན།
ལེན་ཙི།
བཏོན་པའི་དུས།
1834
ཉེར་སྤྱོད་རིག་ཚན།
དངོས་ལུགས་རིག་པ།
1 ​ལེན་ཙི་གཏན་སྲོལ།

གློག་སྡུད་ལྟོས་འབྱུང་ཐད་ཀྱི་དངོས་བཤེར་བྱེད་དུས། ཁྱོད་ཀྱིས་གནས་ཚུལ་མི་འདྲ་བའི་འོག་ཏུ་བྱུང་བའི་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་མི་འདྲ་བ་ཕལ་ཆེར་དོ་སྣང་བྱས་ཡོད་སྲིད། འོ་ན་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་ནི་རྒྱུ་རྐྱེན་གང་དག་ལ་རག་ལས་པ་དང་། ཆོས་ཉིད་ཅི་ཡོད་ཅེ་ན།

.jpg

དཔེ་རིས་དང་པོ། ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་ཞིབ་འཇུག་བྱེད་པའི་དངོས་བཤེར་ཟིན་ཐོ།

ང་ཚོས་དཔེ་རིས་དང་པོ་ལ་གཞིགས་ནས། ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་དང་དཀྲིས་སྐུད་ནང་གི་སྡུད་བརྒྱུད་ཚད་ཀྱི་འགྱུར་ལྡོག་གི་བར་ལ་འབྲེལ་བ་ཅི་ཡོད་བལྟ། ང་ཚོས་དེ་གཉིས་ཀྱི་འབྲེལ་བ་སྤྱི་སྡོམ་བྱེད་དཀའ་དུས།  ལྟོས་འབྱུང་གློག་རྒྱུན་གྱི་སྡུད་ར་ཞེས་མཚམས་སྦྱོར་གྱི་ནུས་པ་ལྡན་པའི་ཐ་སྙད་འདི་ལ་བརྟེན་ནས་འབྲེལ་བ་དེ་བཤད་ཆོག་གམ།

དཀྲིས་སྐུད་ནང་གི་སྡུད་ལྕགས་ཀྱི་སྡུད་རར་འགྱུར་ལྡོག་བྱུང་བས། དཀྲིས་སྐུད་དུ་ལྟོས་འབྱུང་གློག་རྒྱུན་རང་སྟེང་ནས་ཀྱང་སྡུད་ར་འབྱུང་ཐུབ། འདིར་བཤད་པའི་མཚམས་སྦྱོར་ནི་ལྟོས་འབྱུང་གློག་རྒྱུན་རང་སྟེང་ནས་བྱུང་བའི་སྡུད་ར་ཡིན། ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རའི་ཁ་ཕྱོགས་དེ་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་ལ། སྡུད་བརྒྱུད་ཚད་ལ་འགྱུར་ལྡོག་འབྱུང་དུ་འཇུག་པའི་སྡུད་ར་ཡིན། ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རའི་ཁ་ཕྱོགས་དེ་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་ལ། སྡུད་བརྒྱུད་ཚད་ལ་འགྱུར་ལྡོག་འབྱུང་དུ་འཇུག་པའི་སྡུད་ར་ལའང་འབྲེལ་བ་ཡོད།

སྤྱི་ལོ1834ལོར། དངོས་ལུགས་རིག་པ་བ་ལེན་ཙི་ཡིས་དངོས་བཤེར་འབོར་ཆེན་ལ་དབྱེ་ཞིབ་བྱས་རྗེས། སྡོམ་ཚིག་གནད་དུ་ཁེལ་བ་ཅིག་བཀོད་པ་སྟེ། ལྟོས་འབྱུང་གློག་རྒྱུན་ལ་འདི་འདྲའི་ཁ་ཕྱོགས་ཡོད་ཅིང་ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རས་ནམ་ཡིན་ཡང་ལྟོས་འབྱུང་གློག་རྒྱུན་འབྱུང་དུ་འཇུག་པའི་སྡུད་བརྒྱུད་ཚད་ཀྱི་འགྱུར་ལྡོག་ལ་བཀག་འགོག་བྱེད་པ་ཡིན། འདི་ནི་ལེན་ཙི་གཏན་སྲོལ་ཡིན།

2 ལེན་ཙི་གཏན་སྲོལ་གྱི་ཉེར་སྤྱོད།

ལེན་ཙི་གཏན་སྲོལ་ལ་བརྟེན་ནས་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་གཏན་ཁེལ་བྱས་ཆོག

དཔེ་བརྗོད།1

ཧྥ་ར་ཏས་ཀྱིས་དང་ཐོག་གློག་སྡུད་ལྟོས་འབྱུང་སྣང་ཚུལ་རྟོགས་པའི་དངོས་བཤེར་ནི་དཔེ་རིས་གཉིས་པས་མཚོན་པ་ལྟར་ཡིན། ལྕགས་ལོང་སྙི་མོའི་སྟེང་དུ་དཀྲིས་སྐུདMདངNགཉིས་དཀྲིས་ཡོད། དཀྲིས་སྐུདMཡོད་སའི་གློག་ལམ་གྱི་གློག་སྒོ་ཁ་ཕྱེ་བའི་དུས་སྐད་ཅིག་མའི་ནང་དུ། དཀྲིས་སྐུདNནང་གི་ལྟོས་འབྱུང་གློག་རྒྱུན་གང་དུ་ཁ་ཕྱོགས།

.jpg

དཔེ་རིས་གཉིས་པ། དཀྲིས་སྐུདNནང་གི་གློག་རྒྱུན་གྱི་ཁ་ཕྱོགས་བརྡར་ཤ་གཅོད་པ།

དབྱེ་ཞིབ་དང་ལན་འདེབས་པ།

ང་ཚོས་ཐོག་མར་ལེན་ཙི་གཏན་སྲོལ་གྱི་ཞིབ་འཇུག་བྱ་ཡུལ་ནི་དཀྲིས་སྐུNདདང་གློག་རྒྱུན་འཇལ་ཆས་ཀྱིས་གྲུབ་པའི་ཁ་ཟུམ་འདྲེན་གཟུགས་སྐོར་ལམ་ཡིན་པ་ཤེས་དགོས།

ལྕགས་ལོང་དུ་དཀྲིས་སྐུདMནང་གི་གློག་རྒྱུན་ལ་བྱུང་བའི་སྡུད་ལྟོས་འབྱུང་ཐིག་ནི་གཡས་འཁོར་ཡིན། སྡུད་ལྟོས་འབྱུང་ཐིག་འདི་དག་དཀྲིས་སྐུདNབརྒྱུད་པའི་ཁ་ཕྱོགས་ནི་ཐུར་ཕྱོགས་ཡིན་ཏེ། དཀྲིས་སྐུདNནང་གི་མ་གཞིའི་སྡུད་རB0གི་ཁ་ཕྱོགས་ནི་ཐུར་ཕྱོགས་ཡིན།

གློག་སྒོ་ཁ་ཕྱེ་བའི་དུས་སྐད་ཅིག་མར། ལྕགས་ལོང་ནང་གི་སྡུད་ར་མྱུར་དུ་ཇེ་ཞན་དུ་གྱུར་པ་དང་། དཀྲིས་སྐུངNནང་གི་སྡུད་བརྒྱུད་ཚད་ཇེ་ཉུང་དུ་འགྲོ།

ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རBiཡིས་སྡུད་བརྒྱུད་ཚད་ཇེ་ཉུང་དུ་འགྲོ་བ་བཀག་འགོག་བྱེད་པས། Biཡི་ཁ་ཕྱོགས་དངB0ཡི་ཁ་ཕྱོགས་གཅིག་མཐུན་ཡིན་ཏེ། དཀྲིས་སྐུདNརུBiཡི་ཁ་ཕྱོགས་ཀྱང་ཐུར་ཕྱོགས་ཡིན།

གཡས་ལག་དུང་འཁྱིལ་ངེས་ལུགས་ལྟར། Biཡི་ཁ་ཕྱོགས་ལས་དཀྲིས་སྐུདNནང་གི་ལྟོས་འབྱུང་གློག་རྒྱུནIiནིདཔེ་རིས་སུ་བཀོད་པའི་ཁ་ཕྱོགས་ལྟར་ཡིན་པ་གཏན་ཁེལ་བྱེད་ཐུབ།

དཔེ་བརྗོད།2

དཔེ་རིས་གསུམ་པ་ཡིས་མཚོན་པ་ལྟར།དྲང་ཞིང་རིང་བའི་ཐེག་རྒྱུན་འདྲེན་སྐུད་ཀྱི་ཉེ་འདབས་ན་གྲུབ་བཞི་དབྱིབས་ཅན་གྱི་དཀྲིས་སྐདཅིག་ཡོད། དཀྲིས་སྐུད་དང་འདྲེན་སྐུད་ནང་ཡིན་ཡང་སྙོམས་ངོས་གཅིག་གི་སྟེང་དུ་ཡོད། དཀྲིས་སྐུད་དེ་འདྲེན་སྐུད་ཀྱི་ལོགས་གཅིག་གི་གཡས་གཡོན་དུ་སྙོམས་སྤོ་བྱེད་དུས། དེའི་ནང་དུཡི་ཕྱོགས་ཀྱི་གློག་རྒྱུན་བྱུང་། ཐེག་རྒྱུན་འདྲེན་སྐུད་དྲང་མོ་དང་ཐག་ཅུང་ཉེ་སའི་སྡུད་ར་ཅུང་དྲག་པ་ཤེས་ཟིན། དཀྲིས་སྐུད་ཕྱོགས་གང་དུ་སྤོར་འགུལ་བྱེད་པ་བརྡར་ཤ་ཆོད།

.jpg

དཔེ་རིས་གསུམ་པ། དཀྲིས་སྐུད་སྤོར་འགུལ་གྱི་ཁ་ཕྱོགས་བརྡར་ཤ་གཅོད་པ།

དབྱེ་ཞིབ་དང་ལན་འདེབས་པ།

གྲུ་བཞི་དབྱིབས་ཅན་གྱི་དཀྲིས་སྐུད་ཞིབ་འཇུག་བྱ་ཡུལ་དུ་བདམས་ནས། ཐེག་རྒྱུན་འདྲེན་སྐུད་དྲང་མོའི་ལོགས་གཅིག་གི་སྡུད་ལྟོས་འབྱུང་ཐིག་གི་ཁྱབ་ཚུལ་རི་མི་འབྲི་བ་དང་། སྡུད་ལྟོས་འབྱུང་ཐིག་གི་ཁ་ཕྱོགས་ན་ཤོག་ངོས་དང་དྲང་འཕྱང་བྱས་ནས་ནང་དུ་འཁོར་ཡོད། རྟགསའདིས་མཚོན།

གྲུ་བཞི་དབྱིབས་ཅན་གྱི་དཀྲིས་སྐུད་ནང་གི་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་ནིཡིན་པ་ཤེས་ཟིན། གཡས་ལག་དུང་འཁྱིལ་ངེས་ལུགས་ལྟར་ན། ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རའི་ཁ་ཕྱོགས་ནི་ཤོག་ངོས་དང་དྲང་འཕྱང་བྱས་ནས་ཕྱི་རུ་འཁོར་ཡོད།

.jpg

དཔེ་རིས་བཞི་པ། དཀྲིས་སྐུད་ཉེ་འདབ་ཀྱི་སྡུད་རའི་ཁྱད་ཆོས་ནི་གཡོན་དྲག་གཡས་ཞན། 

ལེན་ཙི་གཏན་སྲོལ་ལྟར་ན། ལྟོས་འབྱུང་གློག་རྒྱུན་གྱི་སྡུད་རས་དཀྲིས་སྐུད་ནང་གི་སྡུད་བརྒྱུད་ཚད་འགྱུར་བར་བཀག་འགོག་བྱེད་དགོས་པ་ཡིན། ད་ལྟ་ལྟོས་འབྱུང་གློག་རྒྱུན་གྱི་སྡུད་ར་ནི་ཤོག་བུའི་ངོས་ནས་ཀློག་པ་པོའི་ཕྱོགས་སུ་བསྟན་ཞིང་། མ་གཞིའི་སྡུད་རའི་ཁ་ཕྱོགས་དང་ལྡོག་པ་ཤེས་པས། དཀྲིས་སྐུད་སྤོར་འགུལ་བྱེད་དུས་དེ་བརྒྱུད་པའི་སྡུད་བརྒྱུད་ཚད་འཕར་ངེས་ཡིན། འདིས་དཀྲིས་སྐུད་གཡོན་ཕྱོགས་སུ་སྤོར་འགུལ་བྱེད་པ་གསལ་བཤད་བྱས།

3 གཡས་ལག་ངེས་ལུགས།

ང་ཚོས་ལེན་ཙི་གཏན་སྲོལ་གཞིར་བཟུང་སྟེ། ཁ་ཟུམ་འདྲེན་གཟུགས་སྐོར་ལམ་གྱི་ཁག་ཅིག་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་འགུལ་སྐྱོད་བྱེད་ཐུབ། ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་ཇི་ལྟར་གཏན་ཁེལ་བྱེད་པར་དབྱེ་ཞིབ་ཅིག་བྱ།

གཡས་ལག་གི་ལག་མཐིལ་དང་མཛུ་གུའི་ཁ་ཕྱོགས་ལ་བརྟེན་ནས་འདྲེན་སྐུད་ཀྱིས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱེད་དུས་སུ་བྱུང་བའི་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་ཡིད་ལ་བཟུང་ཆོག་སྟེ། གཡས་ལག་བརྐྱངས་ཏེ། མཐེབ་མོ་དང་མཛུ་གུ་གཞན་པ་བཞི་བོ་དང་དྲང་འཕྱང་བྱེད་དུ་འཇུག་པ་མ་ཟད།  ཚང་མ་སྙོམས་ངོས་གཅིག་ཏུ་གནས་སུ་འཇུག་པ་དང་། སྡུད་ལྟོས་འབྱུང་ཐིག་ལག་མཐིལ་དུ་རྒྱུ་རུ་འཇུག་པ་དང་། མཐེབ་མོས་འདྲེན་སྐུད་འགུལ་སྐྱོད་བྱེད་པའི་ཕྱོགས་སུ་སྟོན་དགོས། སྐབས་འདིར་མཛུ་གུ་བཞིས་བསྟན་པའི་ཁ་ཕྱོགས་ན་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་ཡིན། འདི་ནི་འདྲེན་སྐུད་ཀྱིས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱེད་དུས་ལྟོས་འབྱུང་གློག་རྒྱུན་གྱི་ཁ་ཕྱོགས་གཏན་ཁེལ་བྱེད་པའི་གཡས་ལག་ངེས་ལུགས་ཡིན།

.jpg

དཔེ་རིས་ལྔ་པ། གཡས་ལག་ངེས་ལུགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-27

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།