བརྡ་སྤྲོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་ནི་སྒྲ་རིག་པ་དང་དེའི་ཕྱོགས་གཏོགས་དང་བཅས་པ་ལ་ཟེར་ཞིང༌། བོད་ཀྱི་དབང་དུ་བྱས་པའི་བརྡ་སྤྲོད་པའི་གཞུང་ནི《སུམ་ཅུ་པ》དང༌། 《རྟགས་ཀྱི་འཇུག་པ》《དག་ཡིག》《སྐད་གཉིས་ཤན་སྦྱར》《མིང་གི་རྣམ་གྲངས》བཅས་བརྡ་སྤྲོད་རིག་པ་ཡིན།
1 ​ལོ་ཙཱ།

རྒྱ་ཡིག 解音释义 

དབྱིན་ཡིག grammatical

2 རྒྱས་འགྲེལ།

དེ་ནི་སྒྲ་རིག་པ་དང་དེའི་ཕྱོགས་གཏོགས་དང་བཅས་པ་ལ་ཟེར་ཞིང༌། བོད་ཀྱི་དབང་དུ་བྱས་པའི་བརྡ་སྤྲོད་པའི་གཞུང་ནི《སུམ་ཅུ་པ》དང༌། 《རྟགས་ཀྱི་འཇུག་པ》《དག་ཡིག》《སྐད་གཉིས་ཤན་སྦྱར》《མིང་གི་རྣམ་གྲངས》བཅས་བརྡ་སྤྲོད་རིག་པ་ཡིན། བརྡ་སྤྲོད་རིག་པ་ཞེས་པའི་གོ་དོན་མཐར་ཕྱིན་པ་ཤེས་པ་ལ་ཡི་གེ་འཇུག་པའི་གནས་བརྒྱད་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས། དེ་ལ་ཡི་གེ་འཇུག་པའི་གནས་བརྒྱད་ནི། 1.སྒྲ། 2.སྐད། 3.ཚིག 4.དོན། 5.མིང༌། 6.མཚན་མ། 7.བརྡ། 8.ཐ་སྙད་བཅས་ཡིན། དེ་དག་གི་གོ་རིམ་ནི། མི་རྣམས་ཀྱི་བསམ་བློ་དེ་ཕྱི་རོལ་ཡུལ་གྱི་དངོས་པོ་སྣ་ཚོགས་དང་འཕྲད་པ་ལ་བརྟེན་ནས་འཆར་སྣང་མི་འདྲ་བ་སྣ་ཚོགས་འབྱུང་ཞིང༌། འཆར་སྣང་དེ་དག་གཞན་ལ་བརྗོད་པར་འདོད་པའི་བློ་སྐྱེས་པ་ལ་སྒྲ་གདངས་མི་འདྲ་བ་འབྱུང་བ་དེ་ནི་ཚིག་མི་གསལ་ཞིང་ཆ་མི་ཚང་བའི་ཐོག་མའི་སྒྲ་ཞིག་ཡིན་པས་དེ་ལ་སྒྲ་ཟེར། དེ་རྗེས་སྒྲ་གདངས་དེ་ལ་ངེས་པ་ཅན་གྱི་གོ་དོན་སྟོན་ཐུབ་པའི་སྐད་ཅིག་བྱུང༌། དེ་རྗེས་དངོས་པོ་རིགས་མི་འདྲ་བ་སོ་སོར་ཐུན་མོང་མ་ཡིན་པའི་རྟགས་མཚན་རེ་ཡོད་པ་དེ་བློ་ལ་འཆར་ནས་རིགས་འདྲ་བ་དང་མི་འདྲ་བ་སོ་སོར་དབྱེ་བ་དེ་བྱུང༌། དེ་རྗེས་མཚན་མ་དེ་གཞིར་བཟུང་ནས་རིགས་འདྲ་བ་ཚོར་སྤྱི་མིང་དང་རིགས་མི་འདྲ་བ་ཚོར་བྱེ་བྲག་གི་མིང་རེ་བཏགས་ཏེ་མིང་བྱུང༌། དེ་རྗེས་མིང་དུ་བཏགས་ཟིན་པའི་དངོས་པོ་དེའི་ཁྱད་ཆོས་དང་ཁྱད་གཞི་མཉམ་དུ་འབྲེལ་བའི་ཚིག་བྱུང༌། དེ་རྗེས་ཚིག་དེ་ལ་རྣམ་དབྱེ་དང་ཚིག་ཕྲད་སོགས་སྦྱར་བ་ལ་བརྟེན་ནས་བརྗོད་དོན་ཆ་ཚང་བ་ཞིག་བྱུང༌། དེ་རྗེས་བརྗོད་དོན་ཚང་བའི་བརྗོད་པ་དེ་ལ་བརྟེན་ནས་གོ་རིམ་ཡོད་པ་དང་ཆོས་ཉིད་ངེས་ཅན་ཡོད་པའི་བརྡ་ཞིག་བྱུང༌། དེ་རྗེས་བརྡ་དེ་ཕ་རོལ་པོར་སྦྱར་བ་ན་བརྡ་སྦྱར་ཡུལ་གྱི་དངོས་པོ་དངོས་སུ་ཡོད་པ་བརྡ་སྦྱར་ན་མིང་གི་སྒྲ་ཙམ་བློ་ལ་ངེས་པའི་སྒྲའི་ཐ་སྙད་དང༌། མིང་དང་མིང་ཅན་གྱི་འབྲེལ་བ་ངོས་འཛིན་པའི་བློ་ཡི་ཐ་སྙད་གཉིས་སྐབས་དེར་སྐྱེ་ཐུབ་ཅིང༌། བརྡ་སྦྱོར་ཡུལ་གྱི་དངོས་པོ་དངོས་སུ་མེད་པར་བརྡ་སྦྱར་ན་སྐབས་དེར་མིང་གི་སྒྲ་ཙམ་བློ་ལ་ངེས་ཤིང༌། ཕྱིས་སུ་མིང་ཅན་གྱི་དངོས་པོ་དངོས་དང་འབྲེལ་བ་བྱུང་རྗེས་གཞི་ནས་མིང་དང་མིང་ཅན་གྱི་འབྲེལ་བ་ངོས་འཛིན་པའི་བློའི་ཐ་སྙད་ཐོབ་པ་ཡིན་པས། དེ་འདྲའི་སྒྲ་དང་བློའི་ཐ་སྙད་གཉིས་པོ་དེར་སྤྱི་མིང་ལ་ཐ་སྙད་ཟེར། དེར་བརྟེན་སྒྲ་རིག་པའི་གཞུང་ལུགས་ལ་བརྡ་སྤྲོད་རིག་པ་ཞེས་བཏགས་པ་དང༌། ཡི་གེ་འཇུག་པའི་གནས་བརྒྱད་ཀྱི་བཤད་པ་བྱེད་ཚུལ་དེ་དག་ཚན་རིག་དང་མཐུན་པ་ཤ་སྟག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-27

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།