རྭ་ཁྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེ་བ་འདིའི་ས་མིང་ཐོགས་ཚུལ་ལ་བཤད་ཚུལ་གཉིས་ཏེ། གཅིག་ནི་སྔོན་ཆད་ས་ཆ་འདིའི་འབྲོང་གཡག་ཡོངས་ཀྱི་རྭ་ཐམས་ཅད་དཀར་པོ་ཡིན་ལ། ས་འདི་ནས་འབྲོང་རྭ་མང་པོ་རྙེད་པ་སྟོང་ཁྲིར་དཔེར་བླངས་པས་རྭ་ཁྲི་ཞེས་ཐོགས། གཞན་ཞིག་ནི་སྡེ་བ་འདི་དབྱིབས་རལ་གྲི་ལྟ་བུའི་རི་ཞིག་འདབས་སུ་ཆགས་ཡོད་པས་རལ་གྲི་ཞེས་མིང་སྡེ་མིང་དུ་ཐོགས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉车
ལ་ཏིང་གི་མིང་།
ra khri ral gri
མིང་གཞན།
རལ་གྲི།
རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་བྱང་ཕྱོགས་སུ་གནས།
1 ​ངོ་སྤྲོད།

གདང་ལ་གྲོང་རྡལ་གྱི་བྱང་གི་སྤྱི་ལེ60མཚམས་སུ་ཡོད།  སྡེ་བ་འདིའི་ས་མིང་ཐོགས་ཚུལ་ལ་བཤད་ཚུལ་གཉིས་ཏེ། གཅིག་ནི་སྔོན་ཆད་ས་ཆ་འདིའི་འབྲོང་གཡག་ཡོངས་ཀྱི་རྭ་ཐམས་ཅད་དཀར་པོ་ཡིན་ལ། ས་འདི་ནས་འབྲོང་རྭ་མང་པོ་རྙེད་པ་སྟོང་ཁྲིར་དཔེར་བླངས་པས་རྭ་ཁྲི་ཞེས་ཐོགས།  གཞན་ཞིག་ནི་སྡེ་བ་འདི་དབྱིབས་རལ་གྲི་ལྟ་བུའི་རི་ཞིག་འདབས་སུ་ཆགས་ཡོད་པས་རལ་གྲི་ཞེས་མིང་སྡེ་མིང་དུ་ཐོགས་ཟེར།  བཅིངས་འགྲོལ་མ་བྱས་པའི་སྔོན་དུ་འབྲོག་མི་དབང་ཚེ་གཙོ་བྱས་པའི་ཚོ་སྐོར་ཞིག་གནས་འདིར་མཆེད་ཡོང་ནས་འཚོ་གནས་བྱས་པ་རེད།

སྡེ་བ་འདིའི་སྡེ་མི་ཐམས་ཅད་བོད་རིགས་ཡིན་ཞིང་།   དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཕྱུགས་རིགས་ཏེ་རྟ་ནོར་ལུག་གསུམ་ལ་བརྟེན་ཡོད།


བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། སྡེ་བ། ས་གནས། མཚོ་ནུབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-12

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།