མེ་བཙའ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མེ་བཙའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

བོད་ཀྱི་གསོ་བ་རིག་པས་ནད་རིགས་ཁ་ཤས་གསོ་བཅོས་བྱེད་པའི་སྨན་དཔྱད་ཅིག་གི་མིང་།
1 ལོ་ཙཱ།

རྒྱ་ཡིག 火灸

དབྱིན་ཡིག cauterization

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བོད་ཀྱི་གསོ་བ་རིག་པས་ནད་རིགས་ཁ་ཤས་གསོ་བཅོས་བྱེད་པའི་སྨན་དཔྱད་ཅིག་གི་མིང་སྟེ། སྤྲ་བའི་རེང་བུ་ལུས་ཀྱི་གནས་ངེས་ཅན་ཏེ། མེ་དམིག་ཏུ་བཞག་ནས་མེ་སྒྲོན་ཏེ་དྲོས་པར་བྱེད་པ་ཡིན། ཚིག་བསྡུས་ན་མེ་ཟེར་ཏེ། མེ་བཙའ་འཇོག་སའི་དམིགས་ལ་མེ་དམིག་ཟེར་བ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  མེའི་བཅོས་ཐབས་ཤིག   灸,火疗法。【增】 或作 མེ་ཙ 等于 ས་ཡི་ལྟེ་བ 或 ས་གནད་ཆེ་བ།  形式优美的重要地点,无凶恶精灵的劫掠,在此建立佛教的修道处。﹝达﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྤྲ་བ་རིལ་མོར་དྲིལ་ནས་ནད་དམིགས་སྟེང་དུ་བཞག་སྟེ་མེ་སྦར་བ་ལྟ་བུ་དང༌། ཏེལ་པ་མེར་བསྲེགས་ནས་ནད་དམིགས་སྟེང་བརྡེག་པ་ལྟ་བུའོ། 灸法,火灸。揉搓艾叶成炷,安置患处点火及烧热砭针烙熨患处的治疗法。ནད་ལ་མེ་བཙའ་བཞག་སྟེ་བཅོས་པ། 以灸治病。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག གསོ་རིག བོད་ཀྱི་གསོ་བ་རིག་པས་ནད་རིགས་ཁ་ཤས་གསོ་བཅོས་བྱེད་པའི་སྨན་དཔྱད་ཅིག་གི་མིང་། སྤྲ་བའི་རེང་བུ་ལུས་ཀྱི་གནས་ངེས་ཅན་ཏེ་མེ་དམིག་ཏུ་བཞག་ནས་མེ་སྒྲོན་ཏེ་དྲོས་པར་བྱེད་པ་ཡིན། ཚིག་བསྡུས་ན་མེ་ཟེར་ཏེ། དཔེར་ན། མེ་བཙའ་འཇོག་སའི་དམིག་ལ་མེ་དམིག་ཟེར་ལྟ་བུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།