བསྟན་མའི་གཟིམ་ཁང༌།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲས་སྤུངས་དགོན་པའི་ཤར་ངོས་རི་ལྡེབས་སུ་བསྟན་མའི་གཟིམ་ཁང་ཞེས་པའི་ལྷ་ཕེབས་མཁན་ཞིག་ཡོད་པ་དེར་འབྲས་སྤུངས་དགོན་པའི་གནས་སྲུང་བསྟན་མ་རྡོ་རྗེ་དྲག་རྒྱལ་མ་དང༌། བསྟན་མ་རྡོ་རྗེ་གཡུ་སྒྲོན་མ་སོགས་ཕེབས་ཤིང༌། སྐུ་རྟེན་བུད་མེད་ཡིན་པ་དེར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་རིམ་པ་བཞི་པའི་ཐོབ་ཐང་ཡོད་པ་དང༌། ཏཱ་ལའི་བླ་མ་འབྲས་སྤུངས་དགོན་པ་ནས་དགེ་འཕེལ་རི་ཁྲོད་དུ་ཕེབས་ཚེ་བསྟན་མའི་སྐུ་རྟེན་བཅར་དགོས་ཐོག ཏཱ་ལའི་བླ་མའི་གཟིམ་ཆུང་ནང་བསྟན་མ་ཁོག་ཞུགས་བྱེད་སྐབས་སྒྲོན་དར་དང༌། མཐུན་རྫས(ལྷ་མཆོད་དངོས་རྫས)སོགས་གནང་སྲོལ་ཡོད་ལ་བོད་ས་གནས་སྲིད་གཞུང་ནས་ཀྱང་སྐབས་རེ་ལུང་ཞུ་འབུལ་སྲོལ་ཡོད་འདུག་དེའི་ཤར་ངོས་སུ་ཕུ་ཤར་ཞེས་པའི་བཙན་ཁང་ཞིག་ཀྱང་ཡོད།
1 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-04

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།