ཐང་རྒྱལ་རབས་ཀྱི་སྙན་ངག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་རྒྱལ་རབས་ཀྱི་སྙན་ངག
ཐང་རྒྱལ་རབས་ཀྱི་སྙན་ངག་ཅེས་པ་ནི་ཐང་རྒྱལ་རབས་དུས་ཀྱི་སྙན་ངག་རིགས་མི་འདྲ་བ་སྣ་ཚོགས་ཀྱི་སྤྱི་མིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
唐诗
ཕྱི་ཡིག་གི་མིང་།
Tang poetry
ཚབ་མཚོན་མི་སྣ།
ལི་པའེ་དང་ཏུའུ་ཧྥུའུ། ཝང་པོ་སོགས།
1 ངོ་སྤྲོད།

ཐང་རྒྱལ་རབས་ཀྱི་སྙན་ངག་ཅེས་པ་ནི་ཐང་རྒྱལ་རབས་དུས་ཀྱི་སྙན་ངག་རིགས་མི་འདྲ་བ་སྣ་ཚོགས་ཀྱི་སྤྱི་མིང་ཡིན་ཞིང་།  ཐང་རྒྱལ་རབས་དུས་སུ་སྙན་ངག་རྩོམ་པའི་དར་སྲོལ་ཧ་ཅང་ཆེན་པོ་བྱུང་ལ།  གྲུབ་མཐའ་མི་འདྲ་བ་སྣ་ཚོགས་ཐོན་པ་དང་།  བརྗོད་གཞི་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།  རྒྱལ་རབས་ལྔ་དང་ཐང་རྒྱལ་རབས།  སུང་རྒྱལ་རབས་བཅས་ཀྱི་དུས་སྐབས་ནི་ཀྲུང་གོའི་སྙན་ངག་ལོ་རྒྱུས་ཐོག་གི་རྫོགས་ལྡན་གྱི་ལོ་ཟླ་ཡིན་ཞིང་།  དེའི་ནང་ནས་ཀྱང་ཐང་རྒྱལ་རབས་ཀྱི་སྙན་ངག་ནི་ཀྲུང་གོའི་སྙན་ངག་གསར་རྩོམ་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།  ཆིང་རྒྱལ་རབས་སྐབས་སུ་བསྡུ་སྒྲིག་བྱས་པའི《ཐང་རྒྱལ་རབས་ཀྱི་སྙན་ངག་ཕྱོགས་བསྒྲིགས》ཁོ་ནར་ཡང་སྙན་ངག་ཁག48900ལྷག་ཙམ་ཡོད་ལ།  མཚན་དངོས་སུ་འཁོད་འཁོད་པའི་སྙན་ངག་པ2200ལྷག་ཙམ་ཡོད།

2 ལོ་རྒྱུས་འཕེལ་རིམ།
2_1 ཐང་རྒྱལ་རབས་ཀྱི་དུས་འགོ།

ཐང་རྒྱལ་རབས་ཀྱི་ཐོག་མའི་དུས་སྐབས་སུ་ཆི་ལྭིང་དུས་ཀྱི་དར་སྲོལ་ཁག་ཅིག་རྒྱུན་འཁྱོངས་བྱས་ཡོད་ཅིང་།  ཧྲང་ཀོན་ལུགས(上官体)ཞེས་པའི་མཚར་ཞིང་སྒེག་ལ་ཉམས་དང་ལྡན་པའི་སྙན་ངག་དར་སྲོལ་བྱེད་ཀྱི་ཡོད།  ཐང་རྒྱལ་རབས་ཀྱི་ཐོག་མའི་དུས་རིམ་ནང་གི་མཁས་ཆེན་བཞི་རུ་འབོད་པའི་ཝང་པོ(王勃)དང་དབྱང་ཅུང(杨炯)  ལུའུ་ཀྲའོ་ལིན(卢照邻) ལུའོ་པིན་ཝང(骆宾王)བཅས་དང་།  དེ་བཞིན་རྗེས་སུ་བྱོན་པའི་ཁྲེན་ཙི་ཨང་སོགས་ཀྱིས་རིམ་བཞིན་ཆི་ལྭིང་དུས་སྐབས་ཀྱི་རྣམ་པ་རྙིང་པ་དོར་ཏེ་གསར་གཏོད་བྱས་པས་ཐང་རྒྱལ་རབས་ཀྱི་སྙན་ངག་འཕེལ་རྒྱུས་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།  

2_2 ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས། 

ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་ནི་ཐང་རྒྱལ་རབས་ཀྱི་སྙན་ངག་གསར་རྩོམ་བྱ་བ་ཡང་རྩེར་སོན་པའི་དུས་སྐབས་ཡིན་ཞིང་།  དེའི་དུས་ཀའོ་ཧྲི(高适)དང་ཚེན་ཧྲེན(岑参)གྱིས་གཙོ་བོ་བྱས་པའི་མཐའ་ཁུལ་གྱི་སྙན་ངག་ལུགས་དང་།  ཝང་ཝེ(王维)དང་མེང་ཧའོ་རན(孟浩然)གྱིས་གཙོ་བོ་བྱས་པའི་རི་ཆུ་ཞིང་གྲོང་གི་སྙན་ངག་ལུགས་ཐོན་ཡོད་ལ།  ལྷག་པར་དུ་དུས་སྐབས་དེའི་རིང་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་རླབས་ཆེན་ལི་པའེ(李白)དང་།  དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་རླབས་ཆེན་ཏུའུ་ཧྥུའུ(杜甫)གཉིས་བྱོན་ཡོད། 

2_3 ཐང་རྒྱལ་རབས་ཀྱི་དུས་དཀྱིལ།

ཐང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་ཐང་རྒྱལ་རབས་ཀྱི་སྙན་ངག་རིམ་བཞིན་ཉམས་འགྲོ་བ་དེ་སླར་ཡང་གསོས་པའི་དུས་སྐབས་ཡིན་ཞིང་།  དུས་སྐབས་དེའི་དུས་སྟོད་དུ་ལིའུ་ཁྲང་ཆིང(刘长卿)དང་ཝེ་དབྱིན་ཝུའུ(韦应物)ལུའུ་ལུན(卢纶)ལི་དབྱི(李益)སོགས་ཀྱིས་བརྩམས་པའི་སྙན་ངག་རྣམས་ཆུ་ཚད་ཅུང་མཐོ་བ་ཕུད།  སྤྱིར་ཉམས་འགྲོ་བའི་རྣམ་པ་ཐོན་མོད།  འོན་ཀྱང་དུས་སྐབས་དེའི་དུས་མཇུག་ཏུ་སླེབས་དུས་ཐང་རྒྱལ་རབས་ཀྱི་སྙན་ངག་ལ་འཕེལ་རྒྱས་ཀྱི་མཐོ་རླབས་གསར་པ་ཞིག་འཕྱུར།  དེའི་དུས་སུ་པའེ་ཅུའུ་དབྱི(白居易)དང་ཡོན་ཀྲེན(元稹)གྱིས་གཙོ་བོ་བྱས་པའི་ཡུའེ་ཧྥུའུ་གསར་བའི་ལུགས(新乐府诗派)དང་།   ཧན་ཡུའུ(韩愈)དང་མེང་ཅའོ(孟郊)ཡིས་གཙོ་བོ་བྱས་པའི་ཧན་མེང་ལུགས(韩孟诗派)སོགས་ཐོན་པ་མ་ཟད།  ལིའུ་ཡུའུ་ཞི(刘禹锡)དང་ལི་ཧུ(李贺)སོགས་ཚང་མས་ཀྱང་སོ་སོའི་ལུགས་རེ་གཏོད། 

2_4 ཐང་རྒྱལ་རབས་ཀྱི་དུས་མཇུག

ཐང་རྒྱལ་རབས་ཀྱི་དུས་མཇུག་གི་ཐང་རྒྱལ་རབས་ཀྱི་སྙན་ངག་ནི་ནུབ་ཁའི་ཉི་འོད་ཚུར་འཕྲོ་བའི་དུས་སྐབས་ཡིན།  དེའི་རིང་ཏུའུ་མུའུ(杜牧)དང་ལི་ཧྲང་ཡིན(李商隐)གཉིས་ཀྱི་གྲུབ་འབྲས་ཆེ་ཤོས་ཡིན་ཞིང་།  གཞན་ཡང་ཝུན་ཐིང་ཡུན(温庭筠)དང་ཝེ་ཀྲོང(韦庄)སོགས་ཀྱང་སྐབས་དེའི་སྙན་ངག་པའི་ཁྲོད་ཀྱི་ཕུལ་དུ་བྱུང་བ་ཤ་སྟག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-28

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།