ཆང་གསོལ་སྙན་ངག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆང་གསོལ་སྙན་ངག
《ཆང་གསོལ་སྙན་ངག》ཞེས་པ་ནི་ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཆེན་ལི་པའེ་ཡིས་ཡུའེ་ཧྥུའུ་ལུགས་ཀྱི་སྙན་ངག་གི་འབྲི་སྲོལ་རྒྱུན་བསྐྱངས་ཏེ་བྲིས་པའི་སྙན་ངག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《将进酒》
བརྩམས་པའི་ལོ་རབས།
ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས།
བརྩམས་ཆོས་ཡོང་ཁུངས།
《ཐང་རྒྱལ་རབས་ཀྱི་སྙན་ངག་ཕྱོགས་བསྒྲིགས》
རྩོམ་ལུས།
ཡུའེ་ཧྥུའུ་ལུགས་ཀྱི་སྙན་ངག
རྩོམ་པ་པོ།
ལི་པའེ།
1 ངོ་སྤྲོད།

《ཆང་གསོལ་སྙན་ངག》ཞེས་པ་ནི་ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཆེན་ལི་པའེ་ཡིས་ཡུའེ་ཧྥུའུ་ལུགས་ཀྱི་སྙན་ངག་གི་འབྲི་སྲོལ་རྒྱུན་བསྐྱངས་ཏེ་བྲིས་པའི་སྙན་ངག་ཅིག་ཡིན།  སྙན་ངག་དེའི་ནང་རྩོམ་པ་པོས་ཕྱོགས་གཅིག་ནས་རང་ཉིད་ཀྱི་མི་ཚེའི་ལམ་བུར་རླུང་རྟ་མ་དར་བའི་བློ་ཕམ་ཡིད་ཆད་མཚོན་པར་བྱས་ཡོད་པ་དང་།  ཡང་ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་ལ་གདེང་འཇོག་གང་ལེགས་བྱས་ཡོད།   སྙན་ངག་ཧྲིལ་བོར་འཛེམས་ཟོལ་མེད་ལ་བགས་ཕེབས་པའི་ཉམས་སྣང་ཞིག་མངོན་པ་དང་།  དེ་དང་ཆབས་ཅིག་བསམ་དོན་མ་གྲུབ་པའི་ཕངས་སྣང་ཞིག་ཀྱང་ཅུང་ཟད་མངོན་ཡོད།

2 རྩོམ་པ་པོ་ངོ་སྤྲོད།

ལི་པའེ་ནི་ཐང་རྒྱལ་རབས་ཀྱི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་རླབས་ཆེན་ཞིག་ཡིན།  ཁོང་གི་ཕ་མེས་ཀྱི་ཡུལ་ནི་ཧྲའན་ཞི་ཁྲེང་ཅི(陇西成纪)སྟེ་དེང་གི་ཀན་སུའུ་ཐེན་ཧྲུའེ་ཡིན་ཞིང་།  ཁོང་རང་ཉིད་ཡ་གླིང་དཀྱིལ་མའི་སུའེ་ཡེ་གྲོང་ཁྱེར་ཏེ་དེང་གི་ཅིར་ཅི་སི་ཐན་གྱི་ཁོངས་སུ་གཏོགས་པའི་ས་ཆར་སྐྱེས།  དགོང་ལོ་གཞོན་དུས་ཡུལ་ཁམས་བསྐོར་བར་ཤིན་ཏུ་མཉེས་པས་ལྟ་རྒྱ་མཐོང་རྒྱ་ཧ་ཅང་ཆེ།  དར་མའི་དུས་སུ་གོང་མ་ཐང་ཞོན་ཙུང་གི་གཟིགས་སྐྱོང་ཐོབ་མོད་རྗེས་སུ་གཞན་གྱིས་ཕྲ་མ་བཅུག་པས་རྒྱལ་ས་དང་ཁ་མི་བྲལ་ཐབས་མེད་བྱུང་སྟེ་ཕ་ཡུལ་དུ་ལོག   དེ་རྗེས་ཁོང་ཕྱོགས་བཞིར་ཡུལ་ཁམས་བསྐོར་བར་ཕེབས་ཤིང་།  སྙན་ཞིང་བརྗོད་དོན་ཟབ་པའི་སྙན་ངག་འབོར་ཆེན་བྲིས།  ཧྲང་ཡོན་ཁྲི་ལོ་གསུམ་པར(上元三年)ལི་པའེ་ལ་བསྙུན་གཞི་ཕོག་ནས་སྐུ་གཤེགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-28

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།