འདྲི་གཞིར་དཔྱད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདྲི་གཞིར་དཔྱད་པ།
འདྲི་གཞིར་དཔྱད་པ་ཞེས་པ་ནི་འདྲི་གཞིའི་དོན་སྙིང་དང་། བླང་བྱར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གཙོ་དོན་གཏན་འཁེལ་བཟོ་བར་ཟེར་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
审题
ཕྱི་ཡིག་གི་མིང་།
examining the topic
1 ​ངོ་སྤྲོད།

འདྲི་གཞིར་དཔྱད་པ་ཞེས་པ་ནི་འདྲི་གཞིའི་དོན་སྙིང་དང་།  བླང་བྱར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གཙོ་དོན་གཏན་འཁེལ་བཟོ་བར་ཟེར་གྱིན་ཡོད།  འདྲི་གཞིར་དཔྱད་པ་བྱེད་པར་གཙོ་བོ་རྩོམ་ཡིག་འབྲི་བའི་གཙོ་གནད་དང་རྩོམ་ཡིག་གི་གཙོ་དོན།  རྒྱུ་ཆ་བསྡུ་བའི་གཞི་རྒྱ།  རྩོམ་ལུས་ཀྱི་བླང་བྱ་བཅས་གསལ་པོ་བཟོ་རྒྱུ་དེ་ཡིན།  གསལ་བོར་བཤད་ན།  མཚོན་རྟགས་གསལ་པོ་བཟོས་ནས་རྩོམ་ལུས་གཏན་འཁེལ་བཟོ་བ་དང་།  ཁ་བྱང་གི་བླང་བྱར་ནན་གྱིས་བརྟག་སྟེ་རྩོམ་ཡིག་གི་གཞི་རྒྱ་གཏན་འཁེལ་བཟོ་བ་དང་རྩོམ་ཡིག་གི་གཙོ་གནད་གཏན་འཁེལ་བཟོ་བ།  ཁ་བྱང་གི་རྐྱེན་གསལ་པོ་བཟོས་ནས་རྩོམ་ཡིག་གི་ནང་དོན་གཏན་འཁེལ་བཟོ་བ་བཅས་ཡིན།

རྩོམ་ཡིག་འབྲི་བའི་གོམ་སྟབས་དང་པོ་དེ་འདྲི་གཞིར་དཔྱད་པ་བྱ་རྒྱུ་དེ་ཡིན།  འདྲི་གཞིར་དཔྱད་པ་བྱ་རྒྱུ་གནད་ལ་འཁེལ་མིན་ནི་རྩོམ་ཡིག་གི་སྤུས་ཀ་དག་མིན་དང་རྩོམ་འབྲི་ཡག་ཉེས་གང་ཡོང་གི་འགག་རྩ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-28

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།