བརྗོད་གཞིའི་རྩོམ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྗོད་གཞིའི་རྩོམ་ཡིག
བརྗོད་གཞིའི་རྩོམ་ཡིག་ཅེས་པ་ནི་ལྷུག་ཡངས་པོ་དང་སྒོ་དབྱེ་བ་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སློབ་མའི་རྩོམ་འབྲིའི་འཇོན་ཐང་ཚད་ལེན་བྱེད་པའི་རྣམ་པ་གཙོ་བོའི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
话题作文
1 ངོ་སྤྲོད།

བརྗོད་གཞིའི་རྩོམ་ཡིག་ཅེས་པ་ནི་ལྷུག་ཡངས་པོ་དང་སྒོ་དབྱེ་བ་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སློབ་མའི་རྩོམ་འབྲིའི་འཇོན་ཐང་ཚད་ལེན་བྱེད་པའི་རྣམ་པ་གཙོ་བོའི་གྲས་ཤིག་ཡིན།  བརྗོད་གཞི་ཞེས་པ་ནི་གཏམ་གླེང་བྱེད་པའི་གཙོ་དོན་དང་གཏམ་གླེང་བྱེད་པའི་ནང་དོན།  གཏམ་གླེང་བྱེད་པའི་འབྱུང་རྩ་བཅས་ཡིན།  བརྗོད་གཞི་ཞིག་ལ་དམིགས་ནས་བྲིས་པའི་རྩོམ་ཡིག་ལ་བརྗོད་གཞིའི་རྩོམ་ཡིག་ཟེར་ཞིང་།  དེ་ནི་སྤྱིར་བརྗོད་གཞིའི་རྒྱུ་ཆ་དང་དྲན་སྐུལ་གྱི་ཚིག  བརྗོད་གཞི།  རྩོམ་འབྲིའི་བླང་བྱ་བཅས་ཁག་བཞི་ལས་གྲུབ་པ་ཡིན།  རྒྱུ་ཆའི་ཐོག་ནས་རྩོམ་འབྲིའི་རེ་བ་གསལ་པོ་འདོན་པ་དང་།  བརྗོད་གཞི་གཏན་འཁེལ་བྱས་ནས་རྩོམ་འབྲིའི་གཙོ་དོན་གཏན་འཁེལ་བྱེད་པ།  དྲན་སྐུལ་གྱི་ཚིག་གི་ཐོག་ནས་རྩོམ་འབྲིའི་རིག་ལམ་མཁོ་འདོན་བྱེད་པ་བཅས་ནི་རྩོམ་འབྲིའི་བླང་བྱ་ཚད་ལྡན་ཅན་ཡོང་བའི་རེ་བ་ཡིན།

2 དབྱེ་བ།

བརྗོད་གཞིའི་རྩོམ་ཡིག་དང་ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག་ལ་གཤམ་གསལ་གྱི་དབྱེ་བ་ཁག་ཅིག་ཡོད་པ་སྟེ།

1.བརྗོད་གཞིའི་རྩོམ་ཡིག་ཅེས་པས་རྩོམ་འབྲིའི་ཁྱབ་ཁོངས་མཁོ་འདོན་བྱས་ཀྱང་ཁ་བྱང་གིས་ནང་དོན་གྱི་ཁ་ཕྱོགས་ཙམ་བཏོན་པའི་ནུས་པ་ཙམ་ལས་མེད་པ་དང་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་ཅེས་པས་སྤྱིར་རྩོམ་འབྲིའི་ནང་དོན་གཙོ་བོ་བཏོན་ཡོད།  

2.བརྗོད་གཞིའི་རྩོམ་ཡིག་ནང་འབྲི་རྒྱུའི་ནང་དོན་དེ་རེ་བ་དང་འབྲེལ་བ་ཡོད་པ་ཙམ་གྱིས་ཆོག་གི་ཡོད་པ་དང་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་དེ་སྤྱིར་ཁ་བྱང་དང་རྦད་དེ་འཚམ་པ་དགོས། 

3.བརྗོད་གཞིའི་རྩོམ་ཡིག་གི་རྩོམ་འབྲིའི་ཁྱབ་རྒྱ་དེ་སྤྱིར་བཏང་བཤད་ན་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་ལས་ཆེ་བ་ཡོད།

4.བརྗོད་གཞིའི་རྩོམ་ཡིག་གི་རྩོམ་པ་པོས་ཁ་བྱང་གསར་དུ་བཟོ་ཆོག་པ་དང་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་ལ་ཁ་བྱང་གསར་པ་བཟོ་སྲོལ་མེད་པ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།