ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག
ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག་ནི་དགེ་རྒན་གྱིས་ཁ་བྱང་གཏན་འཁེལ་བྱས་ཏེ་སློབ་མར་འབྲི་རུ་འཇུག་པའི་རྩོམ་ཡིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
命题作文
ཕྱི་ཡིག་གི་མིང་།
Thesis writing
1 ​ངོ་སྤྲོད།

ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག་ནི་དགེ་རྒན་གྱིས་ཁ་བྱང་གཏན་འཁེལ་བྱས་ཏེ་སློབ་མར་འབྲི་རུ་འཇུག་པའི་རྩོམ་ཡིག་ལ་ཟེར་ཞིང་།  དེ་ནི་རྩོམ་འབྲིའི་ནུས་པ་སྦྱོང་བའི་རྣམ་པ་གལ་ཆེན་ཞིག་ཡིན།

2 གོ་རིམ།

ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག་འབྲི་སྐབས་གཤམ་གྱི་གོ་རིམ་བཞིན་འབྲི་དགོས་པ་སྟེ།

1.ཁ་བྱང་ནན་ཏན་གྱིས་བཀླགས་ནས་གོ་དོན་ཤེས་པ་བྱས་ཏེ་ཞིབ་ཚགས་པོས་ཁ་བྱང་གི་བླང་བྱ་དང་གཙོ་གནད།  གཞི་ཁྱོན་བཅས་རྟོགས་དགོས། 

2.གཙོ་དོན་གཏན་འཁེལ་བཟོས་ནས་རྒྱུ་ཆ་ཡག་པོ་འདེམས་དགོས།  ཁ་བྱང་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་དྲན་གསོ་བྱས་ནས་དོན་དག་གང་ཞིག་རང་ཉིད་ལ་རྒྱུས་མངའ་ཆེ་ཤོས་ཡོད་པ་དང་དཔེ་གསར་ཡོད་པ།  ནང་དོན་གང་ཞིག་མཚོན་པར་བྱེད་རྩིས་ཡོད་མིན་བཅས་གྲ་སྒྲིག་བྱས་ཏེ་རྩོམ་འབྲིའི་གཙོ་དོན་གཏན་འཁེལ་བཟོ་དགོས།

3.རྩ་གནད་ཡག་པོ་བཟོས་ནས་གཙོ་ཕལ་གཏན་འཁེལ་བཟོ་དགོས།  རྩོམ་འབྲིའི་འཆར་གཞི་བཏོན་ནས་རྩོམ་འབྲིའི་གོ་རིམ་གཏན་འཁེལ་བཟོ་བ་དང་།  ནང་དོན་གང་ཞིག་གཙོ་དོན་དང་འབྲེལ་བ་དམ་ཟབ་ཡོད་པས་ཞིབ་ཚགས་ཙམ་འབྲི་དགོས་པ།  ནང་དོན་གང་ཞིག་གཙོ་དོན་དང་འབྲེལ་བ་དེ་ཙམ་མེད་པས་རགས་ཙམ་བྲིས་ན་ཆོག་གི་ཡོད་པ་བཅས་གཏན་འཁེལ་བཟོ་དགོས། 

4.རྩ་གནད་གཞིར་བཟུང་སྟེ་མ་ཡིག་འབྲི་བ་མ་ཟད་བཟོ་བཅོས་བརྒྱབ་ཚར་བ་བྱེད་དགོས་པ་བཅས་ཡིན།

3 དབྱེ་བ།

བརྗོད་གཞིའི་རྩོམ་ཡིག་དང་ཁ་བྱང་གཏན་འཁེལ་བྱས་པའི་རྩོམ་ཡིག་ལ་གཤམ་གསལ་གྱི་དབྱེ་བ་ཁག་ཅིག་ཡོད་པ་སྟེ།

1.བརྗོད་གཞིའི་རྩོམ་ཡིག་ཅེས་པས་རྩོམ་འབྲིའི་ཁྱབ་ཁོངས་མཁོ་འདོན་བྱས་ཀྱང་ཁ་བྱང་གིས་ནང་དོན་གྱི་ཁ་ཕྱོགས་ཙམ་བཏོན་པའི་ནུས་པ་ཙམ་ལས་མེད་པ་དང་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་ཅེས་པས་སྤྱིར་རྩོམ་འབྲིའི་ནང་དོན་གཙོ་བོ་བཏོན་ཡོད།  

2.བརྗོད་གཞིའི་རྩོམ་ཡིག་ནང་འབྲི་རྒྱུའི་ནང་དོན་དེ་རེ་བ་དང་འབྲེལ་བ་ཡོད་པ་ཙམ་གྱིས་ཆོག་གི་ཡོད་པ་དང་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་དེ་སྤྱིར་ཁ་བྱང་དང་རྦད་དེ་འཚམ་པ་དགོས། 

3.བརྗོད་གཞིའི་རྩོམ་ཡིག་གི་རྩོམ་འབྲིའི་ཁྱབ་རྒྱ་དེ་སྤྱིར་བཏང་བཤད་ན་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་ལས་ཆེ་བ་ཡོད།

4.བརྗོད་གཞིའི་རྩོམ་ཡིག་གི་རྩོམ་པ་པོས་ཁ་བྱང་གསར་དུ་བཟོ་ཆོག་པ་དང་ཁ་བྱང་གཏན་འཁེལ་བཟོས་པའི་རྩོམ་ཡིག་ལ་ཁ་བྱང་གསར་པ་བཟོ་སྲོལ་མེད་པ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-26

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།