ཡུའུ་ཚུང་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའུ་ཚུང་ལི།
ཡུས་ཚོང་ལི། ཕོ། རྒྱ་རིགས། 1961ལོའི་ཟླ10བར་སྐྱེས། ཧུ་པེའི་ཆིན་ཡོན་གྱི་མི་ཡིན། 1984ལོར་བྱ་བར་ཞུགས། 1984ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧ་ཨར་པིན་བཟོ་སྐྲུན་བཟོ་ལས་སློབ་གླིང་གི་བཟོ་སྐྲུན་བཟོ་ལས་སྡེ་ཁག་ཏུ་བཟོ་ལས་དང་དམངས་སྤྱོད་བཟོ་སྐྲུན་ཆེད་ལས་སློབ་མཐར་ཕྱིར། སློབ་ཆེན་བསླབ་གནས། ནུབ་བྱང་སློབ་ཆེན་གྱི་དོ་དམ་རིག་པའི་རམ་འབྱམས་པ་དང་བཟོ་བསྐྲུན་པ་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། མཚོ་ཤར་བཟོ་ལས་གླིང་ཁུལ་ཏང་བཟོ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
于丛乐
སྐྱེས་ལོ།
སྤྱི་ལོ1961ལོའི་ཟླ10བ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུ་པེའི་ཆིན་ཡོན།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
ཧ་ཨར་པིན་བཟོ་སྐྲུན་བཟོ་ལས་སློབ་གླིང་།
1 ​ངོ་སྤྲོད།

ཡུས་ཚོང་ལི། ཕོ། རྒྱ་རིགས། 1961ལོའི་ཟླ10བར་སྐྱེས། ཧུ་པེའི་ཆིན་ཡོན་གྱི་མི་ཡིན། 1984ལོར་བྱ་བར་ཞུགས། 1984ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧ་ཨར་པིན་བཟོ་སྐྲུན་བཟོ་ལས་སློབ་གླིང་གི་བཟོ་སྐྲུན་བཟོ་ལས་སྡེ་ཁག་ཏུ་བཟོ་ལས་དང་དམངས་སྤྱོད་བཟོ་སྐྲུན་ཆེད་ལས་སློབ་མཐར་ཕྱིར། སློབ་ཆེན་བསླབ་གནས། ནུབ་བྱང་སློབ་ཆེན་གྱི་དོ་དམ་རིག་པའི་རམ་འབྱམས་པ་དང་བཟོ་བསྐྲུན་པ་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། མཚོ་ཤར་བཟོ་ལས་གླིང་ཁུལ་ཏང་བཟོ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ09བ་ནས1984ལོའི་ཟླ08བར། ཧ་ཨར་པིན་བཟོ་སྐྲུན་བཟོ་ལས་སློབ་གླིང་གི་བཟོ་སྐྲུན་བཟོ་ལས་སྡེ་ཁག་ཏུ་བཟོ་ལས་དང་དམངས་སྤྱོད་བཟོ་སྐྲུན་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1984ལོའི་ཟླ08པ་ནས1993ལོའི་ཟླ11པར། མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་ཐིན་གྱི་ཇུས་འགོད་ཁྲུའུ་ཁོའོ་ཡོན་དང་ཀྲུའུ་རིན་གཞོན་པའི་ཁོའོ་ཡོན། ཀྲུའུ་རིན་ཁོའོ་ཡོན་དང་ཞིང་ཆེན་འཛུགས་སྐྲུན་དཔལ་འབྱོར་ལག་རྩལ་གསལ་སྤེལ་ཀུང་སིའི་སྤྱི་གཉེར་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར།

སྤྱི་ལོ1993ལོའི་ཟླ11པ་ནས1997ལོའི་ཟླ1པོར། མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་དཔལ་འབྱོར་ལག་རྩལ་གསལ་སྤེལ་ཀུང་སིའི་སྤྱི་གཉེར་གྱི་འགན་འཁུར།

སྤྱི་ལོ1997ལོའི་ཟླ1པོ་ནས2000ལོའི་ཟླ2པར། མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་ཐིན་གྱི་ལས་གཞི་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་འཁུར།

སྤྱི་ལོ2000ལོའི་ཟླ1པོ་ནས2008ལོའི་ཟླ2པར། མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་འཁུར།

སྤྱི་ལོ2008ལོའི་ཟླ02པ་ནས2008ལོའི་ཟླ9བར། མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་ཐིན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཐིན་ཀྲང་གཞོན་པའི་འགན་འཁུར། 

སྤྱི་ལོ2008ལོའི་ཟླ9བ་ནས2011ལོའི་ཟླ1པོར། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱི་ཐིན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ2011ལོའི་ཟླ1པོ་ནས2011ལོའི་ཟླ4བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཆའི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ2011ལོའི་ཟླ4བ་ནས2013ལོའི་ཟླ7པར། མཚོ་ཤར་ས་ཆའི་ཧྲུའུ་ཅི་དང་བཟོ་ལས་གླིང་ཁུལ་གྱི་ཏང་བཟོ་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་འཁུར།

སྤྱི་ལོ2013ལོའི་ཟླ7པ་ནས2017ལོའི་ཟླ5བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་། མཚོ་ཤར་གྲོང་ཁྱེར་བཟོ་ལས་གླིང་ཁུལ་གྱི་ཏང་བཟོ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ5པར་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། མཚོ་ཤར་གྲོང་ཁྱེར་བཟོ་ལས་གླིང་ཁུལ་གྱི་ཏང་བཟོ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་འཁུར།

3 ལས་སྤྲད་དུས་ཚོད།

སྤྱི་ལོ2017ལོའི་ཟླ5བའི་ཚེས26ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚོགས་པའི་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ལས་ཡུའུ་ཚུང་ལི་ཞིང་ཆེན་ཏང་ཅུའི་རྒྱུན་ཨུ་ལ་བདམས་ཐོན་བྱུང་། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཡུའུ་ཚུང་ལི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-31

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།