ཁོ་རེ་ཡའི་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་རེ་ཡའི་དམག་འཁྲུག
ཁྲའོ་ཞན་དམག་འཁྲུག་ནི་ཁྲའོ་ཞན་གླིང་ཕྲན་ཐོག་གི་ཁྲའོ་ཞན་དང་ཁོ་རེ་ཡ་མི་རིགས་གཉིས་བར་གྱི་ནང་འཛིང་ཡིན་ཞིང་། རྗེས་སུ་མི་རིགས་དེ་གཉིས་སོ་སོར་རྒྱབ་སྐྱོར་བྱེད་པའི་ཨ་རུ་དང་སུའུ་ལེན། ཀྲུང་གོ་སོགས་རྒྱལ་ཁབ་མང་པོ་ཚད་མི་འདྲ་བའི་སྒོ་ནས་འཐབ་འཁྲུག་དེའི་ནང་དུ་ཚུད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朝鲜战争
འཐབ་འཁྲུག་དུས་ཡུན།
སྤྱི་ལོ(1950.6.25—1953.7.27)
འཐབ་འཁྲུག་ལ་ཞུགས་པའི་རྒྱལ་ཁབ།
ཁྲའོ་ཞན། ཀྲུང་གོ། སུའུ་ལེན། ཁོ་རེ་ཡ། མཉམ་འབྲེལ་རྒྱལ་ཁབ།
མཇུག་འབྲས།
ཕྱོགས་གཉིས་ཀའི་འཁྲུག་མཚམས་བཞག
1 ངོ་སྤྲོད།

སྤྱི་ལོ1950ལོའི་ཟླ9བའི་ཚེས30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཀྲུའུ་ཨེན་ལེས་ཀྲུང་གོའི་མི་དམངས་ཀྱིས་ཕྱི་རྒྱལ་བཙན་རྒྱལ་ལ་གཉའ་མི་སྒུར་ལ། བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱས་པར་རང་དགར་གཏན་ནས་མི་འཇོག་ཅེས་བསྒྲགས།

དམག་འཁྲུག་དེ་སྤྱི་ལོ1950ལོའི་ཟླ6པའི་ཚེས25ནས་སྤྱི་ལོ1953ལོའི་ཟླ7པའི་ཚེས27ཉིན་བར་དམག་འཁྲུག་བརྒྱབ་པ་ཡིན། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས། ཁོ་རེ་ཡའི་གསུམ་བརྒྱད་མཚམས་ཐིག་གི་ལྷོ་ཕྱོགས་ནས་ཁོ་རེ་ཡ་རྒྱལ་ཁབ་བཙུགས་པ་དང་། བྱང་ནས་ཁོ་རེ་ཡའི་དམངས་གཙོ་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་བཙུགས། ཕྱོགས་གཉིས་ཆར་འགལ་བ་ཆུང་ངུ་རྟག་ཏུ་བྱུང་ལ། སྤྱི་ལོ1950ལོའི་ཟླ6པའི་ཚེས25ཉིན་ཁོ་རེ་ཡའི་དམག་འཁྲུག་ཐོལ་གྱིས་བྱུང་། ཟླ7པའི་ཚེས7ཉིན་ཨ་རི་སོགས་རྒྱལ་ཁབ15ཡིས་མཉམ་འབྲེལ་དམག་དཔུང་བཙུགས་ཤིང་། D.མའེ་ཁུ་ཨ་སིའི་སྤྱིའི་བཀོད་འདོམས་པའི་འགན་ཁུར་ནས་ཁོ་རེ་ཡའི་དམག་འཁྲུག་དེ་ཨ་རིས་བཙན་འཛུལ་གྱི་དམག་འཁྲུག་ལ་གྱུར། སྤྱི་ལོ1950ལོའི་ཟླ10བའི་ཚས25ཉིན་ཕུང་ཏི་ཧེ་ཡིས་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་གིས་ཡཱ་ལོང་གཙང་བོ་བརྒལ་ནས་ཁོ་རེ་ཡར་དམག་རོགས་ལ་སོང་། སྤྱི་ལོ1951ལོར་ཁོ་རེ་ཡ་དང་ཀྲུང་གོའི་དམག་གིས་གཡུལ་འགྱེད་ཆེན་པོ་ཐེངས་ལྔ་བརྒྱབ་ནས་མཉམ་འབྲེལ་དམག་དཔུང་ཡཱ་ལོང་གཙང་བོ་ནས་གསུམ་བརྒྱད་མཚམས་ཐིག་གི་ཕྱོགས་སུ་བརྫངས། སྤྱི་ལོ1953ལོའི་ཟླ7པའི་ཚེས27ཉིན་ཁོ་རེ་ཡའི་མི་དམངས་དམག་དཔུང་གི་ཆེས་མཐོའི་བཀོད་འདོམས་པ་ཅིན་རུན་ཁྲིན་དང་ཀྲུང་གོའི་མི་དམངས་དང་བླངས་དམག་གི་བཀོད་འདོམས་པ་ཕིང་ཏེ་ཧེ་གཉིས་དང་། མཉམ་འབྲེལ་དམག་དཔུང་གི་སྤྱིའི་བཀོད་འདོམས་པ་ཁུ་ལ་ཁུ་སོགས་ཀྱིས་ཁོ་རེ་ཡའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆིངས་ལ་མིང་རྟགས་བཀོད་ཅིང་། ཁོ་རེ་ཡའི་དམག་འཁྲུག་མཚམས་བཞག་གོ།། 

བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། འཛམ་གླིང་ལོ་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།