ཁྱབ་བྱེད་འབྱུང་བ་ལྔ་ཕྲག་ལྔ་སྟེ་ཉེར་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང༌། དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། ། མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། ། ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། ། ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། ། ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། ། དེ་ལ་ས་ལྔའི་གནས་ཚུལ་ནི། ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེས་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོང་པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། ། ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞིབ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། ། མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཤ་པགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། ། རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་སྐྱེད་པའི་རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། ། ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་ཞེས་གསུངས་སོ། །
1 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།