སྤྱི་ལོ1848ལོའི་ཡོ་རོབ་གླིང་གི་གསར་བརྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1848ལོའི་ཡོ་རོབ་གླིང་གི་གསར་བརྗེ།
སྤྱི་ལོ1848ལོའི་ཡོ་རོབ་གླིང་གི་གསར་བརྗེ་ནི་སྤྱི་ལོ1848ལོ་ནས་སྤྱི་ལོ1849ལོ་བར་ཧྥ་ལན་ཤི་དང་འཇར་མན། ཨོ་ཏི་ལེ། དབྱི་ཐ་ལི། ཞུང་ཡཱ་ལེ་བཅས་ཡོ་རོབ་གླིང་གི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ཡིན། སྤྱི་ལོ1848ལོར་ཧྥ་རན་སིར་ཟླ་གཉིས་པའི་གསར་བརྗེ་བྱུང་ཞིང་ཧྥ་ལན་ཤི་སྤྱི་མཐུན་རྒྱལ་ཁབ་བཙུགས་ཀྱང་ལུའུ་དབྱི་པོ་ནཱ་པཱས་བྱས་རྗེས་ཧམ་འཕྲོག་བྱས། སྤྱི་ལོ1848ལོའི་ཟླ3པར་འཇར་མན་གྱི་པོ་ལིན་ནས་ཟླ་གསུམ་པའི་གསར་བརྗེ་བྱུང་བ་དང་རྒྱལ་ཁའི་འབྲས་བུ་འབྱོར་ལྡན་གྲལ་རིམ་ཆེ་ཤོས་དག་གིས་སྤྱད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
1848年欧洲革命
ཕྱི་ཡིག་གི་མིང་།
European Revolution of 1848
མིང་གཞན།
མི་རིགས་ཀྱི་དཔྱིད་དཔལ། མི་དམངས་ཀྱི་དཔྱིད་དཔལ།
ཐོག་མའི་མགོ་རྩོམ་ས།
དབྱི་ཐ་ལིའི་ཞི་ཞི་ལི་གླིང་ཕྲན།
ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས།
ཡོ་རོབ་གླིང་། (ཨུ་རུ་སུ་དང་དབྱིན་ཇི། སི་ཕེན། ཧོ་ལན་བཅས་མི་འདུ)
ས་གནས།
ཡོ་རོབ་གླིང་ནུབ་མ་དང་དབུས་མ།
མཇུག་འབྲས།
ཆབ་སྲིད་ཀྱི་གནས་བབས།
མཇུག་སྒྲིལ་བའི་མཚོན་རྟགས།
ཞུང་ཡཱ་ལིའི་གསར་བརྗེ་ལ་ཕམ་ཁ་ཐོབ་པ།
1 ངོ་སྤྲོད།

མར་ཁེ་སིས《སྤྱི་ལོ1848ནས་སྤྱི་ལོ1850ལོའི་ཧྥ་ལན་ཤིའི་གྲལ་རིམ་འཐབ་རྩོད》ཅེས་པར་ཕམ་ཁ་འདི་དག་གི་ཁྲོད་ནས་འཇིག་ངེས་པ་ནི་གསར་བརྗེ་མིན་པར་གསར་བརྗེ་སྔོན་གྱི་སྲོལ་རྒྱུན་གྱི་ལྷག་རོ་དག་སྟེ། གྲལ་རིམ་ཁ་གཏད་ཀྱི་སྤྱི་ཚོགས་འབྲེལ་བ་རྣོ་ངར་དུ་ཕྱིན་བའི་ཐོན་དངོས་དག་རེད་ཅེས་གསུང་ཡོད། སྤྱི་ལོ1848ལོའི་ཡོ་རོབ་གླིང་གི་གསར་བརྗེ་ནི་སྤྱི་ལོ1848ལོ་ནས་སྤྱི་ལོ1849ལོ་བར་ཧྥ་ལན་ཤི་དང་འཇར་མན། ཨོ་ཏི་ལེ། དབྱི་ཐ་ལི། ཞུང་ཡཱ་ལེ་བཅས་ཡོ་རོབ་གླིང་གི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ཞིག་ཡིན། སྤྱི་ལོ1848ལོར་ཧྥ་རན་སིར་ཟླ་གཉིས་པའི་གསར་བརྗེ་བྱུང་ཞིང་ཧྥ་ལན་ཤི་སྤྱི་མཐུན་རྒྱལ་ཁབ་བཙུགས་ཀྱང་ལུའུ་དབྱི་པོ་ནཱ་པཱས་བྱས་རྗེས་ཧམ་འཕྲོག་བྱས། སྤྱི་ལོ1848ལོའི་ཟླ3པར་འཇར་མན་གྱི་པོ་ལིན་ནས་ཟླ་གསུམ་པའི་གསར་བརྗེ་བྱུང་བ་དང་རྒྱལ་ཁའི་འབྲས་བུ་འབྱོར་ལྡན་གྲལ་རིམ་ཆེ་ཤོས་དག་གིས་སྤྱད། སྤྱི་ལོ1848ལོའི་ཡོ་རོབ་གླིང་གི་གསར་བརྗེས་ཡོ་རོབ་རྒྱལ་ཁབ་སོ་སོའི་བཀས་བཀོད་རྒྱུད་འཛིན་པའི་ལམ་ལུགས་ལ་རྡུང་རྡེག་བཏང་ལ་ཝེ་ཡ་ནེའི་མ་ལག་རྩ་བ་ནས་གཏོར་བ་མ་ཟད། ཧྥ་རན་སི་དང་འཇར་མན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེར་སྤྱོང་བརྡར་མི་ཉུང་བ་ཐོབ་པས་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་གཏིང་ཇེ་ཟབ་ཏུ་བཏང་བ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།