ཨ་རིའི་ལྷོ་བྱང་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་ལྷོ་བྱང་དམག་འཁྲུག
ཨ་རིའི་ལྷོ་བྱང་དམག་འཁྲུག་ནི་སྤྱི་ལོ1861ལོའི་ཟླ4ནས་སྤྱི་ལོ1865ལོའི་ཟླ4བར་ཨ་རིའི་ལྷོ་བྱང་བར་བྱུང་བའི་དམག་འཁྲུག་ཅིག་ཡིན་ལ་ཨ་རིའི་ལོ་རྒྱུས་སུ་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། དུས་རབས19པའི་དཀྱིལ་དུ། ལྷོ་ཕྱོགས་བྲན་གཡོག་ལམ་ལུགས་དེ་ཨ་རིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་བའི་གེགས་སུ་གྱུར་བས་བྱང་བའི་རང་དབང་ངལ་རྩོལ་ལམ་ལུགས་བར་འགལ་བ་དྲག་པོ་བྱུང་བ་རེད། སྤྱི་ལོ1860ལོར་ལིན་ཁོན་ཨ་རིའི་ཙུང་ཐུང་ལ་བསྐོས་པ་དང་ལྷོ་ཕྱོགས་བྲན་བདག་གི་རྒྱ་ལས་ཐར་བའི་མཉམ་འབྲེལ་རྒྱལ་ཁབ་བཙུགས་པ་རེད། ཟླ4པའི་ཚེས15ཉིན་ལིན་ཁོན་སྲིད་གཞུང་གིས་འདུལ་གཏམ་བསྒྲགས་ནས་ནང་འཁྲུག་དངོས་སུ་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国南北战争
ཕྱི་ཡིག་གི་མིང་།
American Civil War
ས་གནས།
ཨ་རིའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་མེ་ལི་ཅན་ལྷོ་ཕྱོགས་ཀྱི་ཁུལ་མང་ཤོས།
དུས་ཚོད།
སྤྱི་ལོ(1861.04.12-1865.04.09)
དམག་འཁྲུག་ནང་ཞུགས་མཁན།
མེ་ལི་ཅན་མཉམ་འབྲེལ་རྒྱལ་ཁབ། (བྱང་དམག) མེ་ལི་ཅན་མནའ་འབྲེལ་རྒྱལ་ཁབ། (ལྷོ་དམག)
མཇུག་འབྲས།
མེ་ལི་ཅན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱལ་ཁ་བླངས་ཏེ་བྲན་གཡོག་ལམ་ལུགས་མེད་པར་བཟོས་པ།
བཀོད་འདོམས་པ་གཙོ་བོ།
ཡོའུ་ལི་ཞི་སི•ཀུ་ལན་ཐུ། ལོའུ་པོ་ཐུ•ལི།
ངོ་བོ།
ཨ་རིའི་ལོ་རྒྱུས་སྟེང་གི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཐེངས་གཉིས་པ།
འབྱུང་རྐྱེན།
དཔལ་འབྱོར་གྱི་རྣམ་པ་གཉིས་ཀ་མཐུན་སྦྱོར་མ་ཡོང་བ།
1 ​ངོ་སྤྲོད།

ཨ་རིའི་ལྷོ་བྱང་དམག་འཁྲུག་ནི་སྤྱི་ལོ1861ལོའི་ཟླ4ནས་སྤྱི་ལོ1865ལོའི་ཟླ4བར་ཨ་རིའི་ལྷོ་བྱང་བར་བྱུང་བའི་དམག་འཁྲུག་ཅིག་ཡིན་ལ་ཨ་རིའི་ལོ་རྒྱུས་སུ་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། དུས་རབས19པའི་དཀྱིལ་དུ། ལྷོ་ཕྱོགས་བྲན་གཡོག་ལམ་ལུགས་དེ་ཨ་རིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་བའི་གེགས་སུ་གྱུར་བས་བྱང་བའི་རང་དབང་ངལ་རྩོལ་ལམ་ལུགས་བར་འགལ་བ་དྲག་པོ་བྱུང་བ་རེད། སྤྱི་ལོ1860ལོར་ལིན་ཁོན་ཨ་རིའི་ཙུང་ཐུང་ལ་བསྐོས་པ་དང་ལྷོ་ཕྱོགས་བྲན་བདག་གི་རྒྱ་ལས་ཐར་བའི་མཉམ་འབྲེལ་རྒྱལ་ཁབ་བཙུགས་པ་རེད། ཟླ4པའི་ཚེས15ཉིན་ལིན་ཁོན་སྲིད་གཞུང་གིས་འདུལ་གཏམ་བསྒྲགས་ནས་ནང་འཁྲུག་དངོས་སུ་བྱུང་བ་རེད།

སྤྱི་ལོ1862ལོའི་ཟླ9ཚེས22ཉིན་ལིན་ཁོན་གྱིས《མི་ནག་བྲན་གཡོག་བཅིངས་འགྲོལ་གཏོང་བའི་བསྒྲགས་གཏམ》གྱི་མ་ཕྱི་སྤེལ་ནས་བྲན་གཡོག་ལམ་ལུགས་འདུལ་པ་དང་བཅིངས་འགྲོལ་ཐོབ་པའི་མི་ནག་བྲན་གཡོགས་ལམ་ལུགས་འདུལ་པ་དང་བཅིངས་འགྲོལ་ཐོབ་པའི་མི་ནག་བྲན་གཡོག་མཉམ་འབྲེལ་དམག་དཔུང་དུ་ཞུགས་ཆོག་པ་བཅས་བསྒྲགས་པས་བྲན་གཡོག་ཁྲི་སྟོང་མང་པོ་བྱང་ཕྱོགས་སུ་བྲོས་པ་རེད། སྤྱི་ལོ1862ལོའི་ཟླ5པར《གཞིས་ཞིང་བཅའ་ཁྲིམས》སྤེལ་ནས་མཉམ་འབྲེལ་རྒྱལ་ཁབ་ལ་བློ་དཀར་བའི་མིས་མེ་སྒོར་བཅུའི་འགྲོ་ལུགས་གྲོན་དངུལ་སྤྲད་ཚེ་བྱང་ཕྱོགས་ནས་ཞིང་ས་མུའུ160འཐོབ་པ་དང་དེ་རུ་ལོ་ལྔར་ཞིང་ལས་གཉེར་ནས་ཞིང་གི་བདག་དབང་ཡོད་པའི་གནས་ཚུལ་བསྒྲགས་ཏེ་ངལ་རྩོལ་དམངས་ཚོགས་དམག་འཁྲུག་ལ་ཞུགས་པར་ངར་ལྡུད་པ་རེད། སྤྱི་ལོ1865ལོའི་ཟླ4པའི་ཚེས9ཉིན་ལྷོ་ཕྱོགས་ཀྱི་དམག་དཔུང་གིས་དམག་སྤྱི་ཀུ་ལན་ཐུ་ལ་མགོ་བཏགས་ནས་ཨ་རིའི་ནང་འཁྲུགས་མཇུག་སྒྲིལ་བ་རེད། ནང་འཁྲུག་འདིས་བྲན་གཡོག་ལམ་ལུགས་ཚར་བཅད་པ་དང་ཨ་རིའི་མ་རྩ་རིང་ལུགས་ཀྱི་གེགས་དོར་ནས་བདེ་ཞིང་མྱུར་བར་འཕེལ་དུ་བཅུག་གོ ། མར་ཁེ་སིས་ཨ་རིའི་ལྷོ་བྱང་དམག་འཁྲུག་ནི་སྤྱི་ཚོགས་ཀྱི་ལམ་ལུགས་གཉིས་ཏེ་བྲན་གཡོག་ལམ་ལུགས་དང་རང་དབང་ངལ་རྩོལ་ལམ་ལུགས་བར་གྱི་འཐབ་རྩོད་ཅིག་ཡིན་ཞེས་གསུངས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།