མར་ཁེ་སི་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མར་ཁེ་སི་རིང་ལུགས།
མར་ཁེ་སི་རིང་ལུགས་ནི་རྒྱལ་སྤྱིའི་འབྱོར་མེད་གྲལ་རིམ་གྱི་མགོ་ཁྲིད་པ་དང་སློབ་སྟོན་པ་མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་སྲོལ་བཏོན་པའི་བསམ་བློའི་མ་ལག་ཅིག་ཡིན་ལ་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གི་མཛུབ་སྟོན་བསམ་བློ་དང་གཞུང་ལུགས་ཀྱི་མ་རྩ་ཡིན། སྤྱི་ལོ1848ལོའི་ཟླ2པར་བཏོན་པའི《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་པས་འབྱོར་མེད་གྲལ་རིམ་གྱི་བསམ་བློའི་མ་ལག་ཆ་ཚང་བཏོན་ཡོད་ལ་མར་ཁེ་སི་རིང་ལུགས་དབུ་བརྙེས་པའི་མཚོན་རྟགས་ཀྱང་མངོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马克思主义
ཕྱི་ཡིག་གི་མིང་།
Marxism
གསར་གཏོད་མཁན།
ཁཱ་ཨར•མར་ཁེ་སི། ཧྥེ་ལི་ཏུ་ལི་ཞི•ཨེན་ཀེ་སི།
དུས་ཚོད།
སྤྱི་ལོ1848ལོའི་ཟླ2པ།
1 ངོ་སྤྲོད།

མཐར་ཐུག་གི་དངོས་པོ་དང་ཁེར་ཚུགས་ཀྱི་དངོས་པོ། བློས་གཞལ་དཀའ་བའི་དངོས་པོ་ཞིག་རྩ་བ་ནས་མེད་ཅེས་དང་། སྐྱེ་བ་ནས་འཇིག་པའི་རྒྱུན་ཆད་མེད་པའི་རྒྱུད་རིམ་དང་དམའ་རིམ་ནས་མཐོ་རིམ་གྱི་ཚད་རྒྱུད་རིམ་ལས་རྟག་བརྟན་ཅི་ཡང་མི་འདུག་ཅེས་པ་ལྟར། མར་ཁེ་སི་རིང་ལུགས་ཀྱང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་རྒྱུས་སུ་འགྲོ་བཞིན་ཡོད། མར་ཁེ་སི་རིང་ལུགས་ནི་རྒྱལ་སྤྱིའི་འབྱོར་མེད་གྲལ་རིམ་གྱི་མགོ་ཁྲིད་པ་དང་སློབ་སྟོན་པ་མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་སྲོལ་བཏོན་པའི་བསམ་བློའི་མ་ལག་ཅིག་ཡིན་ལ་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གི་མཛུབ་སྟོན་བསམ་བློ་དང་གཞུང་ལུགས་ཀྱི་མ་རྩ་ཡིན།

སྤྱི་ལོ1848ལོའི་ཟླ2པར་བཏོན་པའི《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་པས་འབྱོར་མེད་གྲལ་རིམ་གྱི་བསམ་བློའི་མ་ལག་ཆ་ཚང་བཏོན་ཡོད་ལ་མར་ཁེ་སི་རིང་ལུགས་དབུ་བརྙེས་པའི་མཚོན་རྟགས་ཀྱང་མངོན་ཡོད། ལུགས་འདིའི་གཞུང་ལུགས་གཙོ་བོ་ནི་འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པ་དང་། དབྱིན་ཇིའི་གནའ་གཞུང་ཆབ་སྲིད་དཔལ་འབྱོར་རིག་པ། ཧྥ་རན་སི་དང་དབྱིན་ཇིའི་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་བཅས་ཡིན། མར་ཁེ་སི་རིང་ལུགས་ལ་རྩ་བའི་གྲུབ་ཆ་གསུམ་སྟེ། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་བཅས་ཡིན། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་ནི་གཙོ་སྒྲུབ་དངོས་གཙོ་རིང་ལུགས་པའི་སྤྱི་མིང་ལ་བརྗོད་ཅིང་། ཆབ་སྲིད་དཔལ་འབྱོར་རིག་པས་མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་འབྲེལ་བར་ཞིབ་འཇུག་བྱ་རྒྱུ་གཙོ་གནད་དུ་བཟུང་ཡོད། རིན་ཐང་ལྷག་མའི་གཞུང་ལུགས་ཀྱིས་མ་རྩ་རིང་ལུགས་ཀྱི་བཤུ་གཞོག་གསང་བའི་མཐིལ་བརྟོལ་བས་མར་ཁེ་སི་དཔལ་འབྱོར་གཞུང་ལུགས་ཀྱི་རྨང་གཞིར་གྲུབ་ཡོད། ཚན་རིག་སྤྱི་ཚོགས་རིང་ལུགས་ནི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཀྱི་སྙིང་བོ་ཡིན་ལ་དེས་འཛམ་གླིང་གི་འབྱོར་མེད་གྲལ་རིམ་དང་འགྲོ་བ་ཡོངས་ཀྱི་བཅིངས་འགྲོལ་འཐབ་རྩོད་ལ་ཐད་གར་ནས་མཛུབ་སྟོན་གནང་ཡོད།

མར་ཁེ་སི་རིང་ལུགས་ཀྱང་སྤྱི་ཚོགས་ལག་ལེན་དང་ཚན་རིག་ལག་རྩལ་འཕེལ་བའི་འགྲོས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ལེ་ཉིན་གྱིས་མར་ཁེ་སི་རིང་ལུགས་དང་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཞིབ་ཕྲའི་ལག་ལེན་ཟུང་དུ་སྦྲེལ་ནས་ལེ་ཉེན་རིང་ལུགས་ཀྱི་རིམ་པ་ཞེས་མར་ཁེ་སི་རིང་ལུགས་དེ་རིམ་པ་གསར་བ་ཞིག་ཏུ་གཏད་ཡོད། མའོ་ཙེ་ཏུང་གཙོ་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་མི་སྣས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་དང་ཀྲུང་གོའི་ལོ་རྒྱུས། སྤྱི་ཚོགས་ཀྱི་ལག་ལེན་དངོས་བཅས་སྤྲེལ་ནས་མའོ་ཙེ་ཏུང་གི་བསམ་བློ་ཞེས་བཏོན་ཡོད། དུས་རབས20པའི་ལོ་རབས80པར་ཀྲུང་གོ་གུང་ཁྲན་ཏང་གི་མི་སྣས་ཡང་བསྐྱར་མར་ཁེ་སི་རིང་ལུགས་དང་། ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་གི་བསམ་བློ་བཅས་འཕེལ་རྒྱས་སུ་བཏང་ནས་ཏེང་ཞའོ་ཕིན་གྱི་གཞུང་ལུགས་བཏོན་ཡོད་དོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།