པི་སི་མའེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པི་སི་མའེ།
པི་སི་མའེ་ནི་ཕུའུ་ལུའུ་ཧྲི་རྒྱལ་བོའི་རྒྱལ་ཁབ་ཀྱི་གཙོ་འཛིན(1862-1890)དང་། འཇར་མན་བཙན་རྒྱལ་གྱི་སྲིད་བློན(1871-1890)ཡིན་ཞིང་། དབང་སྒྱུར་བྱེད་པའི་དུས་སྐབས་སུ་ལྕགས་ཁྲག་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་གྱིས་ལྕགས་ཁྲག་སྲིད་བློན་ཞེས་ཀྱང་བརྗོད། པི་སི་མའེ་ནི་སྤྱི་ལོ1815ལོའི་ཟླ4བའི་ཚེས1ཉིན་གྱི་འཁྲུངས་པ་དང་། སྤྱི་ལོ1895ལོའི་ཟླ7པའི་ཚེས30ཉིན་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥托•冯•俾斯麦
ཕྱི་ཡིག་གི་མིང་།
Otto von Bismarck
མིང་ཆ་ཚང་།
ཨོ་ཐོའུ•ཧྥུན•པི་སི་མའེ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1815.04.01-1898.07.30)
རྒྱལ་ཁབ།
འཇར་མན་བཙན་རྒྱལ།
མི་རིགས།
འཇར་མན་མི།
སྐྱེས་ཡུལ།
འཇར་མན་ཞིན་ཨོ་སེན།
ལས་རིགས།
སྲིད་བློན། ཕྱི་འབྲེལ་བློན་ཆེན།
དད་མོས།
ཡེ་ཤུའི་ཆོས་ལུགས།
མཐར་ཕྱིན་སློབ་གྲྭ།
ཀུ་ཡན་ཀུན་སློབ་ཆེན།
འཐུས་ཚབ་བརྩམས་ཆོས།
《བསམ་གཞིག་དང་ཕྱིར་དྲན》
བྱས་རྗེས་གཙོ་བོ།
འཇར་མན་གྱི་ཁ་འཐོར་རྣམ་པ་མཇུག་སྒྲིལ་ཏེ། འཇར་མན་གཅིག་གྱུར་བྱས་ནས་ཉམས་གསོ་བྱས།
མཚན་སྙན།
བློ་བརྟན་འགྱུར་མེད་ཀྱི་སྲིད་བློན། འཇར་མན་གྱི་བཟོ་སྐྲུན་པ།
1 ངོ་སྤྲོད།

པི་སི་མའེ་ནི་ཕུའུ་ལུའུ་ཧྲི་རྒྱལ་བོའི་རྒྱལ་ཁབ་ཀྱི་གཙོ་འཛིན(1862-1890)དང་། འཇར་མན་བཙན་རྒྱལ་གྱི་སྲིད་བློན(1871-1890)ཡིན་ཞིང་། དབང་སྒྱུར་བྱེད་པའི་དུས་སྐབས་སུ་ལྕགས་ཁྲག་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་གྱིས་ལྕགས་ཁྲག་སྲིད་བློན་ཞེས་ཀྱང་བརྗོད། པི་སི་མའེ་ནི་སྤྱི་ལོ1815ལོའི་ཟླ4བའི་ཚེས1ཉིན་གྱི་འཁྲུངས་པ་དང་། སྤྱི་ལོ1895ལོའི་ཟླ7པའི་ཚེས30ཉིན་སྐུ་གཤེགས། དགུང་ལོ་བཅུ་བདུན་སྟེང་ཀུ་ཏིང་ཀུན་དང་པོ་ལུན་སློབ་ཆེན་ནས་ཁྲིམས་ལུགས་རིག་པ་སྦྱངས་པ་དང་། སྤྱི་ལོ1874ལོར་ཕུའུ་ལུའུ་ཧྲི་མཉམ་འབྲེལ་རྒྱལ་ཕྲན་གྱི་དབྱི་ཧའེ་ཚོགས་མི་བྱས། ཁོས་གཅིག་གྱུར་གྱི་འཇར་མན་བཙན་རྒྱལ་བཙུགས་པ་དང་། སྤྱི་ལོ1865ལོར་པོ་ཅོ་སྐུ་དྲག་གི་གོ་གནས་སུ་འཕར་ཞིང་། སྤྱི་ལོ1871ལོར་བཙན་རྒྱལ་གྱི་སྲིད་བློན་བྱས་པ་མ་ཟད་རྒྱལ་བོའི་གོ་གནས་སུ་བསྐོས།

སྤྱི་ལོ1871ལོ་ནས་སྤྱི་ལོ1890ལོའི་བར། པི་སི་མའེ་ནི་འཇར་མན་བཙན་རྒྱལ་གྱི་དོན་དངོས་གཙོ་འཛིན་ཡིན་ཞིང་། ནང་སྲིད་དང་ཕྱི་འབྲེལ་གྱི་དབང་ཆ་བདག་གཅིག་ཏུ་བཟུང་ཡོད། དེའི་ནང་སྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་ད་ཡོད་ལམ་ལུགས་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་ཀྱི་དབང་གྲགས་འཛུགས་རྒྱུ་དེ་ཡིན་ལ། ཁོས་ཕྱོགས་གཅིག་ནས་ཕུའུ་ལུའུ་ཧྲི་དང་བཙན་རྒྱལ་སྲིད་གཞུང་གི་དབང་ཆར་ཤུགས་བསྣན་པ་དང་། ཕྱོགས་གཞན་ཞིག་ནས་བཟོ་བའི་ལས་འགུལ་ལ་འཛེམ་མེད་དྲག་གནོན་བྱས། དུས་རབས19བའི་ལོ་རབས80པ་ནས་བཟུང་། ཁོས་ད་དུང་འཇར་མན་གྱི་མགོ་ཁྲིད་དེ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པ་དང་། ཡ་གླིང་དང་ཧྥེ་གླིང་དུ་མི་སེར་སྤེལ་ཡུལ་བཙུགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།