གཡུལ་འདུམ་མཆོད་རྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1996ལོའི་ཟླ8པའི་ཚེས15ཉིན། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་འཁོར་དང་བཅས་མཆོག་ཉིད་ཀྱི་གདན་ས་ཐར་ཤུལ་དགོན་ནས། ཚོགས་དབང་གོང་ཁའི་ཕྱོགས་སུ་ཆིབས་ཁ་སྒྱུར་འབྱོན་ལམ། མདོ་རྩེ་ཉག་ཁར་རླངས་འཁོར་ཆུང་བ་སུམ་ཅུ་སོ་བརྒྱད་ཀྱིས་བསུས་ཤིང་། རྒྱ་རིང་ལ་སྟེང་དུ་འཕྲུལ་རྟ་བཞི་བརྒྱ་བཞི་བཅུ་རྩ་བརྒྱད་དང་། རྟ་བ་ལྔ་བརྒྱ་ལྷག་གིས་བསུ་བའི་བཀོད་པ་རྒྱ་ཆེན་དང་བཅས། དུས་དབང་གསུང་ཡུལ་དུ་ཕྱག་ཕེབས། ཚེས14ནས་དགའ་ལྡན་གསེར་ཁྲི་རིན་པོ་ཆེ་དང་། ཨ་ཐིས་སྐལ་བཟང་རྒྱ་མཚོ། མཐིལ་བའི་ནང་སོ་སྔོན་མོ། སྐྱང་རྩེ་སྦྱིན་པ་འཇམ་དབྱངས་རྒྱ་མཚོ་སོགས་བླ་སྤྲུལ་བརྒྱ་ཕྲག་ལྷག་དང་། དད་ལྡན་སེར་སྐྱ་ཆིག་འབུམ་ཉིས་ཁྲི་ལྷག་ལ་སྟ་གོན་སྔོན་དུ་འགྲོ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བདུན་པ་སྨིན་རྒྱས་སུ་བསྩལ་དོ།། དེ་ལྟར་དུས་འཁོར་དབང་ཆེན་མཇུག་རྫོགས་རྗེས། ཐེངས་འདིའི་འགོ་འཛིན་པ་རྣམས་ཀྱིས་འགན་ཁུར་ནས། ཡོངས་འཛིན་རིན་པོ་ཆེའི་བཞུགས་ཁྲི་རྨང་གཞི་བྱས་ཏེ། གནས་དེར་རྒན་གྱི་ཚེ་ཐག་རིང་ཞིང་། གཞོན་གྱི་འདབ་ལག་རྒྱས་པ། མི་ལ་ནད་ཚ་མེད་ཅིང་། ཕྱུགས་ལ་གོད་ཁ་མི་འབྱུང་བ། ཕྱུ་ནང་ཀུན་ཏུ་ཁ་མཆུ་རྩོད་གླེང་མི་ཡོང་བའི་ཆེད་དུ་གཡུལ་འདུམ་མཆོད་རྟེན་ཞིག་བཞེངས་གྲུབ་མཛད་དོ།།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ1996ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ།
གནས་ཡུལ།
མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཡོད།
1 ངོ་སྤྲོད།

མཆོད་རྟེན་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ1995ལོའི་ཟླ5པར་བློ་ཀྱཱ་དང་། ཚ་ནག ཇོ་སྲས། རུ་སྔན་ཞོལ་མ། ཨ་ལགས་ཨ་མྱེས། བུ་དགུ རྡོ་ར། དཔོན་ཚང་བཅས་རུ་སྔན་ཁག་གསུམ་གཙོས། ཚོ་མཐུན་སྨྲར་ཁམས་བྱ་ཁོག་དང་། འབྲོག་རུ་བན་ཚར། ཆོས་ཚ། བོན་སྐོར། མགོ་མང་རོང་སྡེ་བཅས་ཀྱི་སེར་སྐྱ་དཔོན་རིགས་རྣམས་ལ་མ་གྲོས་རང་མཐུན་གྱིས། ཡུལ་འདིར་དབང་ཞིག་ཞུ་རྒྱུར་ཁ་འཆམ་ནས་སྐུ་ཕྱོགས་མཁར་སྔོན་ཚང་གི་བླ་མེད་རྒྱབ་སྐྱོར་འོག་ལོ་དེར་ལཱ་མོ་ཡོངས་འཛིན་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་མདུན་སར། དད་ལྡན་ཁྲི་སྟོང་མང་པོའི་རེ་འདུན་ལྟར། ཡུལ་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསུང་རྒྱུའི་རེ་བ་ཕུར་ཚུགས་ནན་ཞུ་ཡང་ཡང་བྱས་པར་བརྟེན་དམ་པ་ཉིད་ནས་ཀྱང་ཞལ་གྱིས་བཞེས། ཕྱི་ལོར་དབང་ཞུ་མཁན་གྱི་སྡེ་བ་སོ་སོའི་སེར་སྐྱ་དཔོན་རིགས་རྣམས་ལ་བན་ཤུལ་སྤྲུལ་སྐུ་དང་། ཇོ་སྲས་བཙུན་ཁོ། བློ་ཀྱཱའི་རི་ལང་རྒྱལ། ཆོས་ཚའི་ཟླ་འོད། ཚ་ནག་བན་དེ། གཞུང་མའི་བྱམས་ལོ། བབས་རུའི་བཀྲ་ཤིས། བློ་ཀྱཱའི་སྟོབས་རྒྱས། བུ་དགུའི་ཆོས་ལོ། དཔོན་ཚང་རྡོ་རྗེ། རྡོ་རའི་བླ་ཚེ། རྡོ་རའི་སྒོམ་པ། ཇོ་སྲས་ཨ་བྷོ། སོ་སྲས་གེ་བྷ། བློ་ཀྱཱའི་ཀུ་རིས་རྒྱལ། བློ་ཀྱཱའི་གཡུང་དྲུང་། ཚ་ནག་ཚེ་འཕེལ། ཚ་ནག་ལྷ་ཆེན་དཔལ། བྱ་ཁོག་སྟག་འབུམ་རྒྱལ། བྱ་ཁོག་ཚེ་བྱམས་ཡག བན་ཚར་གནམ་རྒྱལ་བཅས་ཀྱིས་དུས་འཁོར་དབང་ཆེན་འདིའི་མགོ་མཇུག་བར་གསུམ་གྱི་བྱ་བའི་འགན་ཁུར་ཏེ་བཀོད་སྒྲིག་ཚེགས་སུ་ཆུད་པ་བགྱིས་ནས། ལོ་དེའི་ཟླ8པའི་ཚེས15ཉིན། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་འཁོར་དང་བཅས་མཆོག་ཉིད་ཀྱི་གདན་ས་ཐར་ཤུལ་དགོན་ནས། ཚོགས་དབང་གོང་ཁའི་ཕྱོགས་སུ་ཆིབས་ཁ་སྒྱུར་འབྱོན་ལམ། མདོ་རྩེ་ཉག་ཁར་རླངས་འཁོར་ཆུང་བ་སུམ་ཅུ་སོ་བརྒྱད་ཀྱིས་བསུས་ཤིང་། རྒྱ་རིང་ལ་སྟེང་དུ་འཕྲུལ་རྟ་བཞི་བརྒྱ་བཞི་བཅུ་རྩ་བརྒྱད་དང་། རྟ་བ་ལྔ་བརྒྱ་ལྷག་གིས་བསུ་བའི་བཀོད་པ་རྒྱ་ཆེན་དང་བཅས། དུས་དབང་གསུང་ཡུལ་དུ་ཕྱག་ཕེབས། ཚེས14ནས་དགའ་ལྡན་གསེར་ཁྲི་རིན་པོ་ཆེ་དང་། ཨ་ཐིས་སྐལ་བཟང་རྒྱ་མཚོ། མཐིལ་བའི་ནང་སོ་སྔོན་མོ། སྐྱང་རྩེ་སྦྱིན་པ་འཇམ་དབྱངས་རྒྱ་མཚོ་སོགས་བླ་སྤྲུལ་བརྒྱ་ཕྲག་ལྷག་དང་། དད་ལྡན་སེར་སྐྱ་ཆིག་འབུམ་ཉིས་ཁྲི་ལྷག་ལ་སྟ་གོན་སྔོན་དུ་འགྲོ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བདུན་པ་སྨིན་རྒྱས་སུ་བསྩལ་དོ།།

དེ་ལྟར་དུས་འཁོར་དབང་ཆེན་མཇུག་རྫོགས་རྗེས། གོང་གསལ་གྱི་འགོ་འཛིན་པ་རྣམས་ཀྱིས་འགན་ཁུར་ནས། ཡོངས་འཛིན་རིན་པོ་ཆེའི་བཞུགས་ཁྲི་རྨང་གཞི་བྱས་ཏེ། གནས་དེར་རྒན་གྱི་ཚེ་ཐག་རིང་ཞིང་། གཞོན་གྱི་འདབ་ལག་རྒྱས་པ། མི་ལ་ནད་ཚ་མེད་ཅིང་། ཕྱུགས་ལ་གོད་ཁ་མི་འབྱུང་བ། ཕྱུ་ནང་ཀུན་ཏུ་ཁ་མཆུ་རྩོད་གླེང་མི་ཡོང་བའི་ཆེད་དུ་གཡུལ་འདུམ་མཆོད་རྟེན་ཞིག་བཞེངས་གྲུབ་མཛད་ལ། དེའི་ནང་དུ་བཞུགས་པའི་རྟེན་གྱི་རིམ་པ་ནི། འཇམ་མགོན་བླ་མའི་སྐུ་འདྲ་འབུམ་ཕྲག་གསུམ་དང་། སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་འབུམ་ཕྲག་གསུམ། ཚེ་ལྷ་རྣམ་གསུམ་གྱི་སྐུ་འདྲ་འབུམ་ཕྲག་བརྒྱད། རིགས་གསུམ་མགོན་པོའི་སྐུ་འདྲ་འབུམ་ཕྲག་གསུམ། རྗེ་བཙུན་སྒྲོལ་མའི་སྐུ་འདྲ་འབུམ་ཕྲག་བདུན། རྒྱལ་བ་མི་འཁྲུགས་པའི་སྐུ་འདྲ་འབུམ་ཕྲག་གཉིས་བཅས་འབུམ་ཁང་སུམ་ཅུ་སོ་བདུན། རྒྱལ་བའི་བཀའ་འབུམ་ཁང་སུམ་ཅུ་སོ་བདུན་བཅས་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་དང་། ལམ་སྔགས་ཚར་བཞི་རེ། ཐར་མདོ་ཚར་ལྔ། ཆོས་སྤྱོད་རབ་གསལ་ཚར་བཅུ། མདོ་སྡེ་སྐལ་བཟང་དང་འཕགས་པ་གཉིས་ཚར་བཅུ་བདུན་རེ། མདོ་ཏིང་ངེ་འཛིན་ཚར་བཅུ། པདྨ་བཀའ་ཐང་ཚར་གཉིས། མ་ཎི་བཀའ་འབུམ་བཅས་གསུང་མང་དུ་མཆིས། གཞན་ཡང་འདྲ་སྐུ་ལི་མ་ཁ་ཤས་དང་། ཡོངས་འཛིན་རྡོ་རྗེ་འཆང་ནས་གནང་བའི་སྔོན་བྱོན་དམ་པ་རྣམས་ཀྱིས་མཚོན་པའི་སྲིད་འདིར་རྙེད་པར་དཀའ་བའི་རྟེན་གང་མང་བཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།