འགག་ཚའི་བྱང་ཆུབ་མཆོད་རྟེན་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱིའི་ལོར་སྐྱབས་རྗེ་དམ་པ་ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་མཆོག་གིས་ཞབས་ཟུང་གསེར་གྱི་འཁོར་ལོའི་རྩིབས་སྟོང་གནས་འདིར་བཀོད་དེ། འགག་ཚའི་ཕྱིའི་དགྲ་ཇག་ཆོམ་རྐུན་དང་ནང་གི་གྱོད་ན་ཁ་མཆུ་མི་འདོད་པའི་ཉེར་འཚེ་མཐའ་དག་ལ་གཟིགས་ནས། སྡེ་འདབས་འདིར་བྱང་སྐྱོར་གྱི་ཚུལ་དུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཐུབ་ན་སྡེ་འདིའི་མི་ནོར་ཟས་གསུམ་ལ་འདི་ཕན་ཐོགས་ཆེ་གསུངས། དེ་ནས་ད་རག་བར་ལོ་ངོ་བཞི་བཅུའི་རིང་ལ་གྲོང་རི་དགོན་ཀུན་ནའང་འགན་དང་ལེན་དང་ཚེགས་བརྩོན་འགྲུས་བྱེད་མཁན་གཅིག་ཀྱང་མ་བྱུང་། སྤྱི་ལོ2002ལོར་རྙེ་དགོན་པའི་གྲྭ་རིགས་དགེ་ཚུལ་བསྟན་འཛིན་རྒྱ་མཚོས་མ་སྐུལ་དང་བླངས་ཀྱིས་བྱང་ཆུབ་མཆོད་རྟེན་གསར་བཞེངས་བྱེད་རྒྱུའི་འགན་ཡོངས་རྫོགས་ཕྲག་ཏུ་བཞེས། སྤྱི་ལོ2005ལོར་ཁྲི་ཀའི་གཞུང་ལུགས་སྨྲ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ངག་དབང་ཀུན་བཟང་ཚང་ཆེད་དུ་གདན་དྲངས་ཏེ་སའི་ལེགས་ཉེས་ལ་དཔྱད་དེ་སའི་རྩི་བཅུད་འཛོམས་སའི་ས་མིག་ཅིག་གཏན་འཁེལ་བྱས་ཏེ་གསར་བཞེངས་བྱས་སོ།།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ2005ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ།
གནས་ཡུལ།
འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཡོད།
1 ངོ་སྤྲོད།

བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱིའི་ལོར་སྐྱབས་རྗེ་དམ་པ་ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་མཆོག་གིས་ཞབས་ཟུང་གསེར་གྱི་འཁོར་ལོའི་རྩིབས་སྟོང་གནས་འདིར་བཀོད་དེ། འགག་ཚའི་ཕྱིའི་དགྲ་ཇག་ཆོམ་རྐུན་དང་ནང་གི་གྱོད་ན་ཁ་མཆུ་མི་འདོད་པའི་ཉེར་འཚེ་མཐའ་དག་ལ་གཟིགས་ནས། སྡེ་འདབས་འདིར་བྱང་སྐྱོར་གྱི་ཚུལ་དུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཐུབ་ན་སྡེ་འདིའི་མི་ནོར་ཟས་གསུམ་ལ་འདི་ཕན་ཐོགས་ཆེ་གསུངས། དེ་ནས་ད་རག་བར་ལོ་ངོ་བཞི་བཅུའི་རིང་ལ་གྲོང་རི་དགོན་ཀུན་ནའང་འགན་དང་ལེན་དང་ཚེགས་བརྩོན་འགྲུས་བྱེད་མཁན་གཅིག་ཀྱང་མ་བྱུང་། སྤྱི་ལོ2002ལོར་རྙེ་དགོན་པའི་གྲྭ་རིགས་དགེ་ཚུལ་བསྟན་འཛིན་རྒྱ་མཚོས་མ་སྐུལ་དང་བླངས་ཀྱིས་བྱང་ཆུབ་མཆོད་རྟེན་གསར་བཞེངས་བྱེད་རྒྱུའི་འགན་ཡོངས་རྫོགས་ཕྲག་ཏུ་བཞེས། སྤྱི་ལོ2005ལོར་ཁྲི་ཀའི་གཞུང་ལུགས་སྨྲ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ངག་དབང་ཀུན་བཟང་ཚང་ཆེད་དུ་གདན་དྲངས་ཏེ་སའི་ལེགས་ཉེས་ལ་དཔྱད་དེ་སའི་རྩི་བཅུད་འཛོམས་སའི་ས་མིག་ཅིག་གཏན་འཁེལ་བྱས། ཕྱིས་ཟླ་ཤས་འཕྲོར་བཞེངས་རྒྱུའི་སྟ་གོན་བྱས་ནས་ཧོར་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ཕྱོགས་ཀུན་ནས་ལེགས་གྲུབ་བྱུང་། ཧོར་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གོང་ས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པཎ་རྗེ་ཞྭ་དམར་པཎྜི་ཏ་སྐུ་ཕྲེང་བདུན་པ་བསྟན་འཛིན་དགེ་འདུན་ཕུལ་བྱུང་དཔལ་བཟང་བོ་མཆོག་གིས་ཞབས་ཟུང་བཀྲ་ཤིས་རི་མོའི་རེ་ཁྭ་གནས་འདིར་བསྒྱུར་ནས་བཀྲ་ཤིས་པའི་ཆོ་ག་སྟེ་རབ་གནས་ལེགས་པར་མཛད། ཧོར་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་རང་དགོན་ལྷུན་གྲུབ་ཆོས་རྫོང་དང་འགག་ཚ་དགོན་པ་གཉིས་ལ་ལེགས་གྲུབ་དགའ་སྟོན་བགྱིས། ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་དེ་སྟོན་པ་ལྷ་བབས་ཀྱི་དུས་བཟང་ཉིན་འདིར་དགེ་ཚུལ་བསྟན་འཛིན་རྒྱ་མཚོའི་ཕྱོགས་ཀྱི་དད་ལྡན་སྦྱིན་བདག་རྣམས་ཀྱིས་རང་མོས་སྒོས་ཕུལ་བའི་མ་ཁབ་དང་སྐུད་པའི་འཕྲེལ་ཏེ་རྒྱུ་ནོར་ཡོད་ཚད་སྐར་གང་ཆུད་ཟོས་སུ་མ་བཏང་བར་འཇིག་རྟེན་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་ས་གཅིག་པུར་བྱང་ཆུབ་མཆོད་རྟེན་ཆེན་མོ་འདི་བསྐྲུན་པའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།