ཁྲེང་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲེང་ཐང་།
ཞ་རྒྱལ་རབས་ཀྱི་རྒྱལ་པོ་ཆེས་མཐའ་མ་ཅེ་ཞེས་པ་དེ་ནི་རང་རློམ་ཆེ་ཞིང་གདུག་རྩུབ་ཅན་ཞིག་ཡིན་པས་འབངས་རྣམས་ཤིན་ཏུ་སྡང་ཞིང་སྲིད་དབང་ལ་ངོ་རྒོལ་མང་པོ་བྱས། མཐའ་མར་ཤར་ཕྱོགས་སུ་ཡོད་པའི་ཧྲང་ཚོ་བའི་ཚོ་དཔོན་ཁྲུང་ཐང་ཞེས་པ་དེས་བློན་པོ་ཤེས་རྒྱ་ཅན་ལ་མཐོང་ཆེན་གྱིས་རང་གི་སྟོབས་ཤུགས་རྒྱས་པར་འབད་པ་དང་། ཞ་ཅར་གྱི་བག་མེད་འདོད་གཡེང་དང་ནང་ཁུལ་གྱི་འགལ་བ་ཛ་དྲག་ཡིན་པའི་གླགས་དང་བསྟུན་ནས་ཞ་རྒྱལ་རབས་བསྣུབས་ཏེ་ཧྲང་རྒྱལ་རབས་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
成汤
མིང་གཞན།
ཧྲང་ཐང་། ཁྲེང་ཐང་། ཐན་དབྱི། ཏ་དབྱི། ཐང་། ཝུའུ་ཐང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི1670ལོ—སྤྱི་ལོ་སྔོན་གྱི1587ལོ།
འཁྲུངས་ཡུལ།
ཧྲང་ཆིའུ།
མི་རིགས།
ཧྭ་ཞ་རིགས།
བྱས་རྗེས།
ཞ་རྒྱལ་རབས་བསྣུབས་ནས་ཧྲང་རྒྱལ་རབས་བཙུགས་པ་སོགས།
1 ངོ་སྤྲོད།

ཞ་རྒྱལ་རབས་ཀྱི་རྒྱལ་པོ་ཆེས་མཐའ་མ་ཅེ་ཞེས་པ་དེ་ནི་རང་རློམ་ཆེ་ཞིང་གདུག་རྩུབ་ཅན་ཞིག་ཡིན་པས་འབངས་རྣམས་ཤིན་ཏུ་སྡང་ཞིང་སྲིད་དབང་ལ་ངོ་རྒོལ་མང་པོ་བྱས། མཐའ་མར་ཤར་ཕྱོགས་སུ་ཡོད་པའི་ཧྲང་ཚོ་བའི་ཚོ་དཔོན་ཁྲུང་ཐང་ཞེས་པ་དེས་བློན་པོ་ཤེས་རྒྱ་ཅན་ལ་མཐོང་ཆེན་གྱིས་རང་གི་སྟོབས་ཤུགས་རྒྱས་པར་འབད་པ་དང་། ཞ་ཅར་གྱི་བག་མེད་འདོད་གཡེང་དང་ནུང་ཁུལ་གྱི་འགལ་བ་ཛ་དྲག་ཡིན་པའི་གླགས་དང་བསྟུན་ནས་ཞ་རྒྱལ་རབས་བསྣུབས་ཏེ་ཧྲང་རྒྱལ་རབས་བཙུགས། དེ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་དམག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་པའི་སྲོག་ཐོག་མ་དང་། རྒྱལ་པོ་གནམ་བསྐོས་ལྷ་སྲས་ཡིན་པའི་ལྟ་བ་མེད་པར་བཟོས་པ་རེད། ཁྲུན་ཐང་ནི་ལོ་རྒྱུས་སྟེང་རླབས་ཆེན་གྱི་མི་ཞིག་སྟེ། ཁོས་དབང་བསྒྱུར་སྐབས་དཔྱ་ཁྲལ་ཇེ་ཉུང་དུ་བཏང་བ་དང་། ཐོན་སྐྱེད་ལ་སྐུལ་འདེད། འབངས་མི་སེར་ལ་རོགས་རམ་སོགས་ཀྱི་སྲིད་ཇུས་བཟང་པོ་ལག་ཏུ་བསྟར་བས་རྒྱལ་ཁབ་ལ་སྟོབས་འབྱོར་རྒྱས་ཤིང་། མཐའ་འཁོར་གྱི་ཚོ་བ་མང་པོ་ཆབ་འོག་ཏུ་བསྡུས།


བརྡ་འགྲེལ་གདོང་འཛར།

མི་སྣ ལོ་རྒྱུས་མི་སྣ། ཆབ་སྲིད་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-23

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།