ཀྲོའུ་ཝུའུ་ཝང་།

ཧོ་ནན་ཞིང་ཆེན་ཐང་ཡན་རྫོང་གི་བྱང་ཁུལ་དུ་ཡངས་ཤིང་རྒྱ་ཆེ་བའི་ཐང་སྟོང་ཞིག་ཡོད་པ་དེ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་ཆེས་སྔ་བའི་བཙོན་ཁང་སྟེ། ཧྲང་ཀྲོའུ་རྒྱལ་པོས་ཀྲོའུ་ཝུན་ཝང་བཙོན་འཇུག་བྱེད་ས་ཡིན་པར་བཤད། དེ་ཡང་ཀྲོའུ་ཝུན་ཝང་གི་རུས་ཅའེ་དང་མིང་ལ་ཁྲང་ཞེས་ཟེར། ཁོ་ནི་ཀྲོའུ་ཝུན་ཝང་གི་ཕ་ཡིན་ལ། ལོ་ངོ50ཙམ་ལ་ཀྲོའུ་ཚོ་བའི་འགོ་བ་བྱས། དེའི་རིང་ལ་མི་ཤེས་རྒྱ་ཅན་བློན་ལ་བསྐོས་ནས་ཆབ་སྲིད་དང་དམག་དོན་ལ་བཅོས་བསྒྱུར་དང་། ཞིང་ལས་ཐོན་སྐྱེད་གོང་དུ་སྤེལ་བར་འབད། ཀྲོའུ་ཚོ་བ་དེ་ཐོག་མར་ཧྲང་རྒྱལ་རབས་ཀྱི་ཁོངས་གཏོགས་རྒྱལ་ཕྲན་ཞིག་ཡིན་པས། ཀྲོའུ་ཝུན་ཝང་གིས་ཕྱི་ཚུལ་ནས་ཧྲང་ལ་བློ་དཀར་བའི་ཚུལ་བསྟན་ཞིང་། ལྐོག་ནས་ཧྲང་བསྣུབས་རྒྱུའི་སྟ་གོན་བྱས། ཁོས་ཧྲང་གི་ཟུར་གཏོགས་ཚོ་བ་རྣམས་ཁ་ཐོར་དུ་བཏང་ནས་རང་ཉིད་སྒེར་ཚུགས་ལ་འབད་པ་དང་། ས་ཞིང་གཤིན་པོ་མང་པོ་དབང་དུ་བསྡུས་པས་གནམ་སའི་དུམ་བུ་སུམ་ཆའི་གཉིས་ཙམ་དབང་བའི་རྣམ་པ་བཟོས་ཤིང་། རྗེས་སུ་ཝུའུ་ཝང་གིས་ཧྲང་བསྣུབས་པ་ལ་རྨང་གཞི་བཏིངས།