ཀྲང་ལིའང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ལིའང་།
ཀྲང་ལིའང་ནི(?-སྔོན་གྱི186)ཆིན་གྱི་དུས་མཇུག་དང་ཧན་གྱི་དུས་མགོའི་དམག་ཇུས་མཁས་པ་སྟེ། མིང་ལ་ཙའེ་ཧྥང་ཟེར། སྤྱི་ལོ་སྔོན་གྱི218ལོར་ཆིན་ཧྲི་ཧོང་ལྐོག་གསོད་བྱ་གྲབས་བྱས་པར་ཕམ། རྗེས་སུ་ལིའུ་པང་དང་འགྲོགས་ནས་ཆིན་བསྣུབས་པར་མ་ཟད། རྒྱལ་ཁའི་སྟོན་ཐོག་ནས་ལིའུ་པང་གི་སྲོག་བསྐྱབ། ཁྲུའུ་ཧན་གཡུལ་འཁྲུག་གི་ཁྲོད་སྲིད་ཇུས་མང་པོ་བཏོན་ནས་ཧན་གྱིས་རྒྱལ་ཁ་ལོན་པ་ཆ་རྐྱེན་བསྐྲུན། ཧན་རྒྱལ་རབས་བཙུགས་རྗེས་བློན་པོར་བསྐོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张良
མིང་གཞན།
ཀྲང་ཙི་ཧྥང་།
འཁྲུངས་འདས་ལོ་ཚིགས།
(སྤྱི་ལོ་སྔོན་གྱི150ལོ་ནས་སྤྱི་ལོ་སྔོན་གྱི186ལོ།)
རྒྱལ་ཁབ།
ཀྲུང་གོ(ཧན་རྒྱལ་རབས།)
མི་རིགས།
རྒྱ་རིགས།
དད་མོས།
ཧོང་ལའོ་རིག་པ།
ལས་རིགས།
ཆབ་སྲིད་པ། ཇུས་པ།
བྱས་རྗེས།
ལིའུ་པང་ལ་རོགས་བྱས་ནས་ཧན་རྒྱལ་རབས་བཙུགས་པ། ལིའུ་དབྱིན་ལ་རོགས་བྱས་ནས་རྒྱལ་སྲས་ཀྱི་གོ་གནས་བཟུང་བ།
1 ངོ་སྤྲོད།

ཀྲང་ལིའང་ནི(?-སྔོན་གྱི186)ཆིན་གྱི་དུས་མཇུག་དང་ཧན་གྱི་དུས་མགོའི་དམག་ཇུས་མཁས་པ་སྟེ། མིང་ལ་ཙའེ་ཧྥང་ཟེར། སྤྱི་ལོ་སྔོན་གྱི218ལོར་ཆིན་ཧྲི་ཧོང་ལྐོག་གསོད་བྱ་གྲབས་བྱས་པར་ཕམ། རྗེས་སུ་ལིའུ་པང་དང་འགྲོགས་ནས་ཆིན་བསྣུབས་པར་མ་ཟད། རྒྱལ་ཁའི་སྟོན་ཐོག་ནས་ལིའུ་པང་གི་སྲོག་བསྐྱབ། ཁྲུའུ་ཧན་གཡུལ་འཁྲུག་གི་ཁྲོད་སྲིད་ཇུས་མང་པོ་བཏོན་ནས་ཧན་གྱིས་རྒྱལ་ཁ་ལོན་པ་ཆ་རྐྱེན་བསྐྲུན། ཧན་རྒྱལ་རབས་བཙུགས་རྗེས་བློན་པོར་བསྐོས། ངག་རྒྱུན་ལྟར་ན་ཀྲང་ལིའང་ཆུང་དུས་སུ། ཐེངས་ཤིག་ལ་རྡོ་ཟམ་བརྒྱུད་པའི་སྐབས་རྒན་པོ་ཞིག་དང་འཕྲད་པར་རྒན་པོས་བསམ་བཞིན་དུ་རང་ཉིད་ཀྱི་ལྷམ་ཆུ་ནང་དུ་ཐེངས་གསུམ་ལ་གཡུགས་པར་ཀྲང་ལིའང་གིས་སུན་སྣང་མེད་པར་ལྷམ་ཆུ་ནང་ནས་བླངས་ཏེ་རྒན་པོར་སྤྲད་པས་རྒན་པོ་དེར་ཡིད་འགུལ་ཐེབས་པས་དམག་ཇུས་དཔེ་དེབ་ཞིག་ཁོ་ལ་བསླབ་པར་གྲགས།


བརྡ་འགྲེལ་གདོང་འཛར།

མི་སྣ། ལོ་རྒྱུས་མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-23

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།