ཨུ་རུ་སུའི་སྐད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨུ་རུ་སུའི་སྐད།
ཨུ་རུ་སུའི་སྐད་ནི་ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས་སུ་གཏོགས་པའི་སི་ལ་ཧྥུ་སྐད་རིགས་ཀྱི་ཡན་ལག་སྐད་ཅིག་ཡིན་ཞིང་། དེ་ནི་ཨུ་རུ་སུ་རྒྱལ་ཁབ་ཕུད་ད་དུང་ཝུ་ཁེར་ལན། ཧ་ས་ཁི་སི་ཐན། ཨུ་རུ་སུ་དཀར་པོ། ཅིར་ཅི་སི་ཐན་རྒྱལ་ཁབ་སོགས་ལ་ཁྱབ་ཡོད་པ་མ་ཟད། རྒྱལ་ཁབ་དེ་ཚོའི་གཞུང་ཕྱོགས་སྐད་ཆ་ཡིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཉེར་སྐད་ཅིག་ཀྱང་ཡིན་ལ། དེ་སྤྱོད་མཁན་གྱི་མི་འབོར་དུང་ཕྱུར་གཉིས་དང་ས་ཡ་བརྒྱད་ཅུ་གྱ་གཉིས་ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
俄语
ཕྱི་ཡིག་གི་མིང་།
Russian
སྐད་ཁོངས།
ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས།
སྐད་རིགས།
སི་ལ་ཧྥུ་སྐད་རིགས།
བཀོལ་སྤྱོད་མི་གྲངས།
དུང་ཕྱུར་གཉིས་དང་ས་ཡ་བརྒྱད་ཅུ་གྱ་གཉིས་ཙམ།
བཀོལ་སྤྱོད་ས་ཁུལ།
ཨུ་རུ་སུ་རྒྱལ་ཁབ་དང་ཝུ་ཁེར་ལན། ཧ་ས་ཁི་སི་ཐན། ཨུ་རུ་སུ་དཀར་པོ། ཅིར་ཅི་སི་ཐན་རྒྱལ་ཁབ་སོགས།
1 ངོ་སྤྲོད།

ཨུ་རུ་སུའི་སྐད་ནི་ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས་སུ་གཏོགས་པའི་སི་ལ་ཧྥུ་སྐད་རིགས་ཀྱི་ཡན་ལག་སྐད་ཅིག་ཡིན་ཞིང་།  དེ་ནི་ཨུ་རུ་སུ་རྒྱལ་ཁབ་ཕུད་ད་དུང་ཝུ་ཁེར་ལན།  ཧ་ས་ཁི་སི་ཐན།  ཨུ་རུ་སུ་དཀར་པོ།  ཅིར་ཅི་སི་ཐན་རྒྱལ་ཁབ་སོགས་ལ་ཁྱབ་ཡོད་པ་མ་ཟད།   རྒྱལ་ཁབ་དེ་ཚོའི་གཞུང་ཕྱོགས་སྐད་ཆ་ཡིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཉེར་སྐད་ཅིག་ཀྱང་ཡིན་ལ།  དེ་སྤྱོད་མཁན་གྱི་མི་འབོར་དུང་ཕྱུར་གཉིས་དང་ས་ཡ་བརྒྱད་ཅུ་གྱ་གཉིས་ཙམ་ཡོད།  

2 དབྱངས་གསལ།

ཨུ་རུ་སུའི་སྐད་ལ་སྒྲ་གནས་བསྡོམས་པས་བཞི་བཅུ་ཞེ་གཉིས་ཡོད་ཅིང་།   དེའི་ནང་དབྱངས་ལྔ་དང་གསལ་བྱེད་སུམ་ཅུ་སོ་བདུན་ཡོད།  ཨུ་རུ་སུའི་སྐད་ནང་དབྱངས་ཉུང་ཞིང་གསལ་བྱེད་མང་ལ།   གསལ་བྱེད་མང་ཆེ་བ་ནི་སྲོག་ཆེན་དང་སྲོག་ཆུང་།  དྲག་ཞན་ལྟོས་བཅས་ཡིན་པ་མ་ཟད་བརྡ་སྤྲོད་གྲུབ་ཚུལ་གྱི་ཁྱད་ཆོས་ནི་ཚིག་དང་ཚིག་བར་གྱི་བརྡ་སྤྲོད་ཀྱི་འབྲེལ་བ་དང་ཚིག་དང་རྗོད་པའི་བར་གྱི་བརྡ་སྤྲོད་ཀྱི་ནུས་པ་ཡིན་ཞིང་།  གཙོ་བོ་ཚིག་གི་འགྱུར་ལྡོག་ལ་གཞིགས་ནས་མཚོན་པ་ཡིན།  

3 ཞར་བྱུང་། 

མིང་དུ་གྲགས་པའི་རྩོམ་པ་པོ་ཐོར་སེ་ཐེའི་ཡི《དམག་འཁྲུག་དང་ཞི་བདེ》ཞེས་པ་ནི་ཨུ་རུ་སུའི་སྐད་ལས་བརྩམས་པ་ཞིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།