ཧྥ་རན་སེའི་སྐད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥ་རན་སེའི་སྐད།
ཧྥ་རན་སེའི་སྐད་ནི་ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས་སུ་གཏོགས་པའི་ལུའོ་མན་སྐད་རིགས་ཀྱི་རང་ཚུགས་སྐད་ཆ་ཞིག་ཡིན་ཞིང་། དེ་ནི་ཧྥ་རན་སེ་རྒྱལ་ཁབ་ཕུད་ད་དུང་པེར་ཀྲེམ་རྒྱལ་ཁབ་ཀྱི་ལྷོ་ཁུལ། ཁ་ན་ཏའི་ཏའོ་པེའི་ཀའི་གྲོང་ཁྱེར། སུའེ་ཙེར་རྒྱལ་ཁབ་ཀྱི་ས་ཁུལ་འགའ། ལུ་ཙེམ་པོག་རྒྱལ་ཁབ། དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འགའ་ལ་ཁྱབ་ཡོད་པ་མ་ཟད། རྒྱལ་ཁབ་དེ་ཚོའི་གཞུང་ཕྱོགས་སྐད་ཆ་ཡིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཉེར་སྐད་ཅིག་ཀྱང་ཡིན་ལ། དེ་སྤྱོད་མཁན་གྱི་མི་འབོར་དུང་ཕྱུར་གཅིག་བརྒལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法语
ཕྱི་ཡིག་གི་མིང་།
French
སྐད་ཁོངས།
ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས།
སྐད་རིགས།
ལུའོ་མན་སྐད་རིགས།
བཀོལ་སྤྱོད་མི་གྲངས།
དུང་ཕྱུར་གཅིག་ལྷག
བཀོལ་སྤྱོད་ས་ཁུལ།
ཧྥ་རན་སེ་དང་ལུ་ཙེམ་པོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་འགའ་སོགས།
1 ངོ་སྤྲོད།

ཧྥ་རན་སེའི་སྐད་ནི་ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁོངས་སུ་གཏོགས་པའི་ལུའོ་མན་སྐད་རིགས་ཀྱི་རང་ཚུགས་སྐད་ཆ་ཞིག་ཡིན་ཞིང་།  དེ་ནི་ཧྥ་རན་སེ་རྒྱལ་ཁབ་ཕུད་ད་དུང་པེར་ཀྲེམ་རྒྱལ་ཁབ་ཀྱི་ལྷོ་ཁུལ།  ཁ་ན་ཏའི་ཏའོ་པེའི་ཀའི་གྲོང་ཁྱེར།  སུའེ་ཙེར་རྒྱལ་ཁབ་ཀྱི་ས་ཁུལ་འགའ།  ལུ་ཙེམ་པོག་རྒྱལ་ཁབ།   དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འགའ་ལ་ཁྱབ་ཡོད་པ་མ་ཟད།   རྒྱལ་ཁབ་དེ་ཚོའི་གཞུང་ཕྱོགས་སྐད་ཆ་ཡིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཉེར་སྐད་ཅིག་ཀྱང་ཡིན་ལ།  དེ་སྤྱོད་མཁན་གྱི་མི་འབོར་དུང་ཕྱུར་གཅིག་བརྒལ་ཡོད།  

2 དབྱངས་གསལ།

ཉེ་རབས་ཧྥ་རན་སེའི་སྐད་ཀྱི་ཁུངས་ནི་ལ་ཏིང་སྐད་ནས་འཕེལ་བའི་ལུའོ་མན་སྐད་ཡིན།  ཧྥ་རན་སེའི་སྐད་ནང་ལ་ཏིང་གི་སྐད་སྤྱོད་ཅིང་།  སྒྲ་གནས་བསྡོམས་པས་སུམ་ཅུ་སོ་དྲུག་ཡོད་ལ།  དེའི་ནང་དབྱངས་བཅུ་དྲུག་དང་གསལ་བྱེད་ཉི་ཤུ་ཡོད།   ཧྥ་རན་སེའི་སྐད་ཀྱི་དབྱངས་ཚང་མ་ནི་དབྱངས་རྐྱང་པ་ཅན་ཡིན་པ་མ་གཏོགས་མཉམ་འདུས་ཀྱི་དབྱངས་མེད་ལ།  གསལ་བྱེད་ཁྲོད་བཙིར་བ་དང་བརྡར་བའི་སྒྲ་མེད་པར་ཟློས་སྒྲ་ཚང་མ་སྒྲ་ཚིག་རྗེས་མ་དེའི་ཐོག་འཁེལ་གྱི་ཡོད། 

3 ཞར་བྱུང་།

ཏུའུ་ཏུའི་བརྩམས་སྒྲུང《མཇུག་མཐའི་སློབ་ཐུན་གཅིག》ཅེས་པའི་ནང་གི་མི་སྣ་གཙོ་བོས་བཤད་དོན་ཧྥ་རན་སེའི་སྐད་ནི་འཛམ་གླིང་ཐོག་ཆེས་མཛེས་ཤོས་ཀྱི་སྐད་རིགས་ཤིག་རེད་ཅེས་བརྗོད་ཡོད།


བརྡ་འགྲེལ་གདོང་འཛར།

སྒྲ་རིག་པ། ཧྥ་རན་སེའི་སྐད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-04

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།