ལས་མཁོའི་དཔེ་དེབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་མཁོའི་དཔེ་དེབ།
ལས་མཁོའི་དཔེ་དེབ་ནི་ཅུང་ཆ་ཚང་བའི་དཔྱད་ཡིག་མཉམ་བསྡུས་ཀྱིས་གསལ་བྱེད་ཀྱི་གོ་རིམ་མམ་ཡང་ན། རིགས་དབྱེའི་རྣམ་པ། བརྗོད་གཞི། ལོ་ཚིགས། ས་གནས་སོགས་ངེས་གཏན་གྱི་ཐབས་ཤེས་ལས་རིམ་སྒྲིག་བྱས་ནས་དོགས་གནད་དང་དཀའ་གནད་འཕྲད་སྐབས་རྩད་འཚོལ་བྱེད་པར་སྤྱོད་པའི་དཔེ་དེབ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工具书
1 ངོ་སྤྲོད།

ལས་མཁོའི་དཔེ་དེབ་ནི་ཅུང་ཆ་ཚང་བའི་དཔྱད་ཡིག་མཉམ་བསྡུས་ཀྱིས་གསལ་བྱེད་ཀྱི་གོ་རིམ་མམ་ཡང་ན།  རིགས་དབྱེའི་རྣམ་པ།  བརྗོད་གཞི།  ལོ་ཚིགས།  ས་གནས་སོགས་ངེས་གཏན་གྱི་ཐབས་ཤེས་ལས་རིམ་སྒྲིག་བྱས་ནས་དོགས་གནད་དང་དཀའ་གནད་འཕྲད་སྐབས་རྩད་འཚོལ་བྱེད་པར་སྤྱོད་པའི་དཔེ་དེབ་ལ་ཟེར་བ་ཡིན།  དུས་རྒྱུན་ང་ཚོར་ཀློག་མི་ཤེས་པ་དང་དོན་མི་ཤེས་པའི་ཡི་གེ་དང་མིང་ཚིག་ལ་ཐུག་སྐབས་ཚང་མས་ལས་མཁོའི་དཔེ་དེབ་ཀྱི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད།  ཕུལ་བྱུང་གི་ལས་མཁོའི་དཔེ་དེབ་ཅིག་ཡིན་ཕྱིན་དེའི་ནང་ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཉིང་བཅུད་བསྡུ་རུབ་དགོས་ལ།  ད་དུང་དཔེ་སྐྲུན་བྱེད་སྐབས་ཀྱི་དུས་རབས་དེའི་ཚན་རིག་ལག་རྩལ་དང་རིག་གཞུང་ཞིབ་འཇུག་གི་འབྲས་བུ་ཡང་ཚོར་སྣང་དགོས།  དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་རྗེས་གློག་རྡུལ་དཔེ་སྐྲུན་ཐོན་པ་ནས་བཟུང་ཀྲུང་གོས་ཀྱང་གློག་རྡུལ་གྱི་རྣམ་པའི་ལས་མཁོའི་དཔེ་དེབ་མང་པོ་པར་འགྲེམས་བྱས་ཡོད།


བརྡ་འགྲེལ་གདོང་འཛར།

སློབ་གསོ། ལག་ཆ། ལས་མཁོའི་དཔེ་དེབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-04

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།