ཁ་སྒང་མ་ཎི་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་འགོ་གངས་དང་ཆོས་ཁུངས་རྒྱ་གར་ལ་ཐུག་པའི་དཔེ་བཞིན་རང་ཅག་གི་དད་ལྡན་ཕོ་མོས་ད་ལྟ་གསུང་བཞིན་པའི་མ་ཎི་དང་། རྒྱལ་དབང་པདྨའི་རིང་ལུགས་ལ་དད་པའི་སྤུ་ལོང་ལྡང་ཞིང་སྤྱི་བོའི་གཙུག་ཏུ་བཀུར་བའི་ཕ་མའི་བརྒྱུད་ཀྱི་ཕྱག་རྒྱུན་ངེས་པ་དོན་གྱིས་གཉེར་བ་དང་། སྔ་མོ་ཉིད་ནས་དཔལ་ལུང་ཁ་སྒང་གི་སའི་ཆར་ཤཱཀྱ་ཐུབ་པའི་གདུང་རྒྱུད་དུ་གྲགས་པའི་ཤཱཀྱ་བུ་རྒྱུད་ཀྱི་སྡེ་གྲོང་དེར། བདག་ཅག་གི་ཡང་མེས་སུ་འབོད་ཅིང་སྐྱབས་མགོན་ཚོགས་དྲུག་རང་གྲོལ་མཆོག་གི་ཐུགས་ཀྱི་སྲས་སུ་གྱུར་ལ། རྒྱལ་དབང་པདྨའི་རིང་ལུགས་འཛིན་པའི་བསྟན་འཛིན་རྒྱུ་སྐར་ཕྲེང་བ་ཚར་དུ་དངར་བའི་དབུས་ན་ཉ་རྒྱས་ཟླ་བ་བཞིན་དུ་ལུང་དང་རྟོགས་པའི་ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཨ་ཁུ་གནམ་ཁོ་མཆོག་གིས་སྤྱི་ལོ1925ལོར་རབ་འོག་ནས་རི་སྤོ་སྐབས་མ་ཎི་དུང་ཕྱུར་འདིའང་གདན་དྲངས་ཏེ་ད་ལྟའི་ཁ་སྒང་སྡེ་བར་བཞེངས། རྗེས་སུ་དཔོན་པོ་དགེ་འདུན་གྱི་ཐུགས་བཀོད་ལྟར་སྤྱི་ལོ1953ལོར་བསྐྱར་བཞེངས་བྱས་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卡冈嘛呢康
བཞེངས་ལོ།
སྤྱི་ལོ1925ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ།
གནས་ཡུལ།
འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཆུ་འགོ་གངས་དང་ཆོས་ཁུངས་རྒྱ་གར་ལ་ཐུག་པའི་དཔེ་བཞིན་རང་ཅག་གི་དད་ལྡན་ཕོ་མོས་ད་ལྟ་གསུང་བཞིན་པའི་མ་ཎི་དང་། རྒྱལ་དབང་པདྨའི་རིང་ལུགས་ལ་དད་པའི་སྤུ་ལོང་ལྡང་ཞིང་སྤྱི་བོའི་གཙུག་ཏུ་བཀུར་བའི་ཕ་མའི་བརྒྱུད་ཀྱི་ཕྱག་རྒྱུན་ངེས་པ་དོན་གྱིས་གཉེར་བ་དང་། སྔ་མོ་ཉིད་ནས་དཔལ་ལུང་ཁ་སྒང་གི་སའི་ཆར་ཤཱཀྱ་ཐུབ་པའི་གདུང་རྒྱུད་དུ་གྲགས་པའི་ཤཱཀྱ་བུ་རྒྱུད་ཀྱི་སྡེ་གྲོང་དེར། བདག་ཅག་གི་ཡང་མེས་སུ་འབོད་ཅིང་སྐྱབས་མགོན་ཚོགས་དྲུག་རང་གྲོལ་མཆོག་གི་ཐུགས་ཀྱི་སྲས་སུ་གྱུར་ལ། རྒྱལ་དབང་པདྨའི་རིང་ལུགས་འཛིན་པའི་བསྟན་འཛིན་རྒྱུ་སྐར་ཕྲེང་བ་ཚར་དུ་དངར་བའི་དབུས་ན་ཉ་རྒྱས་ཟླ་བ་བཞིན་དུ་ལུང་དང་རྟོགས་པའི་ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཨ་ཁུ་གནམ་ཁོ་མཆོག་གིས་སྤྱི་ལོ1925ལོར་རབ་འོག་ནས་རི་སྤོ་སྐབས་མ་ཎི་དུང་ཕྱུར་འདིའང་གདན་དྲངས་ཏེ་ད་ལྟའི་ཁ་སྒང་སྡེ་བར་བཞེངས། རྗེས་སུ་དཔོན་པོ་དགེ་འདུན་གྱི་ཐུགས་བཀོད་ལྟར་སྤྱི་ལོ1953ལོར་བསྐྱར་བཞེངས་བྱས། སྤྱི་ལོ1958ལོར་མ་ཎི་ཁང་གི་ཁང་བ་དང་། མ་ཎིའི་གཟུངས་གཞུག་མ་གཏོགས་རྟེན་གཞན་རྣམས་བཅོམ་བརླག་གི་བསྐལ་ངན་བྱུང་བས་རེ་ཞིག་ལ་ཆོས་སྤྱོད་ཀྱི་བྱ་བ་མཚམས་མི་འཇོག་ཐབས་མེད་བྱུང་། ཡིན་ན་ཡང་བསྐལ་བཟང་རྫོགས་ལྡན་གསར་བའི་ཉིན་བྱེད་ཀྱི་འོད་སྟོང་མཁའ་ནས་འཕྲོས་ཏེ་ཆོས་དད་རང་དབང་གི་འདབ་སྟོང་ཀུན་ནས་འཛུམ་པས་སྤྱི་ལོ་1981ལོར་སྡེ་དམངས་ཡོངས་ཀྱིས་ཤོག་སྒོར་ཁྲི100ལྷག་གིས་མཐུན་རྐྱེན་བསྐྲུན་ནས་མ་ཎི་ཁང་དང་། རྟེན་བཞེངས་རྒྱ་ཆེན་པོ་བྱས་ཡོད། མ་ཎིའི་གཟུངས་གཞུག་ནི་ཐོག་མའི་གཟུངས་གཞུག་ཡིན།

ནང་རྟེན་ལ་མ་ཎི་དུང་ཕྱུར་བཞི་དང་། གུ་གུ་སིདྷཱུ་དུང་ཕྱུར་གཅིག བཀའ་བསྟན་འགྱུར། རྗེ་གསུངས་འབུམ། ཡུམ་དུམ་པ་བཅུ་གཉིས། ཏིང་འཕགས་བསྐལ་གསུམ། གཟུངས་འདུས་སོགས་བཞུགས། སྐུ་ལ་ཚེ་ལྷ་རྣམ་དྲུག་དང་། རིགས་གསུམ་མགོན་པོ། གདུགས་དཀར། གུ་རུ་མཚན་བརྒྱད། སྒྲོལ་མ། འོད་དཔག་མེད། རྗེ་རིན་པོ་ཆེའི་འབག་སྐུ། ཨ་ལགས་ཆེ་བ་ཚང་གི་སྐུ་གདུང་མཆོད་རྟེན། རྗེ་བཙུན་བྱམས་པ་དང་། རྟ་མགྲིན་སེང་གདོང་། རྗེ་བཙུན་མ། རྡོ་རྗེ་སེམས་དཔའ་བཅས་ཀྱི་འབག་སྐུ་བཞེངས་ཡོད། གྱན་ཐང་ལ། གནས་བསྟན་བཅུ་དྲུག་གི་གྱན་ཐང་དང་། འོད་དཔག་མེད་ཀྱི་གྱན་ཐང་། ཐུགས་རྗེ་ཆེན་པོའི་ཞིང་བཀོད། སྒྲོལ་མའི་ཞིང་བཀོད། ཤམ་པ་ལའི་ཞིང་བཀོད། རྗེ་བཙུན་མའི་ཞིང་བཀོད། སྐྱེས་ལྷ་ཀྱེ་ཕུར་རྫ་རྒན་སོགས་ཀྱི་གྱན་ཐང་བཞེངས་ཡོད།

མ་ཎི་ཁང་འདི་ལ་ཐོག་མར་ཐར་ཤུལ་དགེ་རྒན་ཚང་གིས་རབ་གནས་མཛད་ནས་སྔ་རྗེས་སུ་ཨ་ལགས་ཨ་རོལ་ཚང་དང་། ལ་མོ་ཞབས་དྲུང་ཚང་། རྡོ་སྦིས་དགེ་བཤེས་ཚང་། སྐུ་འབུམ་དགེ་བཤེས་ཚང་། ལཱ་མོ་ཡོངས་འཛིན་ཚང་། ཨ་ལགས་ཤར་གདོང་ཚང་། ཨ་ལགས་གསེར་ཁྲི་ཚང་། ཤར་སྐལ་ལྡན་རྒྱ་མཚོ་ཚང་། ཁམས་ཆེན་ཞི་བ་འཚོ་སྐུ་ཕྲེང་སྔོན་མ་ཚང་སོགས་གནས་འདིར་ཞབས་ཀྱིས་བཅགས་ཤིང་རབ་གནས་མཛད་ཡོད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།