སྨན་ཁང་བ་ངག་དབང་ཆོས་འཕེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨན་ཁང་བ་ངག་དབང་ཆོས་འཕེལ་ནི་གཙང་ཁུལ་དུ་ཡབ་དར་རྒྱས་དང་ཡུམ་ཚེ་རིང་བསམ་འགྲུབ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་སྤྱི་ལོ1635ལོར་འཁྲུངས། དགུང་ལོ་ལྔའི་སྟེང་ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་དྲུང་དུ་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཅིག་པར་ཤེལ་དཀར་ཆོས་སྡེར་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དགུང་ལོ་བཅོ་བརྒྱད་པར་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1635-1707)
འཁྲུངས་ཡུལ།
གཙང་ཁུལ།
ཡབ།
དར་རྒྱས།
ཡུམ།
ཚེ་རིང་བསམ་འགྲུབ།
1 ​ངོ་སྤྲོད།

སྨན་ཁང་བ་ངག་དབང་ཆོས་འཕེལ་ནི་གཙང་ཁུལ་དུ་ཡབ་དར་རྒྱས་དང་ཡུམ་ཚེ་རིང་བསམ་འགྲུབ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་སྤྱི་ལོ1635ལོར་འཁྲུངས། དགུང་ལོ་ལྔའི་སྟེང་ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་དྲུང་དུ་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཅིག་པར་ཤེལ་དཀར་ཆོས་སྡེར་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དགུང་ལོ་བཅོ་བརྒྱད་པར་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་དགུ་བར་རྟ་ནག་པ་དམ་ཆོས་རྒྱལ་མཚན་པ་ནས་བྱང་ཆུབ་ལམ་རིམ་སོགས་ཀྱི་བཤད་ལུང་གསན། དགུང་ལོ་ཉེར་བཞི་བར་མཁན་པོ་བཀྲ་ཤིས་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་བསྒྲུབ། དགུང་ལོ་སོ་གཉིས་པར་ངམ་རིང་ཆོས་སྡེར་གྲྭ་སྐོར་མཛད། དགུང་ལོ་སོ་གསུམ་པར་རྒྱལ་བའི་བཀའ་འགྱུར་ཁོངས་འབུམ་པོད་བཞི་དང་། ཤེས་རབ་ཁྲི་བ་སོགས་པོད་འགའ་ཐུགས་འཛིན་གྱིས་ཚོགས་གཞུང་ལ་རྒྱུགས་འབུལ་མཛད། དགུང་ལོ་སོ་བཞི་བར་ལོ་ཤས་རིང་དགོན་པ་ཞིག་གསོའི་ཕྱག་ལས་འགན་བཞེས། དགུང་ལོ་ཞེ་གཉིས་ནས་ལོ་ཤས་རིང་ཁ་ཟས་རགས་པ་རྒྱུན་གཅོད་མཛད་དེ་མཚམས་སྒོ་ལྡག་འབྱར་གྱིས་སྐུ་མཚས་ལ་བཞུགས། དགུང་ལོ་ཞེ་བདུན་པར་དགེ་སློང་དོན་འགྲུབ་དང་ལྷན་དུ་རྟ་ནག་ཏུ་ཕེབས་ནས་རྗེ་དམ་ཆོས་རྒྱལ་མཚན་དང་མཇལ། དེ་ནས་དབུས་སུ་ཕེབས་ནས་སེ་འབྲས་དང་རྭ་སྒྲེང་། ལྷོ་དྭགས་སོགས་ལ་གནས་མཇལ་དུ་ཕེབས། དེ་ནས་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས། སྟོད་ཁུལ་རྗེ་བཙུན་མི་ལའི་སྒྲུབ་གནས་ཆུ་དབར་བྲག་དམར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། དགའ་ལྡན་ཆོས་འཕེལ་དུ་གསུང་ཆོས་མང་དུ་གནང་། ཤེལ་དཀར་དགོན་སོགས་ལ་རྟེན་བཞེངས་ཀྱི་བྱ་བ་རྒྱ་ཆེར་མཛད། མཐར་དགུང་ལོ་དོན་གསུམ་སྟེ་མེ་ཕག་སྤྱི་ལོ1707ལོར་སྐུ་གཤེགས།

2 བརྩམས་ཆོས།

ཁོང་གི་བརྩམས་ཆོས་ནི《འཁྲུངས་རབས་གསོལ་འདེབས་གསང་བ་དྲི་མེད》《ངོ་མཚར་མེད་ཀྱང་ངག་དབང་ཆོས་འཕེལ་གྱི་བྱ་ཕྲན་ཁྱུང་རྗེས་རྙོག་འདྲའི་རྣམ་ཐར》《འཆལ་གཏམ་ཚིག་ལ་མགུར་བཏགས་ཚིག་ཕྲེང་ལས་ཤིང་བྱི་མཚམས་སྒོ་ལྡག་འབྱར་ལ་བཞུགས་སྐབས་རང་གི་སེམས་ཉིད་དགའ་བའི་གླུ་དང་བུ་སློབ། སྦྱིན་བདག་བཅས་ལ་ཞལ་གདམས་བསླབ་བྱ》བཅས་སོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།